མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་གིས་ཨ་རིའི་གྲོས་ཚོགས་འཐུས་མི་ཇིམ་མེག་གྷོ་ཝན་མཆོག་ལ་བཀག་སྡོམ་ཉེས་ཆད་བསྒྲགས།

བོད་ཀྱི་དུས་བབ།
༢༠༢༤/༠༨/༠༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཨ་རིའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཇིམ་མེག་གྷོ་ཝན་མཆོག་དང་ཁོང་གི་ཁྱིམ་མི་བུ་ཕྲུག་རྣམས་རྒྱ་ནག་ནང་འགྲོ་བསྐྱོད་བཀག་སྡོམ་བྱས་ཡོད་ཚུལ་བསྒྲགས་འདུག

རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་ཇིམ་མེག་གྷོ་ཝན་མཆོག་ལ་ཉེས་ཆད་བསྒྲགས། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་དྲ་ངོས་ཀྱི་པར།

ཁ་སང་ཕྱི་ཟླ་ ༧ ཚེས་ ༣༡ ཉིན་རྒྱ་ནག་གཞུང་གིས་ཨ་རིའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) མཆོག་གིས་ཡིག་ངག་གཉིས་ཀྱི་ཐོག་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱས་པའི་སྐྱོན་འཛུགས་བྱས་ཏེ། རྒྱ་ནག་ནང་ཡོད་པའི་ཁོང་གི་རྒྱུ་དངོས་དང་དཔལ་འབྱོར་འཁོར་སྐྱོད་བྱེད་མི་ཐུབ་པར་བཟོས་ཡོད་པ་མ་ཟད། ཁོང་དང་ཁོང་གི་ནང་མི་བུ་ཕྲུག་རྣམས་རྒྱ་ནག་ནང་འགྲོ་བསྐྱོད་བྱ་རྒྱུ་བཀག་སྡོམ་བྱས་ཡོད་ཚུལ་བསྒྲགས་འདུག་ནའང་། སྐུ་ཞབས་ཇིམ་མེག་གྷོ་ཝན་མཆོག་ལ་རྒྱ་ནག་ནང་རྒྱུ་དངོས་དང་ཚོང་འབྲེལ་གང་ཡང་མེད་པ་རེད་འདུག་པས། ཁོང་ལ་ཉེས་ཆད་བསྒྲགས་པ་ནི་མཚོན་དོན་ཙམ་ཞིག་ཡིན་པ་ལས་ཤུགས་རྐྱེན་གང་ཡང་ཐེབས་ཀྱི་མེད་པ་ཨེ་པེ་(AP)གསར་ཁང་གིས་བསྒྲགས་འདུག

དེ་འབྲེལ་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་བཀའ་ཁྱབ་ཨང་ ༡༡ པ་ཟེར་བ་ཞིག་སྤེལ་ཡོད་པའི་ནང་། ཉེ་བའི་ལོ་འགའི་རིང་གྲོས་ཚོགས་འཐུས་མི་ཇིམ་མེག་གྷོ་ཝན་ལགས་ཀྱིས་ཡིག་ངག་གཉིས་ཀྱི་ཐོག་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱས་ཡོད་པ་མ་ཟད། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་ཁྱད་གསོད་བཏང་ཡོད་པས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་རྒྱལ་ལ་ངོ་རྒོལ་ཉེས་ཆད་བཅའ་ཁྲིམས་ཀྱི་དོན་ཚན་གསུམ་པ། བཞི་པ། ལྔ་པ། དྲུག་པ། དགུ་པ། བཅོ་ལྔ་བའི་ནང་གསལ་གྱི་སྒྲིག་གཞི་གཞིར་བཟུང་ལྟར། ཇིམ་མེག་གྷོ་ཝན་ལ་གཤམ་གསལ་ངོ་རྒོལ་གྱི་ཐབས་ལམ་ཁག་ལག་བསྟར་བྱེད་པའི་ཐག་གཅོད་བྱས་པ་ཡིན། དང་པོ།  རྒྱ་ནག་ནང་ཡོད་པའི་རྒྱུ་དངོས་དང་། དཔལ་འབྱོར་འཁོར་བསྐྱོད་རིགས་བཀག་སྡོམ་བྱ་རྒྱུ། གཉིས་པ། རྒྱ་ནག་ནང་གི་ཚོགས་སྡེ་ཁག་དང་མི་སྒེར་བར་ཚོང་འབྲེལ་དང་མཉམ་ལས་སོགས་བཀག་སྡོམ་བྱ་རྒྱུ། གསུམ། ཁོང་དང་ཁོང་གི་བཟའ་ཟླ་བུ་ཕྲུག་ལ་རྒྱ་ནག་གི་མཐོང་ཆེན་ལག་འཁྱེར་བཀག་སྡོམ་བྱ་རྒྱུ། ཕྱི་ཟླ་ ༧ ཚེས་ ༣༡ ནས་བཟུང་ཉེས་ཆད་འདི་ལག་བསྟར་བྱ་རྒྱུ་ཡིན། ཞེས་འཁོད་འདུག

བོད་དོན་རྒྱབ་སྐྱོར་བ་དང་ཡུན་རིང་གི་བོད་ཀྱི་གྲོགས་པོ་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) མཆོག་གིས་སྒེར་གྱི་ཨེག་སི་སྤྱི་ཚོགས་དྲ་ལམ་དུ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མགོ་ཁྲིད་ཚོས་རྒྱ་ནག་གི་འཇིགས་སུ་རུང་བའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་མི་མང་གིས་སྐྱོན་བརྗོད་བྱས་པར་དགའ་བོ་མེད་ཚེ། རྒྱ་གཞུང་གིས་ལག་བསྟར་བྱེད་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐྱོ་བོ་དེ་ཡར་རྒྱས་གཏོང་དགོས་པ་མ་ཟད། བོད་ནང་གི་བོད་མི་རྣམས་ལ་དྲག་གནོན་བྱེད་པ་དང་། ཤིན་ཅང་ནང་མི་རིགས་རྩ་མེད་གཏོང་བ། ཧོང་ཀོང་གི་དམངས་གཙོར་དྲག་གནོན་བཅས་མཚམས་འཇོག་བྱས་ཏེ། མི་མང་གི་གནས་སྟངས་ཡར་རྒྱས་གཏོང་མགོ་རྩོམ་ཐུབ་དགོས། ཞེས་བརྗོད་འདུག

ཡང་ཁོང་གིས། ང་ལ་རྒྱ་ནག་གིས་ཁུངས་ལུང་མེད་པའི་ཉེས་ཆད་བཀལ་བ་དེས་རྒྱ་ནག་གི་མགོ་ཁྲིད་ཚོ་རང་དབང་དང་གུ་ཡངས་ཀྱི་བགྲོ་གླེང་བྱེད་པར་ཞེད་སྣང་བྱེད་བཞིན་ཡོད་པ་བསྟན་ཡོད་པའི་ཁར། ཁོ་ཚོས་རང་ཉིད་ཀྱི་ལྟ་ཚུལ་ལ་ངོས་ལེན་མི་བྱེད་མཁན་ཚོར་ཉེས་ཆད་འགེལ་བ་དང་གྲགས་འགུལ་མེད་པར་བཟོ་ཐབས་བྱེད་ཀྱིན་ཡོད། འོན་ཀྱང་འཛམ་གླིང་ཡོངས་ཀྱིས་ཁོ་ཚོའི་བྱ་སྤྱོད་ལ་ལྟ་ཞིབ་བྱེད་ཀྱི་ཡོད་ཅིང་། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་མཁན་ཚོ་ཁུ་སིམ་མེར་སྡོད་ཀྱི་མ་རེད། ངས་སྤོབས་པ་ཆེན་པོའི་ངང་ནས་ཉེས་ཆད་འདི་ཆེ་བསྟོད་ཀྱི་དཔུང་རྟགས་ཅིག་ལ་ངོས་འཛིན་བྱ་རྒྱུ་ཡིན། ཞེས་བརྗོད་འདུག

སྤྱིར་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) མཆོག་ནི། ཨ་རིའི་མཱ་སཱ་ཆུག་སེ་སི་མངའ་སྡེའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་དང་། ཨ་རིའི་གྲོས་ཚོགས་ཀྱི་དམངས་གཙོ་ཚོགས་པའི་ཁྲིམས་སྒྲིག་ཞིབ་དཔྱོད་རྒྱུན་ལས་ཀྱི་ཚོགས་གཙོ། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་བཅས་ཡིན་ཁར།  ཨ་རིའི་གྲོས་ཚོགས་ནང་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེན་མཁན་གྱི་མི་སྣ་ཞིག་ཡིན་སྟབས། ཐེངས་འདིར་རྒྱ་ནག་གིས་ཁོང་ལ་ཉེས་ཆད་བསྒྲགས་དོན་ནི། ཁོང་གིས་ཉེ་ལམ་ཨ་རིའི་ཁྲིམས་སུ་གྱུར་བའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་ལ་དངོས་ཤུགས་བརྒྱུད་གསུམ་ཐོག་ནས་རྒྱབ་སྐྱོར་གནང་བ་ལ་བརྟེན་ནས་བྱུང་བ་ཡིན་སྐོར་བརྗོད་འདུག

ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༡༣  ཉིན་གྲོས་ཚོགས་འོག་མའི་ནང་དུ་སྐུ་ཞབས་ཇིམ་མེག་གྷོ་ཝན་མཆོག་གི་ཐུགས་འགན་འཁུར་ཏེ་བོད་རྒྱའི་དཀའ་རྙོག་སེལ་བའི་ཁྲིམས་འཆར་ཐོག་མར་ངོ་སྤྲོད་གནང་ཡོད་པ་དང་། དེ་ནས་ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༣༠ ཉིན་གྲོས་ཚོགས་གོང་མའི་ནང་ངོ་སྤྲོད་གནང་། ཕྱི་ལོ་ ༢༠༢༤ ཟླ་བ་ ༢ ཚེས་ ༡༥ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་ཚད་མཐོའི་མང་མོས་རྒྱབ་སྐྱོར་ཐོབ་ཡོད་པ་དང་། ཕྱི་ཟླ་ ༥ པའི་ཚེས་ ༢༣ བོད་ལུགས་ཀྱི་ས་ག་ཟླ་བའི་ཚེས་པ་ ༡༥ ཉིན། ཨ་རིའི་གྲོས་ཚོགས་གོང་མའི་ནང་སྤྱི་མོས་རྒྱབ་སྐྱོར་ཐོབ། ཕྱི་ཟླ་ ༦ ཚེས་ ༡༢ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་ཁྲིམས་འཆར་གྱི་བསྐྱར་བཅོས་ཚིག་བརྗོད་ལ་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པའི་འཐུས་མི་ ༣༩༡ གིས་རྒྱབ་སྐྱོར་གནང་སྟེ་གྲོས་ཚོགས་གོང་འོག་གཉིས་ནས་གཏན་འབེབ་གནང་བ་ལྟར། ཨ་རིའི་སྲིད་འཛིན་གཞོན་པ་ཀ་མ་ལ་ཧེ་རི་སི(Kamala Harris) མཆོག་དང་། གྲོས་ཚོགས་འོག་མའི་ཚོགས་གཙོ་མེག་ཇོན་སོན་ (Mike Johnson) མཆོག་རྣམ་གཉིས་ནས་མཚན་རྟགས་བསྐྱོན་གྲུབ་སྟེ། ཕྱི་ཟླ་ ༧ ཕྱི་ཚེས་ ༡༣ ཉིན་སྲིད་འཛིན་རྗོ་བྷའེ་ཌིན་མཆོག་གིས་དངོས་སུ་མཚན་རྟགས་བསྐྱོན་ཡོད་པ་རེད།

འདས་ལོའི་ཕྱི་ཟླ་ ༤ ནང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་གསར་འགོད་ལྷན་ཚོགས་ཤིག་གི་སྐབས་སུ། ཨ་རིའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མཱ་ཡི་ཀེལ་མེག་ཁོལ་ (Michael McCaul) མཆོག་དང་། གྲོས་ཚོགས་རྒྱ་ནག་ལས་དོན་ཚོགས་ཆུང་གི་སྐུ་ཞབས་མཱ་ཡི་ཀེལ་གྷ་ལཱ་གྷར་( Michael Gallagher) རྣམ་གཉིས་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ནང་ངོ་སྤྲོད་གནང་བ་དང་ཐའེ་ཝན་ལ་འཚམས་གཟིགས་སུ་ཕེབས་པ་སོགས་དང་འབྲེལ་ནས་ཉེས་ཆད་བསྒྲགས་ཡོད་ཅིང་། དེ་བཞིན། ཕྱི་ཟླ་ ༢༠༢༠ ཟླ་ ༧ ནང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མར་ཁོ་རུ་བྷིའོ་(Marco Rubio)་མཆོག་དང་། གྲོས་ཚོགས་གོང་མའི་འཐུས་མི་(Ted Cruz) མཆོག གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཁི་རི་སི་སི་མི་ཐི་(Chris Smith) མཆོག་སོགས་ལ་ཉེས་ཆད་བཏང་བ་ཡོངས་བསྒྲགས་བྱས་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese