མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧྥ་རན་སའི་རྒྱལ་སྤྱིའི་ཨོ་རྩེད་འགྲན་ཚོགས།

བོད་ཀྱི་དུས་བབ།
༢༠༢༤/༠༧/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཕྱིི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༢༦ ཉིན་གྱི་དགོང་མོར་ཧྥ་རན་སིའི་རྒྱལ་སར་འཚོགས་ལ་ཉེ་བའི་རྒྱལ་སྤྱིའི་ཨོ་རྩེད་འགྲན་བསྡུར་ཆེན་མོ་དང་འབྲེལ་བའི་གསར་འགྱུར།

ད་ལོ་ཧྥ་རན་སིར་འཚོགས་ལ་ཉེ་བའི་རྒྱལ་སྤྱིའི་ཨོ་རྩེད་ཆེན་མོར་ཡུལ་སྐོར་བ་དང་གཟིགས་མོར་ཕེབས་མཁན་མི་གྲངས་ས་ཡ་ ༡༥ ནས་ ༡༦ བསླེབ་རྒྱུ་ཚོད་དཔག་བྱེད་མུས་རེད་འདུག མགྲོན་ཁང་ཁག་གི་མཚན་གཅིག་གི་རིན་གོང་ཡུ་སྒོར་ ༢༠༠ ཡིན་སར་ད་ཆ་ ༦༠༠ འཕར་ཡོད། ས་གནས་མེ་འཁོར་སྤ་སེའི་རིན་གོང་ལྡབ་ལོག་གསུམ་ཙམ་འཕར་ཡོད། འོན་ཀྱང་ཨོ་རྩེད་འགོ་འཛུགས་ལ་ཉི་མ་གཅིག་གི་སྔོན་ལ་པ་རི་སིའི་ཟ་ཁང་། ཆང་ཁང་། ཚོང་ཁང་ཕལ་ཆེ་བ་སྟོང་བ་རེད་འདུག

ཧྥ་རན་སིའི་ཆབ་སྲིད་གནས་འབབ་ཇི་འདྲ་ཞིག་འོག་ཨོ་རྩེད་འཚོགས་སམ། དེ་ནི་ཧྥ་རན་སིའི་སྤྱི་མཐུན་སྲིད་འཛིན་སྐུ་ཞབས་མ་ཥི་ཝོང་མཆོག་གིས་འདི་ལོ་ཕྱི་ཟླ་ ༦ ནང་ཡུ་རོབ་གྲོས་ཚོགས་ཀྱི་འོས་བསྡུ་ཆེན་མོའི་རྗེས་སུ་ཁོང་གི་གཞུང་འཛིན་སྲིད་དོན་ཚོགས་པར་ཕམ་ཉེས་བྱུང་ནས་བཟུང་སྲིད་འཛིན་གྱིས་རྩ་ཁྲིམས་ཀྱི་དོན་ཚན་ ༡༢ པའི་དགོངས་དོན་ལྟར། ཧྥ་རན་སིའི་རྒྱལ་ནང་གི་གྲོས་ཚོགས་འོག་མ་ཕྱིར་བསྡུ་བྱས་ཏེ་ཟླ་གཅིག་ནང་ཚུད་དུ་རྒྱལ་ཡོངས་འོས་བསྡུ་བྱ་དགོས་ཞེས་བཀའ་ཕབ། འོན་ཀྱང་ཕྱི་ཟླ་ ༧ ཚེས་ ༧ ཉིན་དགོང་མོར་ཧྥ་རན་སིའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་དངོས་གཞིའི་གྲུབ་འབྲས་གསལ་བསྒྲགས་བསྐྱངས་ཡོད།

མནའ་འབྲེལ་སྲིད་དོན་ཚོགས་པ་ཁག་གསུམ་ཡོད་ཁུངས་ནས་སྲིད་དོན་ཚོགས་པ་སུ་གང་ལ་མང་མོས་གྲངས་ཚད་འཕེར་པའི་གྲོས་ཚོགས་འཐུས་མི་བདམས་ཐུབ་མེད་སྟབས་གཞུང་གསར་བ་འཛིན་ཐུབ་མཁན་གྱི་སྲིད་དོན་ཚོགས་པ་བྱུང་མེད། གཞུང་གསར་བའི་སྲིད་བློན་སུ་བསྐོ་གཞག་བྱ་དགོས་མིན་ཐད་དཀའ་ངལ་ཞིག་ནང་ལྷུང་བསྡད་ཡོད་སྐབས་སུ་འཁེལ། སྲིད་འཛིན་གྱིས་མནའ་འབྲེལ་ཆབ་སྲིད་ཚོགས་པ་གསུམ་གྱི་འགོ་འཁྲིད་ཚོར་ནང་ཁུལ་ཕན་ཚུན་གྲོས་མོལ་བྱས་ཏེ་གང་མགྱོགས་གྲོས་ཚོགས་འཐུས་མིའི་གྲངས་ཚད་ལོན་ཐུབ་པ་བྱས་ཏེ་གཞུང་གསར་བ་འཛིན་རྒྱུར་ཆ་རྐྱེན་ཚང་བ་བྱོས་ཞེས་གསུངས་ཡོད། ད་དུང་ཡང་གཞུང་གསར་བ་གཏན་འབེབས་བྱེད་པར་སྲིད་འཛིན་མཆོག་ནས་སྲིད་བློན་གསར་བ་བསྐོ་གཞག་གནང་ཐུབ་མེད།

གནས་སྟངས་ངེས་མེད་འདི་འདྲ་ཞིག་གི་འོག་ཏུ་ཕྱི་ལོ་ ༢༠༢༤ རྒྱལ་སྤྱིའི་ཨོ་རྩེད་འགྲན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་རྣམ་པ་གང་ཅིའི་ཐད་ནས་སྔར་དང་མི་འདྲ་བ་ཞིག་གོ་སྒྲིག་བྱ་རྒྱུ་ནི་རྒྱལ་ས་པ་རི་སིའི་གདོང་ལེན་ཞིག་ལ་ངོས་འཛིན་བྱས་ཡོད། སྤྱིར་རྩེད་རིགས་ལ་གསར་བརྗེའི་རྣམ་པ་མངོན་ཐབས་དང་། མཛད་སྒོར་ལྟ་མོ་བ་གང་མང་མཉམ་ཞུགས་བྱ་འཆར་ཡོད་པ་རེད། ཨོ་རྩེད་འགྲན་ཚོགས་ཀྱི་དབུ་འབྱེད་མཛད་སྒོར་གྲ་སྒྲིག་གི་བྱ་བཞག་གི་ཐོག་པ་རི་སི་དང་དེའི་གྲོང་སྡེའི་ལས་ཁུངས། རྒྱལ་སྤྱིའི་ཨོ་རྩེད་འགན་འཛིན་ཚོགས་ཆུང་། ཧྥ་རན་སིའི་རྒྱལ་ཡོངས་ཨོ་རྩེད་ཚོགས་པ་བཅས་འཕྱར་བ་གྲུ་འདེགས་སྒོ་ནས་བྱས་པ་ཞིག་ཡིན་འདུག མཛད་སྒོ་ནི་རྩེད་འགྲན་པ་ཚོའི་རྩེད་མོའི་བསྟི་གནས་ཀྱི་སྙིང་ཁམས་ལྟ་བུ་དང་། སྒྲོན་མེའི་འོག་གསལ་བས་པ་རི་སིའི་གྲོང་ཁྱེར་ནི་མང་ཚོགས་ཀྱི་རྩེད་རིགས་སྣ་ཚོགས་ཀྱིས་གྲུབ་པའི་དུས་སྟོན་ཆེན་མོ་ཞིག་ཏུ་འགྱུར་ཐབས་དང་། རྒྱལ་ས་ན་བཞུར་བཞིན་པའི་ཆུ་བོ་སཱན་ནི་ཨོ་རྩེད་ཀྱི་གར་སྟེགས་ཞིག་ལ་བསྒྱུར་རྒྱུ་བཅས་ཡིན་པ་རེད།

ཕྱི་ལོ་ ༢༠༢༤ ལོར་ཨོ་རྩེད་དབུ་འབྱེད་མཛད་སྒོ་ནི་སྔར་དང་མི་འདྲ་བའི་ཁྱད་དུ་འཕགས་པའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་རྩེད་མོའི་བྱེད་སྒོ་ཞིག་ལ་རྩལ་འདོན་བྱེད་ཀྱི་ཡོད་པ་རེད། མཛད་སྒོ་སྟ་གོན་བྱ་ཕྱོགས་ཀྱི་ཐད་ནས་ཨོ་རྩེད་དབུ་འབྱེད་མཛད་སྒོ་འདི་ལོ་རྒྱུས་ཁྲོད་ཕྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༢༦ ཉིན་མོ་ནི་སྙིང་སྟོབས་མཚོན་ཐུབ་པ། ལྷད་མེད་དོན་ངོ་མའི་བྲོ་བ་སྟེར་པ། གཟེངས་སུ་ཐོན་པའི་ཁྱད་ཆོས་གསལ་འདོན་བཅས་བྱ་རྒྱུ་ཡིན་པ་རེད།

དབུ་འབྱེད་མཛད་སྒོ་འཚོགས་ས་དེ་རྩེད་མོའི་ར་བར་མིན་པ་སྟེ། དབྱར་ཁའི་ཨོ་རྩེད་མཛད་སྒོ་ནམ་རྒྱུན་དང་མ་འདྲ་བའི་རྩེད་ར་ཕྱི་ལོགས་སུ་ཆུ་བོའི་སྟེང་གོ་སྒྲིག་བྱ་རྒྱུ་དང་། རྩེད་མོའི་རིགས་གྲོང་ཁྱེར་ནང་གྲ་སྒྲིག་བྱས་ཡོད་སྟབས་མིག་སྔར་གྱི་རྩེད་མོའི་སྒྲིག་ལམ་དང་ལམ་སྲོལ་ཁག་ལ་བསྒྱུར་བ་ཅུང་ཟད་བཏང་། ཉིན་གཅིག་གི་རིང་ལ་པ་རི་སིའི་གྲོང་ཁྱེར་ཨོ་རྩེད་མཛད་སྒོའི་གར་སྟེགས་ཀྱི་མཛེས་བཤམས་ཀྱི་རྒྱབ་ལྗོངས་སུ་ཆགས། གྲོང་ཁྱེར་གྱི་དྲན་རྟེན་ཁང་དང་། ཟམ་པ་དག རིག་གཞུང་བསྟི་གནས་ཁང་། སཱན་གཙང་བོའི་ཆུ་འགྲམ་སོགས་གསོན་ཉམས་དོད་པའི་མཛད་སྒོའི་རྒྱན་ཆར་མངོན།

མཛད་སྒོའི་སྐབས་རྒྱལ་ཁབ་སོ་སོ་ནས་ཕེབས་པའི་རྩེད་འགྲན་པའི་སྐུ་ཚབ་རུ་ཁག་རྣམས་གྲུ་གཟིངས་ནང་བསྡད་དེ་གཙང་བོ་བརྒྱུད་སྤྱི་ལེ་དྲུག་ཙམ་ལ་བསྐོར་བསྐྱོད་བྱ་རྒྱུ་དང་། དམིགས་བསལ་བརྙན་ཆས་བེད་སྤྱོད་བྱས་ཏེ་རྒྱ་ཆེའི་ལྟད་མོ་བ་ཚོར་མཛད་སྒོའི་དཀྱིལ་འཁོར་ནང་དུ་རྩེད་འགྲན་པ་ཚོ་ལྷན་དུ་འོད་སྣང་སྟེར་ཐུབ་པར་བྱ་རྒྱུ་དང་། པ་རི་སིའི་གྲོང་ཁྱེར་ཤར་ནས་Gare d’Austerlitz ནུབ་ Trocadéro དབར་དུ་སྤྱི་ལེ་དྲུག་ཙམ་རྒྱང་ཐག་ལ་རྩེད་འགྲན་པ་མི་གྲངས་ ༡༠༥༠༠ གྲུ་གཟིངས་འདྲ་མིན་དུ་ཞུགས་ཏེ་སཱན་གཙང་བོ་ཐོག་སྐོར་བསྐྱོད་བྱ་རྒྱུ་ཡིན་པ་རེད།

རྒྱ་ཆེའི་མང་ཚོགས་ལྟད་མོ་བ་ཚོ་གང་མང་དབུ་འབྱེད་མཛད་སྒོར་མཉམ་ཞུགས་ཡོང་ཐབས་དང་། སཱན་གཙང་བོའི་འགྲམ་རྒྱུད་སྔོན་ཚུད་ནས་སྤ་སེ་ཉོས་ནས་ཡོང་མཁན་ལྟད་མོ་བ་མི་གྲངས་ ༣༠༠,༠༠༠ ཙམ་ཡོང་རྩིས། ནམ་རྒྱུན་རྩེད་ར་ནང་ལས་མི་གྲངས་ལྡབ་ལོག་ལྔ་ལས་མངས་པ་ཆགས་རྒྱུ་ཡིན་འདུག བརྙན་ཤེལ་ཆེན་མོ་ ༨༠ ཐམ་པ་དང་རྒྱང་སྒྲ་མ་ལག་འཐུས་ཚང་བ་གོ་བསྒྲིག་བགྱིས་ཏེ་རྒྱལ་ས་ཁྱོན་ལ་རོལ་དབྱངས་ཀྱི་སྒྱུ་འཕྲུལ་གྲོང་ཁྱེར་གང་སར་ཁྱབ་ཐུབ་པར་བྱ་རྩིས།

ད་ཐེངས་ཀྱི་ཨོ་རྩེད་དབུ་འབྱེད་མཛད་སྒོ་འདི་ནི་འཛམ་གླིང་སྟེང་ཆེས་ཆེས་ཤོས་སུ་ཆགས་རྒྱུ་ཚོད་དཔག་དང་། ས་གནས་སུ་སྡོད་མཁན་པ་རི་སི་པ་ཚོ་དང་། རྒྱལ་སའི་མཐའ་བ་ཚོ་དང་། འཛམ་གླིང་ཕྱོགས་གང་སར་ནས་བསླེབས་པས་ལྟད་མོ་བ་ཚང་མ་མཛད་སྒོར་ཡོང་བར་དགའ་བསུ་ཞུ་ཟེར་། རྩེ་རིགས་སྣ་མང་གི་རྩེད་འགྲན་པ་ཚོ་ལས་གྲུབ་པ་དང་རྩེད་འགྲན་པ་ཚོའི་ཕྱིར་གྲ་སྒྲིག་བགྱིས་པས་དབུ་འབྱེད་མཛད་སྒོ་གཟབ་རྒྱས་ངང་གནང་འཆར། རྩེད་འགྲན་རུ་ཁག་སོ་སོས་ཁྲོམ་སྐོར་དང་མཉམ་དུ་སྒྱུ་རྩལ་བ་ཚོ་ངོས་ནས་གླུ་གར་གཞས་དང་གློག་སྒྲོན་འདྲ་མིན་གྱི་སྒོ་ནས་ལྟད་མོར་མངོན་མཚར་བ་ཞིག་འབུལ་འཆར།

བདེ་འཇགས་ཐད་ཉེན་རྟོག་༤༥༠༠༠ གཏང་རྒྱུ་དང་ཁ་སྣོན་ཚུལ་དུ་དམག་མི་༡༥༠༠༠ འདྲེན་རྒྱུ་ཡིན་པ་མ་ཟད་སྒེར་གཉེར་བདེ་འཇགས་མི་སྣ་ ༢༢༠༠༠ བཅས་འགྲེམས་འཇོག་བྱ་རྒྱུ་ཡིན་འདུག ཨོ་རྩེད་སྐབས་སུ་ཧྥ་རན་སིའི་གསང་བ་ལས་ཁུངས་ཀྱིས་དམིགས་བཀར་གྱི་བལྟ་རྟོག་བྱ་དགོས་སའི་མི་ས་ཡ་གཅིག་ཙམ་ཡོད་པའི་གནས་ཚུལ་བཅས་འཐོན་འདུག

མཛད་སྒོ་ཆུ་ཚོད་ག་དུས་ནས་མགོ་འཛུགས་རྒྱུ་ཡིན་ནམ་ཞེ་ན། ས་གནས་ ༡༩:༣༠ ནས་ཡིན། ཨ་རིའི་མངའ་སྡེ་ Los Angeles ཆུ་ཚོད་ ༡༠:༣༠ ཙམ་ནས་རེད་འདུག སྦིར་ཛུལ་གྱི་གྲོང་ཁྱེར་ Rio de Janeiro ཆུ་ཚོད་ ༡༤:༣༠ ཙམ་ལ་ཡིན་འདུག ཨིན་ཡུལ་གྱི་ London ཆུ་ཚོད་ ༡༨:༣༠ དང་། སྒུ་རེ་སེའི་ཨ་ཐན་གྱི་ཆུ་ཚོད ༢༠:༣༠ ཙམ་ལ་ཡིན་འདུག

གསར་འགྱུར་འདི་ཕྱོགས་བསྒྲིགས་དང་བོད་ཡིག་ནང་ཕབ་བསྒྱུར་བྱེད་མཁན། ཡུ་རོབ་སྤྱི་འཐུས་ཚ་ཁོ་ཐུབ་བསྟན་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༢ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༢ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༥ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༧ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese