མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་གཙང་པོའི་ཆག་འཇིག་ནི་ཨེ་ཤ་ཡའི་མི་གྲངས་དུང་ཕྱུར་༡།༣ གྱི་འཚོ་གནས་ལ་འབྲེལ་བ་ཡོད།

བོད་ཀྱི་དུས་བབ།
༢༠༢༤/༠༧/༡༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་ནང་གི་གཙང་པོ་དག་ལ་ཆུ་རགས་གསར་རྒྱག་གིས་ཨེ་ཤ་ཡའི་ལྷོ་རྒྱུད་རྒྱལ་ཁབ་དག་ལ་ཆུའི་འཇིགས་སྐུལ་བྱེད་ཉེན་ཡོད་སྐོར་རྗོད་ཀྱིན་འདུག

Friends of Tibet holds meet on climate change:Rivers of Tibet and Water wars in South Asia

དེ་རིང་རྒྱ་གར་གྱི་ཧཱམ་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་ཚེས་ ༡༥ ཉིན་བོད་ཀྱི་གྲོགས་པོ་ཚོགས་པའི་གོ་སྒྲིག་འོག རྒྱ་གར་ལྷོ་རྒྱུད་དུ་ཆགས་པའི་ཧེ་དྷ་ར་བྷ་ཐི་(Hyderabad) རུ་བོད་ཀྱི་གཙང་པོ་དང་ལྷོ་ཨེ་ཤ་ཡའི་ཆུའི་དམག་འཁྲུག་ (Rivers of Tibet and Water wars in South Asia)   ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་འདུ་འཛོམས་ཤིག་སྐོང་འཚོག་གནང་ཡོད་ཅིང་། འདུ་འཛོམས་དེའི་ཐོག་རྒྱ་གར་བ་བོད་ཀྱི་གྲོགས་པོ་ཉི་ཤུ་ཙམ་གྱིས་མཉམ་ཞུགས་གནང་ཡོད་འདུག

འདུ་འཛོམས་དེའི་ཐོག་བོད་དོན་རྒྱབ་སྐྱོར་བ་ཝི་ཊལ་ (Vittal Acharya) ལགས་ཀྱིས། ཨེ་ཤ་ཡའི་ནང་བཞུར་བའི་གཙང་པོ་ཆེ་ཤོས་ཁག་ནི་བོད་མཐོ་སྒང་ནས་མཆེད་ཀྱིན་ཡོད་ཅིང་། བོད་ནི་ཨེ་ཤ་ཡའི་ཆུ་མཛོད་ཡིན་པའི་ཁར། བོད་ནས་རྒྱ་གར་དང་བྷང་གྷ་ལར་བཞུར་མུས་ཡིན་པའི་འཛམ་གླིང་གི་གཙང་པོ་རིང་ཤོས་དགུ་པར་གྲགས་པའི་ཡར་ཀླུང་གཙང་པོ་དང་། བོད་ནས་རྒྱ་གར་བྱང་རྒྱུད་ནས་པ་ཀི་སི་ཐན་བརྒྱུད་ཨ་ར་བྷིག་(Arabian Sea)  རྒྱ་མཚོར་འདྲེས་པའི་སེངྒེ་ཁ་འབབ་གཙོས་བོད་མཐོ་སྒང་ནས་མཆེད་པའི་གཙང་པོ་དག་གི་གལ་གནད་དང་། ལྷག་པར་གཙང་པོ་དེ་དག་གི་དར་རྒུད་ནི་དེ་དག་གི་བཞུར་རྒྱུན་དུ་ཆགས་པའི་མི་རྣམས་ཀྱི་འཚོ་བའི་གནས་བབ་ལ་ཐད་ཀར་འབྲེལ་བ་ཡོད་པའི་སྐོར་དང་། འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་བོད་ནང་གི་གཙང་པོ་ཁག་ཏུ་བཙན་གྱིས་ཆུ་མཛོད་༨༥༠༠༠༠ ལྷག་གསར་རྒྱག་གིས་ཨེ་ཤ་ཡའི་ལྷོ་ཤར་ཁུལ་དུ་སྔར་མེད་ཀྱི་འཇིགས་སྐུལ་ཇི་ལྟར་བྱེད་ཀྱི་ཡོད་མེད་ཐད་ལ་གཏམ་བཤད་གནང་འདུག

དེ་བཞིན་བགྲོ་གླེང་དེའི་ཐོག་རྒྱ་ནག་གཞུང་གིས་བོད་ནང་གི་གཙང་པོ་དག་ལ་ཆུ་མཛོད་དང་། གློག་འདོན་ས་ཚིགས་སོགས་གསར་རྒྱག་གི་ལས་གཞི་མང་དག་ཅིག་སྤེལ་བར་བརྟེན། འཛམ་གླིང་གི་སྣེ་མོ་གསུམ་པར་འབོད་པའི་བོད་ཀྱི་གངས་རི་དང་འཁྱགས་རོམ་གྱི་ཞུ་ཚད་ཇེ་མགྱོགས་སུ་འགྲོ་མུས་དང་། བོད་ནང་ཆུ་ལོག་གཙོས་རང་བྱུང་ཁོར་ཡུག་ལ་འཇིག་པ་མང་དག་ཅིག་འབྱུང་དང་བྱུང་མུས་ཡིན་པའི་གནད་དོན་དང་འབྲེལ་བའི་དངོས་བྱུང་གློག་བརྙན་བསྟན་རྗེས། ཚོགས་ཞུགས་པ་རྣམས་ཀྱིས་ཇི་ལྟར་བོད་ཀྱི་གཙང་པོ་ལ་བདག་གཅེས་ཀྱིས་ཨེ་ཤ་ཡའི་ལྷོ་རྒྱུད་དུ་ཆུའི་འཇིག་པ་འགོག་སྲུང་གནང་ཐབས་དང་། བོད་ཀྱི་གཙང་པོ་དག་གི་གལ་གནད་སོགས་ཀྱི་ཐད་ལ་བསམ་ཚུལ་བརྗེ་རེས་དང་གྲོས་བསྡུར་གནང་སྟེ།  བོད་ཀྱི་གཙང་པོ་དག་ནི་རྒྱ་གར་གཙོས་ཨེ་ཤ་ཡའི་ལྷོ་རྒྱུད་རྒྱལ་ཁབ་དག་གི་ཆག་འཇིག་ལ་འབྲེལ་ལམ་ཟབ་པོ་ཡོད་པའི་ཐད་གོ་རྟོགས་གང་མང་སྤེལ་དགོས་པའི་སྐོར་གླེང་སློང་ཤུགས་ཆེན་གནང་འདུག

བོད་ནི་འཛམ་གླིང་གི་གཙང་པོ་ཆེ་ཁག་གི་མགོ་ཁུངས་དང་སྣེ་མོ་གསུམ་པ་རུ་འབོད་ཀྱིན་ཡོད་ཀྱང་། འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་བོད་ནང་གི་ས་གནས་མང་དག་ཅིག་ཏུ་ཆུ་རགས་གསར་རྒྱག་དང་། འཛུགས་སྐྲུན་གྱི་ལས་གཞི་མང་དག་ཅིག་སྤེལ་རྐྱེན། བོད་ནང་དུ་ཚ་དྲོད་འཕེལ་ནས། གངས་རི་དང་འཁྱག་རོམ་མགྱོགས་པོ་ཞུ་བ་མ་ཟད། ད་ལྟ་བོད་ནང་དུ་ཚ་ཚད་ལྡབ་འགྱུར་གྱིས་འཕར་ཡོད་སྟབས། བོད་ཀྱི་འཁྱག་རོམ་ཞུ་བ་དང་ཚ་ཚད་འཕར་བ་དེས། འཛམ་གླིང་ཁྱོན་ཡོངས་ཀྱི་ཚ་ཚད་འཕེལ་ཉེན་ཡོད་པ་མ་ཟད། ལྷག་པར་ཨེ་ཤ་ཡ་དང་ཁྱིམ་མཚེས་རྒྱལ་ཁབ་སོགས་སུའང་ཆུའི་གནོད་འཚེ་ཡོང་ཉེན་ཡོད་འདུག་ལ། རྒྱ་ནག་གཞུང་གིས་བོད་ཀྱི་གཙང་བོ་དང་རྒྱུག་ཆུ་ཁ་བསྒྱུར་དང་ཆུ་རགས་གསར་རྒྱག་སོགས་བྱས་པ་དེས། རྒྱ་གར་གཙོས་ཨེ་ཤ་ཡའི་ལྷོ་རྒྱུད་དུ་ཆགས་པའི་རྒྱལ་ཁབ་ཁག་གི་མི་གྲངས་དུང་ཕྱུར་ ༡།༣ ཀྱི་ཚེ་སྲོག་དང་འཚོ་གནས་ལ་གནོད་འཚེ་ཐེབས་ཀྱི་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༢༤ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese