མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྱིས་རྒྱ་ནག་གི་མཐའ་མཚམས་ཟེར་རྒྱུའི་ཚབ་ཏུ་བོད་ཀྱི་མཐའ་མཚམས་ཞེས་འབོད་དགོས་པའི་རེ་འདུན་བཏོན།

བོད་ཀྱི་དུས་བབ།
༢༠༢༤/༠༧/༣༡
Share on FacebookShare on TwitterShare on EmailShare on Whatsapp

འབྲས་ལྗོངས་ཀྱི་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱ་གར་དབུས་གཞུང་ནས་༧དཔལ་རྒྱལ་བ་ཀརྨ་པ་མཆོག་འབྲས་ལྗོངས་སུ་གདན་ཞུ་གནང་རྒྱུ་དང་རྒྱ་ནག་གི་མཐའ་མཚམས་ཟེར་རྒྱུའི་ཚབ་ཏུ་བོད་ཀྱི་མཐའ་མཚམས་ཞེས་འབོད་དགོས་པའི་རེ་འདུན་བཏོན་འདུག

Sikkim MP Dorjee Tshering Lepcha urged the central government to reconsider the term “China border,” advocating instead for the use of “Tibet border.” Photo Courtesy: IndiaToday NE

ཉེ་ལམ་རྒྱ་གར་གྱི་གྲོས་ཚོགས་གོང་མའི་ལྷན་ཚོགས་འཚོག་མུས་ཡིན་པ་ལྟར། ཁ་སང་ཕྱི་ཚེས་ ༣༠ ཉིན་རྒྱ་གར་བྱང་ཤར་གྱི་འབྲས་ལྗོངས་མངའ་སྡེ་ནས་ཡིན་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་རྡོ་རྗེ་ཚེ་རིང་ལེབ་ཆ་ལགས་ཀྱིས། རྒྱ་གར་གཞུང་གིས་རྒྱ་ནག་གི་མཐའ་མཚམས་ཞེས་པའི་ཐ་སྙད་དེའི་ཚབ་ཏུ་བོད་ཀྱི་མཐའ་མཚམས་ཞེས་འབོད་དགོས་པའི་དགོས་འདུན་བཏོན་ཡོད་འདུག

སྐབས་དེར་སྐུ་ཞབས་རྡོ་རྗེ་ཚེ་རིང་ལགས་ཀྱིས། རྒྱ་གར་དབུས་གཞུང་གིས་རྒྱ་ནག་གི་མཐའ་མཚམས་ཞེས་པའི་ཚབ་ཏུ་བོད་ཀྱི་མཐའ་མཚམས་ཞེས་འདོགས་དགོས་པའི་ཁར། རྒྱ་གར་བྱང་རྒྱུད་ཀྱི་ལ་དྭགས་དང་། ཨ་རུ་ན་ཅལ་མངའ་སྡེ་ནས་འབྲས་ལྗོངས་བར་སྤྱི་ལེ་ ༡༤༠༠ ལྷག་ཡོད་པའི་ས་ཁུལ་དེ་དག་ནི་བོད་ཀྱི་མཐའ་མཚམས་སུ་ཁེལ་ཡོད་པས། རྒྱ་གར་དབུས་གཞུང་དང་དམག་མིའི་སྒྲིག་འཛུགས། མཐའ་མཚམས་དམག་མི་དང་། མཐའ་མཚམས་ལམ་བཟོ་ལྷན་ཚོགས་ཚུད་པའི་ཚོགས་སྡེ་ཁག་གིས་གཞུང་འབྲེལ་ཐོག་ནས་མཐའ་མཚམས་དེ་དག་ལ་བོད་ཀྱི་མཐའ་མཚམས་ཞེས་ངོས་འཛིན་གསལ་བོ་དགོས་རྒྱུ་ཧ་ཅང་གལ་ཆེན་རེད། ཅེས་བརྗོད་འདུག

ཁོང་གིས། རྒྱ་ནག་གཞུང་གིས་ཧིན་བོད་མཐའ་མཚམས་ཁུལ་དུ་གྲོང་ཚོ་གསར་རྒྱག་དང་སྔར་ལས་ལྷག་པའི་འཛུགས་སྐྲུན་གྱི་ལས་གཞི་མང་དག་ཅིག་སྤེལ་མུས་ཡིན་སྟབས། ད་སྔ་བར་རྒྱ་གར་གཞུང་གིས་ཧིན་བོད་མཐའ་མཚམས་ཁུལ་དུ་ནགས་ཚལ་དང་རི་སྐྱེས་སེམས་ཅན་སྲུང་སྐྱོབ་ས་ཁུལ་གྱི་འོག་ནས་མཐའ་མཚམས་དེ་དག་ལ་འགྲོ་འོང་བཀག་སྡོམ་བྱས་ཡོད་ཀྱང་། ད་ལྟ་རྒྱ་གར་གཞུང་གིས་མཐའ་མཚམས་ས་ཁུལ་དུ་དམག་དོན་ཚུད་པའི་འཛུགས་སྐྲུན་གྱི་ལས་གཞི་སྤེལ་དགོས་པའི་རེ་སྐུལ་ཞུས་ཡོད་པ་མ་ཟད། འབྲས་ལྗོངས་ནས་རྒྱ་གར་གྱི་ས་ཁུལ་གཞན་སོགས་རྒྱལ་ཡོངས་འགྲོ་ལམ་མཐུད་(National Highway 10) པའི་འཛུགས་སྐྲུན་གྱི་གང་མགྱོགས་འགྲུབ་ཐབས་བྱེད་དགོས་པའི་སྐུལ་མའང་བཏང་ཡོད་འདུག

དེ་བཞིན། སྐུ་ཞབས་རྡོ་རྗེ་ཚེ་རིང་ལགས་ཀྱིས་འབྲས་ལྗོངས་ཡར་རྒྱས་དང་འབྲེལ་གནད་དོན་ཁག་ཅིག་གླེང་སློང་བྱས་པའི་ནང་། ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༥ ཚེས་ ༡༦ ཉིན་འབྲས་ལྗོངས་རྒྱ་གར་གྱི་མངའ་སྡེའི་ངོ་བོར་གྱུར་ནས་ལོ་ངོ་ལྔ་བཅུ་འཁོར་བར་དབུས་གཞུང་གིས་རོགས་སྐྱོར་ཡོང་བའི་རེ་སྐུལ་དང་། ལིམ་བྷོ་(Limboo) དང་། རྟ་མང་གི་ཚོགས་སྡེ་རྣམས་ལ་མངའ་སྡེའི་གྲོས་ཚོགས་ནང་དུ་འཐུས་མིའི་ས་མིག་དམིགས་བཀར་ཟུར་འཇོག་བྱེད་དགོས་པ། ཚོགས་སྡེ་བཅུ་གཉིས་ལ་གདོད་མིའི་གྲལ་རིམ་ངོས་འཛིན་བྱ་རྒྱུ། ༧དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་འབྲས་ལྗོངས་སུ་གདན་འདྲེན་ཞུ་ཐབས་སོགས་ཀྱི་རོགས་སྐྱོར་ཞུས་ཡོད། ད་ལྟའི་ཆར་རྒྱ་གར་ནས་གངས་རིན་པོ་ཆེར་གནས་མཇལ་དུ་འགྲོ་སའི་ལམ་ཡག་པོ་གསུམ་ཡོད་པ་ལས། འབྲས་ལྗོངས་བརྒྱུད་ནས་གངས་རིན་པོ་ཆེར་འགྲོ་སའི་ལམ་དེ་ནི་གནས་སྐོར་བགྲོད་ལམ་ཡག་ཤོས་ཡིན་པས། ལམ་དེའི་རྨང་གཞིའི་འཛུགས་སྐྲུན་དང་འགྲུལ་བཞུད་བདེ་ཐབས་སུ་དབུས་གཞུང་གིས་ཐེ་ཇུས་བྱེད་དགོས་པའི་རེ་སྐུལ་ཞུས་ཡོད།

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་རྒྱ་གར་གྱི་རྩོམ་པ་པོ་ཁུ་ལོ་ཌི་ཨར་པེ་ (Claude Arpi) ལགས་ཀྱིས་རྒྱ་གར་གཞུང་༧གོང་ས་མཆོག་དང་ལྷན་དུ་འབྲེལ་བ་བྱེད་པར་ངོ་གནོང་མི་དགོས་ཞེས་པའི་རྩོམ་ཡིག་ཅིག་སྤེལ་ཡོད་པའི་ཁྲོད། རྒྱ་གར་གྱི་བདེ་འཇགས་ལ་བོད་དོན་ཧ་ཅང་གལ་འགངས་ཆེ་བས། རྒྱ་གར་དང་བོད་བར་གྱི་ས་མཚམས་ཀྱི་ས་ཁམས་ཆབ་སྲིད་ཀྱི་ཐོག་ནས་གནད་འགག་ཅིག་ཏུ་གྱུར་ཡོད་སྟབས། རྒྱ་གར་གྱི་གཞུང་འཛིན་མགོ་ཁྲིད་དང་གྲོས་ཚོགས་འཐུས་མི་ཚོས་བོད་ཀྱི་སྐོར་ལ་གླེང་སློང་སྔར་ལྷག་བྱ་དགོས་པའི་དུས་ལ་བབ་ཡོད་པའི་སྐོར་སོགས་གསལ་ཡོད་པ་རེད།

ཕྱི་ཟླ་ ༧ ཚེས ༢༦ ཉིན་ལའོ་སི་རྒྱལ་ཁབ་ཏུ་རྒྱ་གར་ཕྱི་སྲིད་བློན་ཆེན་ཇེ་ཤར་ཀར་མཆོག་དང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེ་གཉིས་ཐུག་འཕྲད་བྱས་ཏེ། ཕྱོགས་གཉིས་ཀྱིས་ཧིན་བོད་མཐའ་མཚམས་ས་ཐིག (LAC) ཁུལ་དུ་བདེ་འཇགས་ཡོང་ཐབས་ཀྱི་གནད་དོན་གླེང་སློང་བྱས་པའི་ཁྲོད། ཕྱོགས་གཉིས་ཀྱིས་ཧིན་བོད་མཐའ་མཚམས་ཁུལ་གྱི་དམག་མིའི་གདོང་ཐུག་ཚུད་པའི་དཀའ་རྙོག་དེ་དག་གང་མགྱོགས་ཞི་ཐབས་དང་། མཐའ་མཚམས་ཀྱི་བདེ་འཇགས་དང་བརྟན་བརླིང་སོགས་ལ་དམིགས་ནས། གང་མགྱོགས་ཕྱོགས་གཉིས་ཀྱི་དམག་མི་ཕྱིར་འཐེན་བྱ་རྒྱུ་ཡིན་པའི་ཐག་ཆོད་བྱུང་ཡོད་སྟབས། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་མཆོག་གིས། རྒྱ་ནག་གཞུང་གི་མཐའ་མཚམས་དམག་དོན་མི་སྣ་སོགས་དང་འབྲེལ་འདྲིས་ཀྱིས་ཕྱོགས་གཉིས་ཀྱི་མཐའ་མཚམས་ཀྱི་དཀའ་རྙོག་སེལ་ཐབས་བྱེད་ཀྱི་ཡོད་པ་མ་ཟད། ཕྱོགས་གཉིས་ཀྱིས་ཧིན་བོད་མཐའ་མཚམས་ཁུལ་གྱི་ས་ཐིག་དང་སྔ་གཞུག་ཏུ་བཞག་པའི་དམག་དོན་གྱི་གྲོས་མཐུན་དག་ལ་བརྩི་འཇོག་བྱ་རྒྱུ་ཡིན་སྐོར་གསུངས་འདུག་ཀྱང་། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་དཀར་ནག་གི་ཕྱི་སྲིད་བློན་ཆེན་ཐུག་འཕྲད་ཀྱིས་ཕྱོགས་གཉིས་ཀྱིས་མཐའ་མཚམས་ཀྱི་དམག་དོན་དཀའ་ངལ་སེལ་རྒྱུར་གྲོས་མཐུན་བྱུང་བ་དང་འབྲེལ་བའི་གནས་ཚུལ་གང་ཡང་ཕྱིར་བསྒྲགས་བྱས་མེད་པ་རེད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

 མགོན་པོ་སྐྱིད་ལགས་ཀྱིས་སླར་ཡང་རང་སྲོག་བློས་གཏོང་གིས་ལས་འགུལ་སྤེལ།

ཆུ་ཚོད་ ༡༠ སྔོན་ལ།
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese