མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་རྒྱབ་སྐྱོར་བ་ཞིག་ཨ་རིའི་སྲིད་འཛིན་གཞོན་པའི་འོས་མིར་བདམས།

བོད་ཀྱི་དུས་བབ།
༢༠༢༤/༠༨/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་མི་ནི་སོ་ཌ་མངའ་སྡེའི་བློན་ཆེན་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཊིམ་ཝལ་ཛི་ལགས་ཨ་རིའི་སྲིད་འཛིན་གཞོན་པའི་འོས་མིར་བདམས་ཡོད་འདུག

བོད་དོན་རྒྱབ་སྐྱོར་བ་ཞིག་ཨ་རིའི་སྲིད་འཛིན་གཞོན་པའི་འོས་མིར་ལངས།

ཟླ་འདིའི་ཕྱི་ཚེས་ ༦ ཉིན་ཨ་རིའི་ལས་ཐོག་སྲིད་འཛིན་གཞོན་པ་དང་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཀཱ་མཱ་ལཱ་ཧེ་རི་སི་(Kamala Harris) མཆོག་གིས་ཨ་རིའི་མི་ནི་སོ་ཌ་མངའ་སྡེའི་བློན་ཆེན་སྐུ་ཞབས་ཊིམ་ཝལ་ཛི་ (Tim Walz) ལགས་ཨ་རིའི་སྲིད་འཛིན་གཞོན་པའི་འོས་མིར་བདམས་ཡོད་པའི་གསལ་བསྒྲགས་གནང་ཡོད་འདུག

ལྕམ་ཀཱ་མཱ་ལཱ་ཧེ་རི་སི་མཆོག་གི་གཞུང་འབྲེལ་གསལ་བསྒྲགས་ཤིག་སྤེལ་བའི་ནང་དུ། མི་ནི་སོ་ཌ་མངའ་སྡེའི་བློན་ཆེན་སྐུ་ཞབས་ཊིམ་ཝལ་ཛི་ལགས་ཨ་རིའི་སྲིད་འཛིན་གཞོན་པའི་འོས་མིར་ལངས་རྒྱུ་སྤོབས་པ་ཆེན་པོའི་གསལ་བསྒྲགས་ཞུ་འདོད་བྱུང་།  ཁོང་ནི་ཨ་རིའི་རྒྱལ་ཁབ་ཀྱི་བདེ་སྲུང་ཆེད་དུ་ལོ་ངོ་ ༢༤ རིང་དམག་མིའི་བྱ་བ་བསྒྲུབ་པ་དང་། མཐོ་རིམ་སློབ་གྲྭར་དགེ་རྒན་གྱི་བྱ་གཞག་གཉེར་བ། མངའ་སྡེའི་བློན་ཆེན་སོགས་ཨ་རིའི་རྒྱལ་ཁབ་ཀྱི་ལས་དོན་ཐོག་ཉམས་མྱོང་ཕུན་སུམ་ཚོགས་པའི་དབུ་ཁྲིད་ཡིན་པ་མ་ཟད།  ཨ་རིའི་སྤྱི་ཚོགས་ཁྲོད་ཀྱི་ཁྱིམ་ཚང་གི་དཀའ་ངལ་མང་པོར་ལྟ་སྐྱོང་ཐུབ་པའི་མཛད་རྗེས་ཡོད་པའི་མི་སྣ་མཆོག་ཏུ་གྱུར་བ་ཞིག་ཡིན་པས། ཁོང་ལྟ་བུའི་མི་སྣ་ཞིག་དམངས་གཙོ་སྲིད་དོན་ཚོགས་པའི་ནང་དུ་བཞུགས་པ་ཧ་ཅང་དགའ་འོས་པ་ཞིག་རེད། ང་ཚོ་མཉམ་འབྲེལ་ཐོག་ནས་རྒྱལ་ཁབ་ཀྱི་ལས་དོན་བྱེད་ཕྱོགས་མགོ་ཚུགས་ཡོད། ཅེས་གསུངས་འདུག

ཨ་རིའི་མི་ནི་སོ་ཊ་མངའ་སྡེའི་བློན་ཆེན་ཊིམ་ཝལ་ཛི་ལགས་ཀྱིས། འདས་བའི་ལོ་ངོ་འདི་དག་གི་རིང་མི་ནི་སོ་ཊ་མངའ་སྡེ་ནང་གི་ལས་དོན་ཐམས་ཅད་ཚགས་ཚུད་ཡོང་ཡོད། དེ་ནི་མི་ནི་སོ་ཊི་མི་མང་ཡོངས་ཀྱིས་མཐུན་སྒྲིལ་ཐོག་མཉམ་ལས་བྱས་པའི་གྲུབ་འབྲས་ཤིག་རེད། ང་ཚོས་ཁྱད་དུ་འཕགས་པའི་འདས་པའི་ཕྱག་རྗེས་ལ་དཔེར་བལྟས་ཏེ་མ་འོངས་བའི་བྱ་གཞག་གི་ཆེད་དུ་མུ་མཐུད་ཧུར་བརྩོན་བྱེད་དགོས། ཞེས་དང་། ངས་ཁྱིམ་ཚང་དང་སློབ་ཕྲུག་གི་གནས་བབ་ཐོག་འབད་བརྩོན་བྱས་པའི་གྲུབ་འབྲས་མངའ་སྡེའི་གྲོས་ཚོགས་སུ་བསྐྱལ་ཡོད་ལ། སྲིད་འཛིན་གཞོན་པ་ཧེ་རི་སི་དང་མཉམ་ལས་བྱས་པའི་གྲུབ་འབྲས་ཕོ་བྲང་དཀར་པོའི་བསྐྱལ་རྒྱུ་ཡིན། ཞེས་བརྗོད་འདུག

སྐུ་ཞབས་ཊིམ་ཝལ་ཛི་ལགས་ནི་ད་ལྟའི་ཨ་རིའི་མི་ནི་སོ་ཊ་མངའ་སྡེའི་བློན་ཆེན་དང་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་ཞིག་ཡིན་ཞིང་། ཕྱི་ལོ་ ༢༠༡༥ ལོར་ལྕམ་ནན་སི་པི་ལོ་སི་མཆོག་གིས་སྣེ་ཁྲིད་པའི་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ནང་ཁོང་ཡང་བོད་དང་རྒྱ་ནག་ནང་གཟིགས་སྐོར་ཕེབས་ཡོད་འདུག ཕྱི་ལོ་ ༢༠༡༡ ལོར་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཐད་ཀྱི་ཆེས་མཐོའི་ལྷན་ཚོགས་ཀྱི་ལོ་འཁོར་སྙན་ཐོ་བཏོན་སྐབས། སྐུ་ཞབས་ཊིམ་ཝལ་ཛི་ལགས་ཀྱིས་རྒྱ་གཞུང་གིས་བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་ཁྲོད་དུ་དྲག་གནོན་ཤུགས་ཆེན་བྱེད་བཞིན་ཡོད་ཀྱང་། ཁོང་ཚོས་རང་ཉིད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱས་ཏེ། རྒྱ་གཞུང་ལ་མུ་མཐུད་འཐབ་རྩོད་བྱེད་བཞིན་ཡོད་པ་མ་ཟད།  རྒྱ་ནག་གཞུང་གི་དཔོན་རིགས་ཚོས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཆོས་ཕྱོགས་ཀྱི་དབུ་ཁྲིད་དུ་བརྩི་བཀུར་བྱེད་ཀྱི་མེད། ཅེས་བརྗོད་འདུག དེ་བཞིན་ཕྱི་ལོ་ ༢༠༡༦ ལོར་ཨ་རིའི་སོ་ཊའི་མངའ་སྡེའི་ནང་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཆིབས་བསྒྱུར་བསྐྱངས་སྐབས་མཇལ་འཕྲད་ཞུས་པ་མ་ཟད།  སྐབས་དེར་༸གོང་ས་མཆོག་གི་སྐུ་པར་དྲྭ་ལམ་དུ་སྤེལ་སྟེ། ༸གོང་ས་མཆོག་དང་མཉམ་དུ་འགྲོ་བ་མིའི་བཟང་སྤྱོད་དང་བྱམས་སྙིང་རྗེའི་སྐོར་གླེང་རྒྱུ་བྱུང་བ་ནི་ཁོང་གིས་ཉིན་རེའི་འཚོ་བའི་ཁྲོད་དུ་རིན་ཐང་ཆེ་བའི་ལམ་སྟོན་དེ་དག་ལག་བསྟར་ཡོང་ཐབས་བྱེད་བཞིན་ཡོད་ཅེས་བཀོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

ཆུ་ཚོད་ ༡༦ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

༢༠༢༦/༠༦/༣༠
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༦/༣༠
Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

༢༠༢༦/༠༦/༢༩
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese