མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་སྤང་གོང་མཚོ་ཐོག་ཏུ་རྒྱག་བཞིན་པའི་ཟམ་ཆེན་གཉིས་པ་འགྲུབ་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༢༤/༠༧/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༢༠ ལོར་རྒྱ་དཀར་ནག་གི་དམག་མིའི་བར་གདོང་ཐུག་བྱུང་སའི་ལ་དྭགས་ཀྱི་སྤང་གོང་མཚོ་ཁུལ་དུ་རྒྱ་ནག་གཞུང་གིས་ཟམ་ཆེན་གཉིས་པ་ཞིག་རྒྱག་བཞིན་པ་དེ་འགྲུབ་འདུག་ཟེར།

Satellite image of the bridge at the site in Eastern Ladakh | Twitter | @detresfa_

རྒྱ་གར་གྱི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་ ༢༠༢༢ ཟླ་ ༥ ཙམ་ལ་རྒྱ་ནག་གཞུང་གིས་རྒྱ་དཀར་ནག་གི་ས་མཚམས་སུ་ཁེལ་བའི་སྤང་གོང་མཚོ་ཐོག་ཏུ་ཟམ་ཆེན་གཉིས་པ་ཞིག་རྒྱག་མགོ་བརྩམས་ཟིན་ཞིང་། རྒྱ་གར་གྱིས་འཁོར་སྐར་བརྒྱུད་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལྟའི་ཆར་ཟམ་ཆེན་གཉིས་པ་དེའི་འཛུགས་སྐྲུན་ཡོངས་རྫོགས་འགྲུབ་ཟིན་པ་དང་། ཟམ་ཆེན་དེ་བརྒྱུད་རྒྱ་ནག་གིས་མཐའ་མཚམས་ཁུལ་གྱི་བཅིངས་གྲོལ་དམག་མིར་མེ་སྒྱོགས་ཀྱིས་མཚོན་པའི་དམག་གི་རླངས་འཁོར་ཆེ་གྲས་དང་གོ་མཚོན་སོགས་མགྱོགས་མྱུར་མཁོ་སྤྲོད་ཐུབ་པའི་ནུས་པ་ལྡན་ཡོད་སྐོར་བརྗོད་འདུག

དེ་འབྲེལ་འཁོར་སྐར་པར་རིས་ཞིབ་འཇུག་པ་ཌའེ་མེན་སེ་མོན་ (Damien Symon) གྱིས། རྒྱ་ནག་གཞུང་གིས་སྤང་གོང་མཚོའི་བྱང་ཕྱོགས་ནས་ལྷོ་ཕྱོགས་བར་མཐུད་པའི་ཟམ་ཆེན་ཡོངས་སུ་གྲུབ་ཡོད་ཅིང་མི་འགྱངས་བར་བཀོལ་སྤྱོད་བྱ་རྒྱུ་ཡིན་སྐོར་བརྗོད་འདུག་ལ། རྒྱ་གར་གཞུང་གིས་ཟམ་པ་རྒྱག་ཡུལ་གྱི་མཚོ་ཁུལ་དེ་ནི་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་བཙན་བཟུང་བྱས་པར་ངོས་འཛིན་བྱེད་ཀྱིན་ཡོད་པ་མ་ཟད། རྒྱ་ནག་གིས་ཟམ་ཆེན་འཛུགས་སྐྲུན་བྱས་པ་བརྒྱུད་ནས། རྒྱ་དཀར་ནག་བར་དམིགས་བསལ་ས་མཚམས་དང་འབྲེལ་ཞིང་ཕན་ཚུན་བར་རྩོད་རྙོག་ནམ་བྱུང་སྐབས་རྒྱ་གར་ལ་གདོང་ལེན་བྱེད་སླད་ཡིན་པ་རྒྱ་གར་གྱི་དབྱེ་ཞིབ་པ་དག་གིས་རྗོད་ཀྱིན་འདུག

ད་ལྟ་འགྲུབ་ཟིན་པའི་ཟམ་པ་གཉིས་པ་དེས་རྒྱ་ནག་གི་དམག་མི་རྣམས་རྩོད་རྙོག་ས་ཁུལ་དུ་བསྐྱོད་པར་ཆུ་ཚོད་ ༡༢ རིང་གི་ལམ་ཁ་ཇེ་མགྱོགས་སུ་བཏང་ཡོད་ཅིང་། ཟམ་པ་དེ་ནི་ཕྱི་ལོ་ ༢༠༢༢ ལོར་བརྒྱབ་ཟིན་པའི་ཟམ་པ་ལས་རྒྱ་ཆེ་བ་མ་ཟད། ཟམ་པ་དེས་རྒྱ་ནག་གི་དམག་མི་རྣམས་ལ་རྒྱ་གར་གྱི་ཁོངས་སུ་གཏོགས་པའི་རི་གཙང་ལ་འགྲམ་དུ་མེ་སྒྱོགས་དང་མཚོན་ཆ་སོགས་དབོར་འདྲེན་གྱིས་གྲ་སྒྲིག་བྱེད་པར་སྟབས་བདེར་བཏང་ཡོད་སྐོར་སོགས་བརྗོད་འདུག

ཕྱི་ལོ་ ༢༠༢༢ ཟླ་ ༤ ནང་སྤང་གོང་མཚོ་ཐོག་ཏུ། རྒྱ་ནག་གིས་(pre-fabricated structure) རྒྱུ་ཆ་ལྷུ་སྒྲིག་བྱས་ཏེ་འཛུགས་སྐྲུན་བྱས་པའི་ཟམ་པ་ཐོག་མ་དེ་གྲུབ་ཡོད་པ་དང་། ཟམ་པ་དང་པོ་གསར་རྒྱག་གྲུབ་རྗེས་ཟམ་པ་དེ་བོད་མངའ་རི་ཁུལ་གྱི་རུ་ཐོག་རྫོང་བར་མཐུད་ཆེད་གཞུང་ལམ་ཞིག་ཀྱང་གསར་རྒྱག་བྱས་ཏེ། སྤང་གོང་མཚོ་ཐོག་གི་ཟམ་པ་གཉིས་པོས་སྤང་གོང་མཚོའི་བྱང་ངོས་སུ་ཡོད་པའི་རྒྱ་ནག་བཅིངས་གྲོལ་དམག་དཔུང་སྡོད་ས་ནས་རུ་ཐོག་ཏུ་ཡོད་པའི་དམག་དཔུང་སྡོད་ས་བར་སྤྱི་ལེ་ ༡༥༠ ཙམ་གྱི་འགྲོ་སྐྱོད་ཐག་ཉེ་རུ་བཏང་ཡོད་པ་རེད།

ཕྱི་ལོ་ ༢༠༢༠ ཕྱི་ཟླ་ ༦ ཚེས་ ༡༥ ཉིན་བོད་དང་རྒྱ་གར་གྱི་ས་མཚམས་སུ་ཁེལ་བའི་གྷལ་ཝན་རི་་གཤོངས་ (Galwan Valley) སུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་བར་དྲག་པོའི་འཁྲུག་འཛིང་ཤོར་ཏེ། རྒྱ་གར་གྱི་མཐའ་སྲུང་དམག་མི་ ༢༠ དང་ཉུང་མཐར་རྒྱ་ནག་གི་མཐའ་སྲུང་དམག་མི་ ༤ ཡི་ཚེ་སྲོག་ཤོར་ཡོད་སྟབས། རྒྱ་དཀར་ནག་གཉིས་ཀྱིས་རང་རང་གི་མཐའ་མཚམས་ས་ཐིག་བར་གྱི་མངའ་ཁོངས་དག་སྲུང་སྐྱོབ་ནན་མོ་བྱས་ཏེ། སོ་སོའི་མཐའ་མཚམས་ཀྱི་བདེ་འཇགས་དང་སྲུང་སྐྱོབ་ཀྱི་ཆེད།  ཧིན་བོད་མཐའ་མཚམས་སུ་རྒྱ་དཀར་ནག་གཉིས་ཀས་འཛུགས་སྐྲུན་དང་མཐའ་མཚམས་དམག་དོན་ལ་དོ་དབྱིངས་ཆེན་པོས་ཡར་རྒྱས་བཏང་དང་གཏོང་བཞིན་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་ཀྱི་བདེ་རྩ་ཚོགས་པའི་སྤྱི་ཚོགས་ཞབས་ཞུ།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ། 

ཆུ་ཚོད་ ༡༧ སྔོན་ལ།
Mobile App

༧གོང་ས་མཆོག་ནས་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བཞེས་ཏེ་ལོ་ངོ་ ༧༥ འཁོར་བའི་དུས་དྲན་གྱི་འགྲེམས་སྟོན།

༢༠༢༥/༡༡/༡༤
1,500-year-old Yongqing Temple in China hit by massive fire  on 12th November 2025.
Mobile App

མི་ལོ་ ༡༥༠༠ ལྷག་གི་ལོ་རྒྱུས་ལྡན་པའི་ནང་པའི་ལྷ་ཁང་ཞིག་མེས་འཚིགས། 

༢༠༢༥/༡༡/༡༤
Japan & China Exchange Barbs Over The Taiwan Conflict | Sanae Takaichi | N18G
Mobile App

ཉི་ཧོང་དང་རྒྱ་ནག་བར་རྩོད་རྙོག་བྱུང་།

༢༠༢༥/༡༡/༡༤
India operationalised its new Nyoma airbase close to the frontier with China
Mobile App

ལ་དྭགས་སུ་མཁའ་དམག་གི་རྟེན་གཞི་འཛུགས་སྐྲུན་བྱས།

༢༠༢༥/༡༡/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese