མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་རྟེན་འབྲེལ་དགའ་སྟོན་མཛད་སྒོ་འཚོགས།

བོད་ཀྱི་དུས་བབ།
༢༠༢༤/༠༧/༡༨
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱིས་ཨ་རིའི་གཞུང་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་སྲིད་ཇུས་གཏན་འབེབ་གནང་ཟིན་པར་གཞུང་འབྲེལ་རྟེན་འབྲེལ་མཛད་སྒོ་འཚོགས་ཏེ་ཁྲིམས་ཡིག་འདིའི་ཐོག་ནས་བོད་ཀྱི་ཛ་དྲག་གི་གནས་སྟངས་སེལ་ཐབས་བྱེད་དགོས་པ་རྒྱལ་སྤྱི་དང་རྒྱ་ནག་ལ་གསལ་བོ་བསྟན་གནང་ཡོད་སྐོར་གསུངས།

གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དགའ་སྟོན་འཚོགས་པ། ༢༠༢༤།༠༧།༡༧ བོད་མིའི་སྒྲིག་འཛུགས་ཀྱི་པར།

ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌིན་མཆོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་མཚན་རྟགས་བསྐྱོན་ཏེ་སྲིད་ཇུས་སུ་གཏན་འབེབ་བྱུང་བར་བོད་གཞུང་མང་གཉིས་ནས་དགའ་བསུ་ཞུ་བཞིན་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༡༧ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༣།༣༠ ཐོག་གངས་ཅན་སྐྱིད་གཤོངས་ཀྱི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ།  བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་རྟེན་འབྲེལ་དགའ་སྟོན་མཛད་སྒོ་ཞིག་འཚོགས་ཡོད་ཅིང་། མཛད་སྒོའི་ཐོག་སྲིད་ཚབ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བོད་མི་མང་སྤྱི་འཐུས་རྒྱུན་ལས་ཁག་ཅིག ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུ་བ་བཅས་ལྷན་འཛོམས་གནང་།

སྐབས་དེར་སྲིད་ཚབ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་འཛམ་གླིང་ཞི་བདེ་དང་བོད་དོན་ཆེད་དུ་ཆིབས་སྒྱུར་གནང་བཞིན་ཡོད་པ་ལྟར། ༧གོང་ས་མཆོག་ཨ་རིར་ག་དུས་ཕེབས་ཀྱང་ཨ་རིའི་སྲིད་འཛིན་གྱི་ཕོ་བྲང་དཀར་པོར་གདན་འདྲེན་ཞུས་ཏེ་མཇལ་འཕྲད་གནང་ཡོད་ཅིང་། ཨ་རིའི་གྲོས་ཚོགས་ནང་དུ་བོད་དོན་དང་འབྲེལ་བའི་ཛ་དྲག་གི་གནས་ཚུལ་བྱུང་སྐབས་དགོས་མཁོ་དང་མཐུན་པའི་གྲོས་ཆོད་ཧ་ཅང་མང་པོ་བཞག་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༢ ལོར་ཐོག་མར་མགོ་བཙུགས་ཏེ་ཨ་རིའི་གཞུང་གིས་བོད་དོན་ཐོག་འཛིན་པའི་སྲིད་ཇུས་གཏན་འབེབ་གནང་བ་རླབས་ཆེ་བའི་རྒྱབ་སྐྱོར་ཞིག་ཡིན་པ་གསལ་བོ་ཆགས་ཡོད་ལ། དེ་ནས་རིམ་བཞིན་ཕྱི་ལོ་ ༢༠༢༠ ནང་ཁྲིམས་ཡིག་དེར་དགོས་ངེས་ཀྱི་བསྐྱར་བཅོས་བྱས་ཡོད། དེ་བཞིན་ད་ལན་ད་ལྟའི་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ཀྱི་ཐུགས་འགན་གཙོ་བོ་བཞེས་པའི་ཐོག་བོད་ཀྱི་ཛ་དྲག་གི་གནས་སྟངས་སེལ་ཐབས་བྱེད་དགོས་པ་རྒྱལ་སྤྱི་དང་རྒྱ་ནག་ལ་གསལ་བོ་བསྟན་ཡོད། ཅེས་གསུངས་སོང་།

སྲིད་ཚབ་རྒྱ་རི་སྒྲོལ་མ་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱིས་ཨ་རིའི་གཞུང་འབྲེལ་གྱི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་སྲིད་ཇུས་གཏན་འབེབ་བྱུང་བར་གཞུང་འབྲེལ་རྟེན་འབྲེལ་མཛད་སྒོར་གསུང་བཤད་གནང་། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་པར། ༢༠༢༤།༠༧།༡༧

ཁྲིམས་སུ་ཆགས་པའི་ཉིན་མོ་དེར་སྲིད་སྐྱོང་མཆོག་གིས།  བོད་ཕྱི་ནང་གཉིས་ཀྱི་བོད་མི་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཨ་རིའི་སྲིད་འཛིན་རྗོ་བྷའི་ཌེན་མཆོག་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་ལ་མཚན་རྟགས་བཀོད་དེ་ཁྲིམས་སུ་གྱུར་ཡོད་པའི་གཏམ་བཟང་གི་གནས་ཚུལ་རེད། སྐབས་བཅུ་དྲུག་པའི་བཀའ་ཤག་གིས་ལོ་གཉིས་དང་ཟླ་བ་གཉིས་རིང་སྲིད་བྱུས་དེ་དབུ་མའི་ལམ་ཡིན་པ་གང་ཞིག་ལ་ཐབས་བྱུས་ལ་འགྱུར་བ་བཏང་སྟེ་དབུ་མའི་མཐའ་གཅིག་ནི་བོད་དེ་ལོ་རྒྱུས་ཐོག་རང་བཙན་ཡིན་པའི་གནས་བབ་ཐོག་ཤུགས་རྒྱག་རྒྱུ་བྱེད་པ་ནང་བཞིན་ཁ་ནས་བཤད་པ་ཙམ་མ་ཡིན་པར་ཁ་ཡོད་ལག་ཡོད་ཀྱིས་ཨ་རིའི་གྲོས་ཚོགས་མཉམ་དཀའ་ལས་བརྒྱབ་པའི་རྒྱུ་མཚན་ལ་བརྟེན་ནས་ཡོང་གི་ཡོད་པ་རེད། དེའི་ནང་དཀའ་ལས་རྒྱག་མཁན་མང་པོ་ཡོད། དངོས་སུ་ཕྱག་ལས་གནང་མཁན་བྱང་ཨ་རི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་གཙོས་ལས་བྱེད་རྣམ་པ་དང་། དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་རི་ཅཊ་གྷེ་རི་ (Richard Gere) ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བསྟན་ཆོས་རྒྱ་མཚོ་ལགས། བུ་ཆུང་ཚེ་རིང་ལགས། ཕེ་རན་ཇི་ (Franz) ལགས་བཅས་ཀྱི་ཧུར་ཐག་གནང་ཡོད། དེ་བཞིན་འདི་ལོའི་ཕྱི་ཟླ ༣ ཚེས ༡༡ དང་ ༡༢ ལ་ཨ་རི་ནང་ཡོད་པའི་བོད་པའི་ཞུ་གཏུག་པ་མི་གྲངས་ཉིས་བརྒྱ་ལྷག་ཙམ་ཞིག་ཝ་ཤིང་ཊོན་ཌི་སིར་ཕེབས་ནས་ཁྲིམས་འཆར་འདི་དང་འབྲེལ་བའི་ཐོག་ནས་ཞུ་བསྐུལ་བྱས་ཡོད། བོད་རིགས་སྤྱི་མཐུན་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པས་དེའི་ཐོག་སྐུ་ལས་ཧ་ཅང་བསྐྱོན་ཡོད། ཚང་མས་སྐུ་ལས་བསྐྱོན་པའི་ཉེར་ལེན་ལ་བརྟེན་ནས་ང་ཚོ་ད་ལྟ་གནས་སྟངས་འདི་འདྲ་ཞིག་ལ་བསླེབས་ཐུབ་ཡོད། དེར་བརྟེན། ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མ་འོངས་པ་ཡིན་ནའང་འདི་ལྟ་བུའི་ལས་ཀ་མང་པོ་ཞིག་བྱེད་དགོས་ཐུག་གི་རེད། ཚང་མས་མཉམ་རུབ་ཀྱི་ཐོག་ནས་ནུས་པ་མཉམ་སྤུངས་བྱས་པ་ཡིན་ན་དོན་དག་སྒྲུབ་རྒྱུ་ཡོད་པ་འདི་ནས་ཁུངས་སྐྱེལ་ཐུབ་པའི་གནས་སྟངས་ཆགས་ཡོད། ཅེས་གསུངས་འདུག

བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ (The Promoting a Resolution to the Tibet-China Dispute Act)དེ་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ (Michael McCaul) མཆོག་དང་། གྲོས་ཚོགས་འཐུས་མི་རྗེམ་མེག་གྷོ་ཝིན་(Jim McGovern) མཆོག གྲོས་ཚོགས་འཐུས་མི་རྗེ་ཧྥུ་མེར་ལི་ (Jeff Merkley) མཆོག གྲོས་ཚོགས་འཐུས་མི་ཊོ་ཌི་ཡོང་(Todd Young) མཆོག་སོགས་ཀྱིས་ཐུགས་འགན་བཞེས་ཏེ། ཐོག་མར་ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༡༣  ཉིན་གྲོས་ཚོགས་འོག་མའི་ནང་དུ་ཁྲིམས་འཆར་དེ་ངོ་སྤྲོད་གནང་ཡོད་པ་དང་། དེ་ནས་ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༣༠ ཉིན་གྲོས་ཚོགས་གོང་མའི་ནང་ངོ་སྤྲོད་གནང་། ཕྱི་ལོ་ ༢༠༢༤ ཟླ་བ་ ༢ ཚེས་ ༡༥ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་ཚད་མཐོའི་མང་མོས་རྒྱབ་སྐྱོར་ཐོབ་ཡོད་པ་དང་། ཕྱི་ཟླ་ ༥ པའི་ཚེས་ ༢༣ བོད་ལུགས་ཀྱི་ས་ག་ཟླ་བའི་ཚེས་པ་ ༡༥ ཉིན། ཨ་རིའི་གྲོས་ཚོགས་གོང་མའི་ནང་སྤྱི་མོས་རྒྱབ་སྐྱོར་ཐོབ། ཕྱི་ཟླ་ ༦ ཚེས་ ༡༢ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་ཁྲིམས་འཆར་གྱི་བསྐྱར་བཅོས་ཚིག་བརྗོད་ལ་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པའི་འཐུས་མི་ ༣༩༡གིས་རྒྱབ་སྐྱོར་གནང་སྟེ་གྲོས་ཚོགས་གོང་འོག་གཉིས་ནས་གཏན་འབེབ་གནང་བ་ལྟར། ཨ་རིའི་སྲིད་འཛིན་གཞོན་པ་ཀ་མ་ལ་ཧེ་རི་སི(Kamala Harris) མཆོག་དང་། གྲོས་ཚོགས་འོག་མའི་ཚོགས་གཙོ་མེག་ཇོན་སོན་ (Mike Johnson) མཆོག་རྣམ་གཉིས་ནས་མཚན་རྟགས་བསྐྱོན་གྲུབ་སྟེ། ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་ཨ་རིའི་སྲིད་འཛིན་ཕོ་བྲང་དུ་ཕུལ་བ་ལྟར་ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་སྲིད་འཛིན་རྗོ་བྷའེ་ཌིན་མཆོག་ནས་དངོས་སུ་མཚན་རྟགས་བསྐྱོན་ཡོད་པ་རེད།

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

ཆུ་ཚོད་ ༡༤ སྔོན་ལ།
Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

༢༠༢༦/༠༢/༠༧
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese