མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉི་ཧོང་ནང་བོད་ཀྱི་བཅའ་སྡོད་སློབ་གྲྭའི་སྐོར་གླེང་སློང་གནང་།

བོད་ཀྱི་དུས་བབ།
༢༠༢༤/༠༧/༢༣
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཨ་རིའི་ཁྲིམས་ཡིག་གཏན་འབེབས་གནང་བ་བཞིན་ཉི་ཧོང་གཞུང་མང་གཉིས་ནས་ཀྱང་བོད་དོན་ལ་རྒྱབ་སྐྱོར་མཚོན་ཆེད་དེ་ལྟར་ཁྲིམས་ཡིག་འཇོག་དགོས་པའི་འབོད་སྐུལ་ཞུས་ཡོད།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་སྐོར་གྱི་གསར་འགོད་གསལ་བསྒྲགས་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་པར།

ཁ་སང་ཕྱི་ཟླ་ ༧ ཚེས་ ༢༢ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱར་གསལ་བའི་གནས་ཚུལ་ལྟར་ན། ཉེ་ལམ་ཉི་ཧོང་བོད་ཁང་དང་ཨེ་ཤ་ཡའི་མང་གཙོ་ལས་འགུལ་ཁང་གཉིས་ཀྱི་གོ་སྒྲིག་འོག སྤྱི་ཚོགས་རིག་པའི་འབུམ་རམས་པ་རྒན་རྒྱལ་ལོ་མཆོག་གིས་བུན་ཀྱོ་ཀུ་སྤྱི་བའི་བསྟི་གནས་ཁང་དུ་རྒྱ་ནག་གཞུང་གིས་བོད་ནང་མི་སེར་སྤེལ་བའི་རིང་ལུགས་ཀྱི་བཅའ་སྡོད་སློབ་གྲྭ་བཙུགས་ནས། བོད་ཕྲུག་རྣམས་ལ་རྒྱ་བསྒྱུར་སྲིད་ཇུས་ལག་བསྟར་བྱེད་མུས་ཡིན་པའི་སྐོར་གསུང་བཤད་དང་གསར་འགོད་གསལ་བསྒྲགས་ཤིག་གནང་འདུག་ལ། སྐབས་དེར་བོད་དོན་ལས་འགུལ་བསྟི་གནས་ཁང་ (Tibet Action Institute) གི་ཨེ་ཤ་ཡའི་ལས་འཆར་འགན་འཛིན་བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་བསྟན་འཛིན་སྨིན་ལེགས་ལགས།  ཚེ་རིང་རྡོ་རྗེ་ལགས་བཅས་ཀྱིས་གསུང་བཤད་གནང་ཡོད་འདུག

ལྷན་ཚོགས་དེའི་ཐོག་འབུམ་རམས་པ་ལྡོང་རྒྱལ་ལོ་མཆོག་གིས། རྒྱ་ནག་གཞུང་གིས་བོད་ཡུལ་དུ་བོད་ཀྱི་མ་འོངས་པའི་ཆོས་རིག་དང་། སྐད་ཡིག བོད་མིའི་སྲོལ་རྒྱུན་སོགས་རྨེག་མེད་དུ་བཟོ་སླད། མི་སེར་སྤེལ་ཡུལ་རིང་ལུགས་ཀྱི་བཅའ་སྡོད་སློབ་གྲྭ་འཛུགས་སྟངས་ཀྱི་གོ་རིམ་དང་། ཕྱི་ལོ་ ༡༩༨༤ ཙམ་ནས་རྒྱ་ནག་གཞུང་གིས་བོད་ནང་གི་སློབ་མ་མང་དག་ཅིག་བོད་སྐད་ཡིག་གི་ཁོར་ཡུག་དང་། བོད་ཀྱི་སྤྱི་ཚོགས་ལས་རྒྱང་དུ་བཀྱེད་པའི་རྒྱ་ནག་གི་སློབ་གྲྭ་ཁག་ཏུ་བཙན་ཁྲིད་བྱས་པའི་སྐོར།  ལྷག་པར་ཕྱི་ལོ་ ༢༠༡༦ ཙམ་ནས་རྒྱ་ནག་གཞུང་གིས་བོད་ནང་གི་སྲོལ་རྒྱུན་གྱི་སློབ་གྲྭ་མང་པོ་ཞིག་གཏན་དུ་སྒོ་བརྒྱབ་སྟེ། ལོ་ ༤ ནས་ ༡༨ བར་གྱི་བོད་ཕྲུག་མང་པོ་ཞིག་རྒྱ་ནག་གཞུང་གིས་ཆེད་འཛུགས་བྱས་པའི་བཅའ་སྡོད་སློབ་གྲྭ་ཁག་ཏུ་བཙན་གྱིས་བཅུག་པ་བརྒྱུད་བོད་ཕྲུག་རྣམས་ལ་རྒྱའི་སློབ་གསོའི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་སྐོར་སོགས་གསུངས་འདུག

དེ་རྗེས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་བསྟན་འཛིན་སྨིན་ལེགས་ལགས་ཀྱིས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་དང་འབྲེལ་རྒྱ་ནག་གཞུང་གིས་བོད་ཀྱི་ངོ་བོ་དང་སྐད་ཡིག རིག་གཞུང་བཅས་རྩ་མེད་བཟོ་ཐབས་བྱེད་བཞིན་པའི་སྐོར་གསལ་སྟོན་གནང་མཚམས།  སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་གོ་སྒྲིག་ཚོགས་ཆུང་དང་། ཚོགས་བཅར་བ་རྣམས་ལ་ཐུགས་རྗེ་ཞུས་པ་མ་ཟད། ཨ་རིའི་གཞུང་གིས་རྒྱ་ནག་གི་མི་སེར་སྤེལ་ཡུལ་གཏན་སློབ་ཁག་མཚམས་འཇོག་དགོས་པའི་ཁྲིམས་ཡིག་གཏན་འབེབས་གནང་བ་བཞིན་ཉི་ཧོང་གཞུང་མང་གཉིས་ནས་ཀྱང་བོད་དོན་ལ་རྒྱབ་སྐྱོར་མཚོན་ཆེད་དེ་ལྟར་ཁྲིམས་ཡིག་འཇོག་དགོས་པའི་འབོད་སྐུལ་ཞུས་ཡོད།

གཏམ་བཤད་ཀྱི་ལས་རིམ་ཁག་གྲུབ་རྗེས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་ཉི་ཧོང་སྐུ་ཚབ་དོན་གཅོད་ཁང་གཉིས་ཀྱིས་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭའི་སྐོར་ཉི་ཧོང་གི་སྐད་དུ་བསྒྱུར་བའི་སྙན་ཐོ་ཞིག་འགྲེམས་སྤེལ་བྱས་ཡོད་པ་མ་ཟད། གསར་འགོད་པ་རྣམས་དང་ལྷན་དུ། རྒྱ་ནག་གཞུང་གིས་བོད་ནང་བཅའ་སྡོད་སློབ་གྲྭ་བཙུགས་ནས་བོད་ཕྲུག་རྣམས་ལ་རྒྱའི་སློབ་གསོའི་ཤུགས་རྐྱེན་ཐེབས་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་སྒྲིག་དང་འགལ་ནས་བོད་ཀྱི་ལོ་ཆུང་བྱིས་པ་རྣམས་བཙན་གྱིས་ཕ་མ་དང་ཁ་བྲལ་དུ་གཏོང་གི་ཡོད་པའི་ཐད་ལ་དྲི་བ་དྲི་ལན་སོགས་གནང་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༡ ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་བསྐྱར་ཞིབ་བྱེད་སྐབས། རྒྱ་ནག་གཞུང་གིས་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་པ་ཉི་ཧོང་གཞུང་གིས་ཐེར་འདོན་དང་སྦྲགས་སྐྱོན་བརྗོད་གནང་ཡོད་པ་མ་ཟད།  རྒྱ་ནག་གཞུང་གིས་ཐབས་མཁས་པོས་ཕྱོགས་མང་པོ་ཞིག་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཚུད་པའི་བོད་ཀྱི་ངོ་བོ་རྩ་མེད་བཟོ་ཐབས་བྱེད་མུས་ཡིན་སྐོར་དང་། རྒྱ་ནག་གཞུང་གིས་བོད་ཕྲུག་རྣམས་བཙན་གྱིས་བཅའ་སྡོད་སློབ་གྲྭ་ཁག་ཏུ་འཇུག་གིན་ཡོད་པའི་གནས་ཚུལ་སོགས་ཐེར་འདོན་གནང་ཡོད།

འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་བོད་ནང་གི་ས་ཁུལ་མང་དག་ཅིག་ཏུ་བཅའ་སྡོད་སློབ་གྲྭ་བཙུགས་ནས་བོད་ཕྲུག་རྣམས་བཙན་གྱིས་མངག་གཏོང་བྱས་པར། རྒྱལ་སྤྱི་ཁྱོན་ཡོངས་ནས་གནོན་ཤུགས་དང་གླེང་སློང་ཤུགས་ཆེན་བྱས་སྟབས། འདས་ལོར་རྒྱ་ནག་གོ་ལའི་དུས་བབ་ཀྱིས་བོད་ནང་གི་བཅའ་སྡོད་སློབ་གྲྭ་ཁག་གི་སྐོར་ལ་ཡིག་བརྙན་གཉིས་ཀྱི་ཐོག་ནས་གནས་ཚུལ་སྤེལ་ནས་དཀར་འདོན་བྱེད་ཐབས་དང་། འབུམ་རམས་པ་རྒན་རྒྱལ་ལོ་མཆོག་ཚུད་པའི་ཚོགས་པ་མང་དག་ཅིག་གིས་བོད་ནང་གི་བཅའ་སྡོད་སློབ་གྲྭའི་སྐོར་ལ་འཁྱོག་བརྗོད་བྱེད་ཀྱི་ཡོད་ལུགས་ཀྱི་དྲིལ་བསྒྲགས་ཤུགས་ཆེན་བྱས་ཡོད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༢༤ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese