མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ཡུལ་ནས་ཡང་བསྐྱར་ཐད་འཕུར་གནམ་གྲུ་ཞིག་བརྡབ་སྐྱོན་བྱུང་།

བོད་ཀྱི་དུས་བབ།
༢༠༢༤/༠༨/༠༨
Share on FacebookShare on TwitterShare on EmailShare on Whatsapp

བལ་ཡུལ་གྱི་ཐད་འཕུར་གནམ་གྲུ་ཞིག་རི་ལ་བརྡབ་སྐྱོན་བྱུང་སྟེ་གནམ་གྲུའི་ཁ་ལོ་བ་གཅིག་དང་རྒྱ་ནག་མི་སེར་ ༤ བཅས་རྐྱེན་འདས་སུ་ཕྱིན་འདུག

Rescuers search for bodies on the site of the Air Dynasty helicopter crash in Suryachaur area, northwest of Kathmandu, on Wednesday. Angad Dhakal/TKP

ཁ་སང་ཕྱི་ཚེས་ ༧ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༡ །༥༤ ཙམ་ལ་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཌུ་ནས་སི་ཡ་ཕི་རུ་བྷེ་སི་བསྐྱོད་པའི་ཐད་འཕུར་གནམ་གྲུ་(Dynasty)ཞིག་རི་ཀ་ཐ་མན་ཌུ་ནུབ་བྱང་ཀྱི་སྤྱི་ལེ་ ༡༡ མཚམས་ནས་རི་ལ་བརྡབ་སྐྱོན་བྱུང་སྟེ་གས་ཐོར་བྱུང་ཡོད་ཅིང་། ཐེངས་འདིའི་གནམ་གྲུ་བརྡབ་སྐྱོན་ནང་ཁྱོན་མི་གྲངས་ ༥ རྐྱེན་འདས་སུ་གྱུར་ཡོད་པའི་ཁྲོད། ཐད་འཕུར་གནམ་གྲུའི་ཁ་ལོ་བ་གཅིག་དང་། རྒྱ་ནག་གི་མི་སེར་ ༤ ཡོད་པའི་ནང་བུད་མེད་གཅིག་བཅས་ཚུད་ཡོད་འདུག

ཌེ་ནཱ་ས་ཊི་གནམ་ཐང་གི་བདེ་འཇགས་དོ་དམ་པ་བྷལ་ཀྲི་ཤི་ནཱ་པན་ཊི་ཏ་ (Bal Krishna Pandit) ལགས་ཀྱིས། ཐད་འཕུར་གནམ་གྲུ་དེ་ནི་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཌུ་ནས་བྱང་ཕྱོགས་སུ་བསྐྱོད་བཞིན་པའི་གནམ་གྲུ་ཞིག་ཡིན་པ་དང་། ཐེངས་འདིའི་འགྲུལ་སྐྱོད་ཁྲོད་དུ་གནམ་གྲུའི་ཁ་ལོ་བ་མི་གྲངས་ ༡ དང་། འགྲུལ་བ་རྒྱ་ནག་གི་མི་སེར་མི་གྲངས་ ༤ བཅས་ཁྱོན་མི་གྲངས་ ༥ ཡོད། ང་ཚོས་གནམ་གྲུ་བརྡབ་སྐྱོན་བྱུང་བའི་རྒྱུ་མཚན་གསལ་བོ་ཤེས་ཀྱི་མི་འདུག ཐོག་མའི་སྙན་ཐོའི་ནང་ཤཱི་ཝ་པུ་རི་རི་རྒྱུད་དུ་གནམ་གཤིས་ལ་དཀའ་ངལ་ཡོད་པ་བསྟན་ཡོད་འདུག ཡིན་ནའང་ཀ་ཐ་མན་ཌུ་ཁུལ་དུ་གནམ་གཤིས་གཙང་མ་རེད། ཅེས་བརྗོད་ཡོད་འདུག

ཀ་ཐ་མན་ཌུའི་གསར་ཁང་གི་གསར་འགོད་པ་ཨན་གྷ་ཌི་དྷ་ཀཱལ་ལགས་ཀྱིས། ང་རང་གནམ་གྲུ་བརྡབ་སྐྱོན་བྱུང་སའི་ཡུལ་དངོས་སུ་ཆུ་ཚོད་གཅིག་གི་རྗེས་སུ་འབྱོར། ཡུལ་དངོས་ཡོངས་སུ་སྨུག་པ་མཐུག་པོ་གཡོགས་འདུག ས་གནས་མི་མང་གིས་ཤིང་ནགས་ཀྱི་གསེང་ནས་གས་གཏོར་བྱུང་བ་མཐོང་ཡོད་འདུག  དོན་རྐྱེན་བྱུང་སའི་ཡུལ་དངོས་ཧ་ཅང་འཇིགས་སྣང་སྐྱེས་པ་ཞིག་རེད། ཉེན་རྟོག་པ་རྣམས་ཀྱིས་ཤིང་ནགས་ཁྲོད་དུ་གྲོངས་ཟིན་པའི་ཕུང་པོ་འཚོལ་བཞིན་འདུག ཅེས་བརྗོད་འདུག

ཕྱི་ཟླ་ ༧ ཚེས་ ༢༤ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ །༡༡ ཙམ་ལ་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཌུ་ནས་སྤོག་རར་བསྐྱོད་པའི་སཱུར་ཡ་གནམ་གྲུ་(Saurya Aircraft)  ཊི་རི་བྷུ་ཝན་རྒྱལ་སྤྱིའི་གནམ་ཐང་(Tribhuvan International Airport in Kathmandu) གི་འབབ་ཐང་ནས་དྲུད་བརྡར་ཤོར་ཏེ་བརྡབ་སྐྱོན་བྱུང་ཡོད་ཅིང་། ཐེངས་འདིའི་གནམ་གྲུ་བརྡབ་སྐྱོན་ནང་མི་གྲངས་ ༡༨ རྐྱེན་འདས་སུ་གྱུར་ཡོད་པའི་ཁྲོད། བྱིས་པ་གཅིག་དང་ཡེ་མན་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་གཅིག་ཀྱང་ཚུད་ཡོད་འདུག་ལ། གནམ་གྲུའི་ཁ་ལོ་བ་ཀ་ཐ་མན་ཌུའི་སྨན་ཁང་ཞིག་ཏུ་མྱུར་སྐྱོབ་བྱས་ཡོད་འདུག

ཆེད་མཁས་པ་རྣམས་ཀྱིས་བལ་ཡུལ་དུ་གནམ་གཤིས་ཡག་པོ་མེད་པའི་ཁར། མཁའ་ལམ་ནས་རྒྱང་དུ་ཡག་པོ་མི་མཐོང་བ་དང་རི་རྒྱུད་མང་པོ་ཞིག་ཡོད་སྟབས། བལ་ཡུལ་གྱི་མཁའ་ལམ་ནི་ཡོངས་གྲགས་ཐོག་ཆེས་ཉེན་ཚབས་ཆེ་ཤོས་ཀྱི་ས་ཚིགས་ཤིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་སྐོར་བརྗོད་ཡོད་འདུག དེ་བཞིན་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡༦ ཉིན་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཌུ་ནས་སྤོག་རར་བསྐྱོད་པའི་ཡེ་ཊི་མཁའ་ལམ་(Yeti Airlines) འགྲིམ་འགྲུལ་ཁང་གི་ (ATR-72) རྟགས་ཅན་གྱི་གནམ་གྲུ་ཞིག་སྤོག་རའི་གནམ་ཐང་གི་མཁའ་ལམ་ནས་མར་བབ་སྐབས། གནམ་གཤིས་ཡག་པོ་མེད་པ་སོགས་ཀྱི་དབང་གིས། གནམ་གྲུ་བརྡབ་སྐྱོན་བྱུང་ནས་མི་གྲངས་ ༦༨ རྐྱེན་འདས་སུ་གྱུར་ཡོད་འདུག

ཡེ་ཊི་མཁའ་ལམ་འགྲིམ་འགྲུལ་ཁང་གི་ (ATR-72) རྟགས་ཅན་གྱི་གནམ་གྲུའི་ནང་དུ་མཁའ་ལམ་ཞབས་ཞུ་བ་མི་གྲངས་ ༤ ཚུད་པའི་འགྲིམ་འགྲུལ་བ་ ༦༨ ཡོད་པའི་ཁྲོད། སྐྱེས་པ་གྲངས་ ༣༧ དང་བུད་མེད་ ༢༥ བྱིས་པ་དམར་རྗེན་ ༣ ཚུད་པའི་ཕྲུ་གུ་ ༦ ཡོད་འདུག་ལ། དེའི་ནང་བལ་པོ་བ་གྲངས་ ༥༣ དང་། རྒྱ་གར་བ་ ༥། ཨུ་རུ་སུ་ནས་མི་གྲངས ༤། ཀོ་རི་ཡ་ ༢། དེ་བཞིན་ཨོ་གླིང་དང་། ཨར་ཇེན་ཊི་ན། ཧྥ་རན་སི། ཨའེ་ལེན་ཌི་བཅས་ནས་མི་གྲངས་གཅིག་རེ་ཡོད་འདུག

ཕྱི་ལོ་ ༡༩༤༩ ལོར་བལ་ཡུལ་ནང་ཐེངས་དང་པོར་གནམ་གྲུ་འཕུར་སྐྱོད་བྱེད་མགོ་བརྩམས་པ་ནས་བཟུང་ད་བར་གནམ་གྲུའི་བརྡབ་སྐྱོན་ཐེངས་ ༤༢ ལྷག་བྱུང་ཡོད་ཅིང་། ཧི་མ་ལ་ཡའི་རི་རྒྱུད་དུ་ཆགས་པའི་བལ་ཡུལ་རྒྱལ་ཁབ་ནི་གནམ་གྲུའི་མཐུན་རྐྱེན་ལེགས་པོ་མེད་པའི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༡ ནང་བྱུང་བའི་གནམ་གྲུ་བརྡབ་སྐྱོན་དེ་ནི་བལ་ཡུལ་ནང་གི་ལོ་ངོ་ ༣༠ རིང་གི་དོན་རྐྱེན་ཆེས་ཆེ་ཤོས་ལ་ངོས་འཛིན་བྱེད་ཀྱིན་འདུག་ལ། ཧི་མ་ལ་ཡའི་རི་རྒྱུད་དུ་ཆགས་པའི་རྒྱལ་ཁབ་ཁག་ཏུ་བྱུང་བའི་མཁའ་ལམ་དོན་རྐྱེན་ཆེ་ཤོས་གཉིས་པ་དེ་ཡིན་འདུག ཕྱི་ལོ་ ༡༩༩༢ ལོར་པ་ཀི་སི་ཐན་དུ་གནམ་གྲུའི་དོན་རྐྱེན་བྱུང་བའི་ཁྲོད་མི་གྲངས་ ༡༦༧ འདས་གྲོངས་སུ་གྱུར་ཡོད་ཅིང་། དེ་ནི་ཧི་མ་ཡ་ལའི་རི་རྒྱུད་རྒྱལ་ཁབ་ཁག་ཏུ་བྱུང་བའི་གནམ་གྲུའི་བརྡབ་སྐྱོན་ཆེས་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༡༢ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese