མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་གི་རྐང་སྤོལ་རྩེད་འགྲན་ཆེན་པོ་གཉིས་མཇུག་བསྡུས།

བོད་ཀྱི་དུས་བབ།
༢༠༢༤/༠༧/༡༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་ཟླ ༧ ཚེས་ ༡༥ ཉིན་འཇར་མན་དུ་བསྡུས་པའི་རྒྱལ་སྤྱིའི་ཡུ་རོབ་སྐྱེས་པའི་རྐང་རྩེད་སྤོ་ལོའི་འགྲན་ཚོགས་(UEFA Euro 2024) ཀྱི་རྟིང་རྩོད་རྒྱལ་ཁ་དེ་སི་པན་རུ་ཁག་གིས་བླངས་ཡོད་པ་དང་། ཨ་རིར་བསྡུས་པའི་རྒྱལ་སྤྱིའི་ཁོ་པ་ཨ་མེ་རི་ཁ་རྐང་རྩེད་སྤོ་ལོའི་འགྲན་ཚོགས་ (2024 Copa América) དེ་སླར་ཡང་ཨན་ཇན་ཊི་ན་ཡིས་བཀྱགས་སོང་།

Winners of 2024 Copa América and 2024 European Championships.

འདི་ལོའི་ཡུ་རོབ་རྩེད་འགྲན་ཁྲོད། རང་ལོ་བཅུ་བདུན་ཡིན་པའི་ཡ་མལ་(Yamal) ལ་རྩེད་འགྲན་པ་ལོ་ན་ཆུང་ཤོས་ཀྱི་བྱ་དགའ་ཐོབ་ཡོད་པ་དང་། སི་པན་རུ་ཁག་གི་བར་སྲུང་བ་རོ་ཌི་(Rodri) ལ་ཕུལ་བྱུང་རྩེད་འགྲན་པའི་བྱ་དགའ། ཧྥ་རན་སིའི་སྒོ་ར་བ་མེ་ཡ་ཀི (Mike Maignan) ལ་སྒོ་ར་བ་ཡག་ཤོས་ཀྱི་བྱ་དགའ་བཅས་ཐོབ་སོང་། དེ་བཞིན་འདི་ལོའི་ཁོ་པ་ཨ་མེ་རི་ཁའི་རྐང་རྩེད་སྤོ་ལོའི་འགྲན་ཚོགས་ཁྲོད། ཨར་ཇན་ཊི་ནའི་སྒོ་ར་བ་མ་ཊི་ནོ་སི་( Emiliano Martínez) ལ་སྒོ་ར་བ་ཡག་ཤོས་དང་།  ཨར་ཇན་ཊི་ནའི་རྩེད་འགྲན་པ་ཧྥ་ནན་ཌ་སི་མ་ཊི་ན་སི་(Martinez) སྤོ་ལོ་མང་ཤོས་ལྡུག་མཁན།  ཁོ་ལོམ་བྷི་ཡའི་རུ་དཔོན་ཇེམ་སི་(James Rodriguez) ལ་ཕུལ་བྱུང་རྩེད་འགྲན་པའི་བྱ་དགའ་བཅས་ཐོབ་སོང་།

སྤྱིར་མེ་སི་ཡིས་སྣེ་ཁྲིད་པའི་རུ་ཁག་གིས་འདི་ལོར་སླར་ཡང་ཁོ་པ་ཨ་མེ་རི་ཁའི་རྩེད་འགྲན་ལས་རྣམ་པར་རྒྱལ་ཡོད་ཀྱང་། ཁོའི་རྐང་པར་རྨས་སྐྱོན་ཐེབས་ནས་རྩེད་འགྲན་གཅིག་གི་ནང་མཉམ་ཞུགས་ཐུབ་མེད་པའི་ཁར། དེ་རིང་རྟིང་རྩོད་ཁྲོད་སླར་ཡང་རྐང་པར་རྨས་སྐྱོན་ཐེབས་ནས་སྐར་མ་དྲུག་ཅུ་རེ་དྲུག་སྟེང་རྩེད་འགྲན་ལས་བུད་དགོས་ཁེལ་ཡོད་པ་རེད། ཉེ་ལམ་ཧྥོག་སི་རྩེད་རིགས་ (Fox Sports) གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། མེ་སི་ཡི་ད་ལྟའི་གཟུགས་པོའི་གནས་བབ་དང་། རྐང་སྤོལ་སྒྱུ་རྩལ། དེ་བཞིན་རྩེད་འགྲན་ཁག་གི་གནས་བབ་བཅས་དང་། ལྷག་པར་༢༠༢༦ ལོའི་རྒྱལ་སྤྱིའི་རྐང་སྤོལ་འགྲན་ཚོགས་སྐབས་ཁོང་ལོ་ ༣༩ ལས་མིན་པས། ཁོས་འདི་ལོའི་ཁོ་པ་ཨ་མེ་རི་ཁའི་རྩེད་འགྲན་ཙམ་དུ་མ་ཟད། ཕྱི་ལོ་ ༢༠༢༦ ལོར་མེག་སི་ཁོ་དང་། ཨ་རི། ཁེ་ན་ཌ་བཅས་མཉམ་རུབ་ཀྱིས་གོ་སྒྲིག་བྱ་རྒྱུའི་རྒྱལ་སྤྱིའི་སྐྱེས་པའི་རྐང་སྤོལ་རྩེད་འགྲན་ཁྲོད་དུའང་ཞུགས་རྒྱུ་ཡིན་པའི་ཚོད་དཔག་བྱས་འདུག

འཛམ་གླིང་རྩེད་རིགས་དཔྱད་བརྗོད་སྤེལ་ས་ (sportskeeda )  ཟེར་བ་ཞིག་གིས་འདི་ལོའི་ཁོ་པ་ཨ་མེ་རི་ཁའི་རྐང་སྤོལ་ཐད་ལ་དཔྱད་བརྗོད་ཅིག་བྱས་པའི་ནང་། ཐོག་མའི་རྩེད་འགྲན་གྱི་རིམ་པ་དང་། རྩེད་འགྲན་པ་རྣམས་ཀྱི་ནུས་རྩལ་དང་དྲག་འདེམས་ཀྱི་རིམ་པ། རུ་ཁག་སྤྱི་ཡོངས་ཀྱི་རྩེད་འགྲན་པ་རྣམས་ལ་གཞིགས་ན། འདི་ལོའི་ཁོ་པ་ཨ་མེ་རི་ཁའི་རྩེད་འགྲན་དེ་ཐེངས་སྔ་མའི་རྩེད་འགྲན་དེའི་གསེར་འབུམ་བཀྱག་མཁན་ཨར་ཇན་ཊི་ལ་འཐོབ་རྒྱུའི་རེ་བ་བྱས་ཡོད་ལ། འདི་ལོའི་ཡུ་རོབ་རྐང་སྤོལ་འགྲན་ཚོགས་དེ་དབྱིན་ཡུལ་ལ་བརྒྱ་ཆ་ ༡༩།༩ དང་སི་པན་ལ་ ༩།༦ ལས་ཐོབ་རེ་བྱས་མེད་ཀྱང་། སི་པན་རུ་ཁག་གིས་རྣོ་ངར་ཆེན་པོས་རྩེད་འགྲན་བྱས་མཐར་རྣམ་པར་རྒྱལ་ཡོད་ཅིང་། རྩེད་རིགས་ཆེད་མཁས་པ་རྣམས་ཀྱིས། དྲ་ཐོག་སོགས་སུ་རྐང་རྩེད་དང་འབྲེལ་བའི་གནད་དོན་མང་པོ་ཞིག་དབྱེ་ཞིབ་དང་ཚ་གླེང་བྱས་ཡོད་ཀྱང་།  མཚམས་ལན་རེར་བསམ་ཡུལ་ལས་འདས་པའི་གྲུབ་འབྲས་ཀྱང་ཐོན་གྱི་ཡོད་པ་རེད།

ཕྱི་ལོ་ ༡༩༢༨ ལོར་ཡུ་རོབ་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་མྱུ་གུ་ཐོག་མར་འབུས་ཡོད་ཀྱང་། ཕྱི་ལོ་ ༡༩༦༠ ལོར་རྩེད་འགྲན་ཐོག་མ་བྱེད་མགོ་བཙུགས། དེ་ནས་བཟུང་ལོ་བཞི་རེའི་མཚམས་སུ་ལོ་ལྟར་རྩེད་འགྲན་དེ་བསྡུ་ཡི་ཡོད་ལ། ཡུ་རོབ་ཀྱི་རྒྱལ་ཁབ་འཇར་མན་ལ་ཐེངས་གསུམ་དང་། སི་པན་ལ་ཐེངས་བཞི། ཧྥ་རན་སི་ལ་ཐེངས་གཉིས། ཨི་ཊ་ལི་ཐེངས་གཉིས་བཅས་ཀྱི་རྒྱལ་ཁ་ཐོབ་འདུག དེ་བཞིན་ཕྱི་ལོ་ ༢༠༢༨ ལོའི་ཡུ་རོབ་ཀྱི་རྐང་སྤོལ་འགྲན་ཚོགས་དེ་དབྱིན་ཡུལ་དང་།  ཨ་རི་ལེན་ཌི་དང་། ཕྱི་ལོ་ ༢༠༣༢ ལོར་ཨི་ཊ་ལི་དང་། ཏུར་ཀི་བཅས་ཀྱིས་གོ་སྒྲིག་བྱ་རྒྱུ་ཡིན་འདུག

ཕྱི་ལོ་ ༡༩༡༦ ཙམ་ནས་ཁོ་པ་ཨ་མེ་རི་ཁའི་རྩེད་འགྲན་ཐོག་མར་རྩེ་མགོ་བཙུགས་ཡོད་ཅིང་།  དེ་ནས་བཟུང་ལོ་བཞི་རེའི་མཚམས་སུ་ལོ་ལྟར་རྩེད་འགྲན་དེ་བསྡུ་ཡི་ཡོད་ལ། རྩེད་འགྲན་དེའི་ཁྲོད་ཨར་ཇན་ཊི་ན་དང་། ཡུ་རོ་གྷེ་གཉིས་ཀྱིས་ཐེངས་བཅོ་ལྔ་དང་། བྷི་ར་ཛིལ་ལ་ཐེངས་དགུ་ལ་རྟིང་རྩོད་འགྲན་ཚོགས་ལ་རྣམ་པར་རྒྱལ་ཡོད་ཅིང་། ཕྱི་ལོ་ ༢༠༢༨ ལོའི་རྩེད་འགྲན་དེ་པ་ན་མ་རྒྱལ་ཁབ་ཀྱིས་གོ་སྒྲིག་བྱ་རྒྱུ་ཡིན་འདུག

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

སྐར་མ ༢༢ སྔོན་ལ།
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

༢༠༢༦/༠༨/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese