མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་ཟུར་ཊོམ་ཕུ་མཆོག་ལ་མེ་མདས་བརྒྱབ་ཡོད་ཀྱང་སྐྱོན་ཆེན་པོ་མི་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༧/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་སྲིད་འཛིན་ཟུར་པ་ཊོམ་ཕུ་མཆོག་ལ་ལྐོག་མདས་བརྒྱབ་སྟེ་རྣ་བ་གཡས་པར་རྨས་སྐྱོན་བཟོས་འདུག

In a statement on his Truth Social network, Trump said a bullet grazed the “upper part” of his right ear, causing bleeding. (AP Photo)

ཁ་སང་ཕྱི་ཚེས་ ༡༣ ཉིན་ཨ་རིའི་མངའ་སྡེ་པེན་སིལ་ཝ་ནི་ཡའི་་(Pennsylvania)གྲོང་ཁྱེར་བྷཌ་ལིར་(butler)།  ཨ་རིའི་སྲིད་འཛིན་ཟུར་པ་ཊོམ་ཕུ་མཆོག་གིས་སྲིད་འཛིན་གྱི་འོས་བསྡུའི་དྲིལ་བསྒྲགས་གནང་སྐབས། རང་ལོ་ ༢༠ ཙམ་ཡིན་པའི་ཊོ་མ་སི་མ་ཐུ་(Thomas Matthew Crooks)ཞེས་པའི་ན་གཞོན་ཞིག་གིས། ལྐོག་མདའ་འཕངས་ཏེ་ཁོང་གི་རྣ་བ་གཡས་པར་རྨས་སྐྱོན་བཟོས་ཡོད་པ་དང་། ཁོང་གི་འགྲམ་གྱི་མི་ཞིག་ལ་མེ་མདའ་ཕོག་སྟེ་བསད་ཡོད་འདུག་ལ། མེ་མདའ་འཕེན་མཁན་དེ་ཡང་འདས་གྲོངས་སུ་ཕྱིན་ཟིན་སྐོར་བསྒྲགས་འདུག

ཨ་རིའི་སྲིད་འཛིན་ཟུར་པ་ཊོམ་ཕུ་མཆོག་གིས། ཁོང་གི་རྣ་བ་གཡས་པར་མེ་མདའ་ཕོག་ཡོད་པ་དང་།  དོན་རྐྱེན་དེའི་ཁྲོད་ཚེ་སྲོག་ཤོར་བའི་མི་དེའི་ནང་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཡོད། ང་ཚོའི་རྒྱལ་ཁབ་ནང་དེ་འདྲའི་དོན་རྐྱེན་བྱུང་བར་ཡིད་ཆེས་བྱེད་མི་ཐུབ་པ་ཞིག་རེད་འདུག ཅེས་གསུངས་འདུག་ལ། སྲིད་འཛིན་ཟུར་པ་ཊོམ་ཕུ་མཆོག་གི་རྣ་བར་་སྨན་བཅོས་བྱེད་བཞིན་ཡོད་འདུག

དེ་འབྲེལ་ཨ་རིའི་སྲིད་འཛིན་བྷའེ་ཌིན་མཆོག་གིས། ཨ་རིའི་ནང་དོན་རྐྱེན་དེ་འདྲ་བྱུང་བར་ཐུགས་ཕམ་ཡོད་སྐོར་དང་། རྒྱུ་མཚན་དེ་ལ་བརྟེན་ནས་ཚང་མ་གཅིག་སྒྲིལ་དགོས་པ་དང་། དོན་རྐྱེན་དེ་འདྲ་མི་འབྱུང་བར་འབད་དགོས་སྐོར་དང་། ད་ལྟའི་ཆར་ཁོང་ཉིད་བདེ་པོ་ཡིན་སྐོར་སོགས་གསུངས་འདུག་ལ། ཨ་རིའི་མི་མང་དང་ཨ་རིའི་སྲིད་འཛིན་གཞོན་པ། སྲིད་འཛིན་གཞོན་པ་ཟུར་པ་སོགས་ཀྱིས་སྲིད་ཟུར་མཆོག་གང་མགྱོགས་དྲག་སྐྱེད་ཡོང་བའི་སྨོན་ལམ་འདེབས་ཀྱི་ཡོད་སྐོར་སོགས་གསུངས་འདུག

དེ་འབྲེལ་ཨ་རིའི་དབུས་ཞིབ་དཔྱོད་ལས་ཁུངས་ཀྱི་དམིགས་བསལ་གསང་བའི་ལས་བྱེད་ཀེ་ཝིན་རོག་ཇེ་ (Kevin Rojek) ལགས་ཀྱིས། ད་ལྟའི་ཆར་མེ་མདས་བརྒྱབ་པའི་དམིགས་ཡུལ་གཙོ་བོ་ག་རེ་ཡིན་མིན་ཐད་ལ་རྟོག་ཞིབ་བྱེད་མུས་ཡིན་པ་དང་། མི་དེའི་རིགས་རྫས་མཁོ་སྒྲུབ་བྱས་ཏེ། མི་དེ་སུ་ཡིན་མིན་ཁ་གསལ་ཤེས་རྟོགས་ཐུབ་པ་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་འདུག

དོན་རྐྱེན་དེའི་རྐྱེན་གྱིས་ཁོང་གི་རྒྱབ་སྐྱོར་རྣམས་ཀྱིས་དམངས་གཙོ་ཚོགས་པའི་དྲིལ་བསྒྲགས་བྱེད་བཞིན་པར་བཀག་སྡོམ་བྱེད་བཞིན་འདུག་ལ། འབྱུང་འགྱུར་ཆབ་སྲིད་ཀྱི་རྩོད་རྙོག་ཤུགས་ཆེན་འབྱུང་ཉེན་ཡོད་པའི་ཚོད་དཔག་བྱེད་ཀྱི་འདུག གཞན་ཡང་ཆབ་སྲིད་ཚན་རིག་གི་སློབ་དཔོན་ཨིག་བྷལ་ (Zaryab Igbal) གྱིས། དོན་རྐྱེན་དེའི་རྐྱེན་གྱིས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་ཆབ་སྲིད་ཀྱི་ཁེ་ཕན་ཐོག་ལ་ཤུགས་རྐྱེན་དམིགས་བསལ་སྤྲོད་ཀྱི་མེད་པ་དང་། འོས་བསྡུའི་གྲུབ་འབྲས་ལའང་ཁྱད་པར་བཟོ་ཡི་མེད་སྐོར་སོགས་བརྗོད་འདུག

དེ་སྔ་ཨ་རིའི་སྲིད་འཛིན་ཁག་ཅིག་ལ་ལྐོག་གསོད་བྱས་པའི་དོན་རྐྱེན་མང་པོ་བྱུང་ཡོད་པ་རེད། དེ་ཡང་ཕྱི་ལོ་ ༡༨༦༥ ལོར་ཨ་རིའི་སྲིད་འཛིན་ཨབ་ར་ཧམ་ (Abraham Lincoln) མཆོག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་འཁྲབ་སྟོན་གཟིགས་བཞིན་པའི་སྐབས། ཁོང་གི་མགོ་ལ་མེ་མདའ་བརྒྱབ་སྟེ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག སྐབས་དེར་སྨན་ཁང་དུ་སྨན་བཅོས་བྱས་ཀྱང་ཕྱི་ཉིན་ཞོགས་པར་འདས་གྲོངས་སུ་གྱུར་ཡོད་འདུག ཨ་རིའི་སྲིད་འཛིན་ཨབ་ར་ཧམ་ནི་ཨ་རིའི་ལོ་རྒྱུས་ནང་སྲིད་འཛིན་ལྐོག་གསོད་བྱས་པ་ཐེངས་དང་པོ་ཆགས་ཀྱི་ཡོད་འདུག

 ཕྱི་ལོ་ ༡༨༨༡ ལོར་ཨ་རིའི་སྲིད་འཛིན་ཇེམ་སི་ (James Garfield) མཆོག་ཝ་ཤིང་ཊོན་ནས་མེ་འཁོར་བརྒྱུད་འགྲིམ་འགྲུལ་བྱེད་བཞིན་པའི་སྐབས། མི་ཞིག་གིས་མེ་མདའ་བརྒྱབ་སྟེ་རྨས་སྐྱོན་ཚབས་ཆེན་ཕོག ཟླ་བ་གཉིས་དང་ཕྱེད་ཀའི་རྗེས་སུ་ཁོང་ཉིད་ཨ་རིའི་མངའ་སྡེ་ནེའུ་ཇར་སི་རུ་འདས་གྲོངས་སུ་ཕྱིན་འདུག གཞན་ཡང་། ༡༩༠༡ ལོར་ཨ་རིའི་སྲིད་འཛིན་ཝི་ལི་ཡམ་ (William McKinley) མཆོག་གིས་ནེའུ་ཡོག་གྲོང་ཁྱེར་དུ་ས་གནས་མང་ཚོགས་ལ་གཏམ་བཤད་གནང་བའི་རྗེས་སུ། ཁོང་གི་བྲང་ཁོག་ཏུ་མེ་མདའ་བརྒྱབ་པར་བརྟེན། སྨན་ཁང་དུ་སྨན་བཅོས་བྱས་ཀྱང་དྲག་སྐྱེད་བྱུང་མེད་པས་འདས་གྲོངས་སུ་ཕྱིན་ཡོད་པ་རེད།

 ཕྱི་ལོ་ ༡༩༦༣ ལོར་ཨ་རིའི་སྲིད་འཛིན་ཁེ་ནི་ཌི་ (John Kennedy) མཆོག་ཊེག་སི་སི་ (Texas) མངའ་སྡེའི་དྷ་ལ་སི་ (Dallas) གྲོང་ཁྱེར་དུ་རླངས་འཁོར་བརྒྱུད་འགྲིམ་འགྲུལ་བྱེད་བཞིན་པའི་སྐབས། མི་ཞིག་གིས་མེ་མདའ་བརྒྱབ་སྟེ་བསད་ཡོད་འདུག ཕྱི་ལོ་ ༡༩༦༨ ལོར་ཨ་རིའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་རོ་བྷར་ཌི་ (Robert Kennedy) ལགས་ཨ་རིའི་ཁེ་ལི་ཧྥོར་ནི་ཡའི་མངའ་སྡེ་རུ་འོས་བསྡུའི་དྲིལ་བསྒྲགས་བྱེད་བཞིན་པའི་སྐབས། ཁོང་ལ་མེ་མདའ་ཐེངས་གསུམ་བརྒྱབ་སྟེ་དཀྲོངས་ཡོད་པ་རེད། གཞན་ཡང་། ཕྱི་ལོ་ ༡༩༨༡ ལོར་ཨ་རིའི་སྲིད་འཛིན་རོ་ནལ་ཌི་ (Ronald Reagan) མཆོག་གིས་ཝ་ཤིང་ཊོན་དུ་གཏམ་བཤད་གནང་རྗེས་ལོག་བཞིན་པའི་སྐབས། མི་ཞིག་གིས་མེ་མདའ་བརྒྱབ་སྟེ་རྨས་སྐྱོན་ཚབས་ཆེན་ཕོག་ཀྱང་། སྨན་ཁང་དུ་སྨན་བཅོས་བྱས་ཏེ་དྲག་སྐྱེད་ཕྱིན་ཡོད་པ་རེད།

ཨ་རིའི་སྲིད་འཛིན་ཟུར་པ་ཊོམ་ཕུ་མཆོག་ཕྱི་ལོ་ ༢༠༠༠ དང་ ༢༠༡༡ ལོར་ཨ་རིའི་སྲིད་འཛིན་གྱི་འོས་མིར་ལངས་ཡོད་ཀྱང་ཕྱིས་སུ་ཕྱིར་འཐེན་བྱས་ཡོད་འདུག་ལ། ཕྱི་ལོ་ ༢༠༡༦ ལོར་ཨ་རིའི་སྲིད་འཛིན་གྱི་འོས་མིར་ལངས་ཏེ་འོས་བསྡུའི་རྒྱལ་ཁ་ཐོབ་ནས་ཨ་རིའི་སྲིད་འཛིན་དུ་འདེམས་ཐོན་བྱུང་ཡོད་པ་རེད། ༢༠༢༠ ལོར་བསྐྱར་དུ་སྲིད་འཛིན་འོས་མིར་ལངས་ཡོད་ཀྱང་འོས་བསྡུར་ཕམ། ད་ལན་བསྐྱར་དུ་སྲིད་འཛིན་གྱི་འོས་མིར་ལངས་ཏེ་འོས་བསྡུའི་དྲིལ་བསྒྲགས་བྱེད་མུས་ཡིན་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese