མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་དཔོན་ཆེན་མོ་ཆོས་ཉིད་དབང་མོ་(Francoise Robin) ལགས་སུ་བཅར་འདྲི། ཚན་པ་དང་པོ།

བོད་ཀྱི་དུས་བབ།
༢༠༢༤/༠༨/༠༩
Share on FacebookShare on TwitterShare on EmailShare on Whatsapp

བོད་ནང་གི་ཉེ་རབས་རྩོམ་རིག་དང་གློག་བརྙན་བཟོ་བསྐྲུན།

བཅར་འདྲི་བ། གྷོ་ཁུལ་ཁེ་སི(Gokul KS)   བོད་སྒྱུར་བ། འབུམ་རམས་པ་ལྷ་མོ་མཚོ།

སློབ་དཔོན་ཆེན་མོ་ཆོས་ཉིད་དབང་མོ་(Francoise Robin)

སློབ་དཔོན་ཆེན་མོ་ཆོས་ཉིད་དབང་མོ(Francoise Robin)ལགས་ནི་ཤར་ཕྱོགས་ཤེས་ཡོན་དང་སྐད་ཡིག་སློབ་ཆེན་གྱི་(INALCO) བོད་ཀྱི་སྐད་ཡིག་དང་རྩོམ་རིག་གི་སློབ་དཔོན་ཆེན་མོ་དང་རྒྱལ་སྤྱིའི་བོད་རིག་པའི་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཡིག་ཡིན་པ་རེད། ཁོང་མོའི་ཉེ་བའི་དཔར་བསྐྲུན་དེབ་ནི་( Robbie Barnett and Benno Weiner)མཉམ་དུ་ཕྱོགས་སྒྲིག་གནང་བ་དང་འགོ་བརྗོད་ལ་༼མའོ་ཡི་དབང་བསྒྱུར་འོག་གི་བོད་ཀྱི་ལོ་རྒྱུས་༽ སྟེ་༼རྩོད་རྙོག་གི་ཕྱིར་དྲན་སླར་ཡང་བརྗོད་པ་༽ཞེས་པ་དང་། ལྷ་བྱམས་རྒྱལ་གྱི་བརྩམས་སྒྲུང་༼ཁ་བར་སྒུག་པ་༽ ཞེས་པ་ཧྥ་རན་སིའི་སྐད་ནང་ཕབ་སྒྱུར་ཞུས་པ་བཅས་རེད། ཕྲན་ནི་སློབ་དཔོན་ཆེན་མོ་ཆོས་ཉིད་དབང་མོ་ལགས་སུ་ན་ནིང་སྤྱི་ཟླ་བཅུ་གཅིག་པའི་ནང་དུ་རྡ་རམ་ས་ལར་མཇལ་སྐལ་བྱུང་།

ང་ཚོས་ང་ཚོའི་ཧི་མ་ལ་ཡའི་ཕྱི་ནང་གཉིས་སུ་ཡོད་པའི་བོད་ཀྱི་རྩོམ་པ་པོ་དང་གློག་བརྙན་བཟོ་བསྐྲུན་གྱི་ཉམས་མྱོང་སྐོར་ལ་བསམ་བློ་བརྗེ་རེས་བྱས་པ་ཡིན། བོད་ཀྱི་གློག་བརྙན་ལ་དགའ་བས་ང་ཚོའི་དབར་འབྲེལ་ལམ་བྱུང་བ་དང་། དེས་ང་ཚོའི་གླེང་མོལ་ལ་དབང་བསྒྱུར་བྱས་པ་ནི་རང་བཞིན་ལྷན་སྐྱེས་ཤིག་ཀྱང་རེད།

བཅར་འདྲི་འདིའི་ནང་དུ་སློབ་དཔོན་ཆེན་མོ་ཆོས་ཉིད་དབང་མོ་ལགས་ཀྱིས་མོ་རང་གི་ཤེས་ཡོན་པའི་ཞིག་འཇུག་གི་འགྲུལ་བཞུད་དེ་བོད་རིག་པ་སྨྲ་བ༼མཁས་དབང་༽ ཞིག་གི་བརྒྱུད་རིམ་དང་། བོད་ནང་གི་བོད་ཀྱི་ཉེ་བའི་རྩོམ་རིག་དང་གློག་བརྙན། ཡིག་སྒྱུར་གྱི་ལས་ཀ་དང་གློག་བརྙན་བཟོ་བསྐྲུན་བཅས་གླེང་ཡོད། གཤམ་གྱི་བཅར་འདྲི་འདི་ནི་གོ་དོན་ཁ་གསལ་དུ་རྩོམ་སྒྲིག་བགྱིས་པ་རིང་པོ་ཞིག་ཡིན།

བོད་ཀྱི་རྩོམ་རིག  གློག་བརྙན་དང་རིག་གཞུང་བཅས་ཀྱི་མཁས་དབང་ཞིག་ཡིན་པའི་ཆ་ནས་དང་། ཁྱེད་ཉིད་བོད་ཀྱི་རྩོམ་རིག་དང་བརྙན་མཐོང་བཟོ་སྐྲུན་གྱི་ཡར་རྒྱས་ལ་ཁ་ཕྱོགས་ནས་ལོ་ངོ་བཅུ་ཕྲག་གཉིས་སོང་འདུག་པས་ན། སྐུ་ཉིད་ཀྱིས་སོ་སོའི་ཤེས་ཡོན་གྱི་བརྒྱུད་རིམ་སྐོར་གསུང་རོགས་ཞུ།

ང་བོད་ལ་སླེབས་ཐུབ་པ་དེ་ནི་༡༩༩༠ ལོའི་ནང་ཞིག་ལ་ Peter Matthiessen’s The Snow Leopard དེབ་དེ་བཀླགས་རྗེས་བལ་ཡུལ་ལ་འགྲུལ་བཞུད་བྱས་པ་དང་། རི་བོ་ཧི་མ་ལ་ཡ་དང་དེའི་ཡུལ་མི་ཚོར་ཐོག་མར་འཕྲད་པ་དང་དེར་རྗེས་སྙེག་བྱས་ནས་བྱུང་བ་ཞིག་ཡིན།

ངས་INALCO ནས་བོད་ཡིག་སྦྱངས་རྒྱུ་ཐག་བཅད་པ་དང་། ངའི་འབུམ་རམས་པའི་བརྗོད་གཞི་དེ་ཡང་བོད་ཀྱི་རྟོགས་སྒྲུང་རྩོམ་རིག་སྟེང་བྱ་རྒྱུ་མགོ་བཙུགས་པ་ཡིན། སློབ་དཔོན་ཆེན་མོ་ Heather Stoddard མཆོག་ནི་ངའི་འབུམ་རམས་པའི་སློབ་སྟོན་པ་གནང་བ་དེ་ནི་ངའི་སྐལ་བ་བཟང་པོ་ཞིག་ཡིན། ཁོང་མོ་ནི་མཁྱེན་རྒྱ་ཡངས་ལ་རུས་ས་མ་ཆད་པའི་མཁས་དབང་ཞིག་དང་ཁོང་མོའི་ཉམས་ཞིབ་དང་དཔར་བསྐྲུན་ཐོག་མ་དེ་བོད་དང་བཙན་བྱོལ་ནང་གི་རྩོམ་རིག་གི་སྐོར་ལ་གནང་བ་རེད།

༡༩༩༠ ལོ་དཀྱིལ་ནང་ལ་ངས་བོད་ཡིག་སྦྱོང་བཞིན་པའི་སྐབས་སུ། Heather གྱིས་ང་ཚོ་ལ་བོད་ཀྱི་ཉེ་རབས་རྩོམ་རིག་འཁྲིད་གནང་བྱུང་། བོད་རིག་པའི་སློབ་མ་མང་དག་ཅིག་ནི་ཆེས་མ་མཐའི་བོད་ཀྱི་ཡིག་རིག་བརྩམས་ཆོས་ཕྱོགས་ལ་ཆ་རྒྱུས་དེ་ཙམ་མི་འདུག། དེའི་སྐབས་སུ་ངས་བོད་ཀྱི་རྩོམ་པ་པོ་སྐུ་ཞབས་དོན་གྲུབ་རྒྱལ་དང་བོད་ཀྱི་དེང་རབས་རྩོམ་རིག་གི་འཕེལ་རྒྱས་ཀྱི་སྐོར་ལ་སྦྱངས་པ་ཡིན། དེས་ང་རང་བཞིན་གྱིས་བོད་དང་བོད་ཀྱི་རྩོམ་རིག་ལ་དོ་སྣང་འཕེལ་བཅུག་སོང་།

Heather ཀྱིས་དོན་གྲུབ་རྒྱལ་ནུབ་ཕྱོགས་ཀྱི་ཤེས་ཡོན་གྱི་སྡེའི་ནང་ངོ་སྤྲོད་གནང་བྱུང་། ཁོང་མོས་ཁོང་གི་སློབ་དཔོན་ཆེན་མོ་སྟེ་པེ་ཅིན་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་ཀྱི་མཁས་པའི་དབང་པོ་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གི་ཞལ་ནས་དོན་གྲུབ་རྒྱལ་གྱི་སྐོར་ཐོས་པ་རེད།

ཕྱི་ལོ་༡༩༨༠ ལོ་སྟོད་ལ་Heather གྱི་བོད་ནང་འགྲུལ་བཞུད་དང་པོའི་སྐབས་སུ་དོན་གྲུབ་རྒྱལ་ཀྱི་བརྩམས་ཆོས་ཕྱོགས་སྒྲིག་གནང་བ་རེད། ཡིན་ནའང་མོ་སྐུ་ཞབས་དོན་གྲུབ་རྒྱལ་དང་དངོས་སུ་མཇལ་ཐུབ་མི་འདུག ཕྱི་ལོ་༡༩༨༥ལོར་དོན་གྲུབ་རྒྱལ་གྱིས་རང་སྲོག་བཅད་དེ་སྐུ་མ་བདེ་བ་དང་། Heather ༡༩༨༦ ལོར་སླར་ཡང་བོད་དུ་བསྐྱོད་སྐབས་དོན་གྲུབ་རྒྱལ་དང་མཇལ་བའི་རེ་བ་བྱས་འདུག་མོད། འོན་ཏེ་མོ་བོད་ལ་ཕྱིར་སླེབས་དུས་ཁོང་འདས་ཟིན་པ་གཞི་ནས་ཤེས་པ་རེད།

ཕྱི་ལོ་༡༩༩༥ལོར་ངས་ལྷ་སའི་བོད་ལྗོངས་སློབ་གྲྭ་ཆེན་མོ་ནས་ཕྱི་རྒྱལ་སློབ་ཕྲུག་གི་ངོས་ནས་བོད་ཀྱི་སྐད་ཡིག་སྦྱངས་པ་ཡིན། ངས་འབུམ་རམས་པའི་ཉམས་ཞིབ་བོད་ཀྱི་རྩོམ་རིག་དེ་ལོ་ལྔའི་རྗེས་སུ་མགོ་བརྩམས་པ་ཡིན་ལ། དེ་དང་མཉམ་དུ་མུ་མཐུད་ནས་ངས་སྐད་ཡིག་ལ་སྦྱོང་བརྡར་བྱས་པ་ཡིན། ལྷ་སར་སྡོད་དུས་དང་ཡང་ན་བོད་ཀྱི་ས་ཆ་གང་དུ་ཡིན་ཡང་། ང་རྟག་པར་དེབ་ཁང་ལ་འགྲོ་བཞིན་ཡོད། ངས་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་རྩོམ་རིག་དུས་དེབ། བརྩམས་སྒྲུང་། སྒྲུང་ཐུང་དང་སྙན་ངག་སོགས་ཀྱི་སྐོར་ལྟ་ཀློག་བྱས་པ་ཡིན།

ངས་བོད་ནང་གི་རྩོམ་རིག་ལ་རྒྱབ་ལྗོངས་ངོ་མ་ཞིག་ཡོད་པ་ཤེས་རྟོགས་བྱུང་སོང་། ཕྱི་ལོ་༡༩༩༨ ལོར། ༼ཧྥ་རན་སུར་རྒྱལ་སྤྱིའི་སྙན་ངག་ཚོགས་འདུ་ཞིག་ཚོགས་སྐབས་བོད་ཀྱི་སྙན་ངག་པ་གཉིས་གདན་ཞུ་བྱེད་པའི་གོ་སྐབས་བྱུང་། ༽ བརྗོད་གཞི་ནི་བོད་ཀྱི་ཉེ་རབས་རྩོམ་པ་པོ་དང་ཁོང་ཚོས་བྲིས་པའི་བརྩམས་ཆོས་ཀྱི་སྐོར་ཡིན། སྐབས་དེར་གདན་ཞུས་མི་སྣ་གཅིག་ལྗང་བུ་རེད།(སྨྱུག་མིང་ནི་བོད་ཀྱི་རྩོམ་པ་པོ་དང་གློག་བརྙན་བཟོ་བསྐྲུན་མཁན་རྡོ་རྗེ་ཚེ་རིང་།) ང་དེ་སྔོན་བོད་དུ་ཨོ་རྒྱན་རྡོ་རྗེ་དང་མཉམ་དུ་ལྗང་བུར་ཐུག་མྱོང་།

དེང་རབས་ཀྱི་མཆོད་རྟེན། ཟི་ལིང་བོད་ཀྱི་དེབ་ཁང་། པར་པ་ཆོས་ཉིད་དབང་མོ།Françoise Robin)

དེའི་སྐབས་སུ་ནུབ་ཕྱོགས་སུ་ཨ་མདོའི་རྩོམ་རིག་རྒྱབ་ལྗོངས་ཀྱི་སྐོར་ལ་ཤེས་མཁན་ཧ་ལམ་མེད་པ་ལྟ་བུ་རེད། ང་ཚོ་ཚང་མས་ལྷ་སར་དམིགས་གཏད་བྱས་ཡོད། ཕྱིས་སུ་ང་ཚོས་བོད་ཀྱི་སྙན་ངག་དང་གཞན་ཡང་གཟེངས་སུ་ཐོན་པའི་སྙན་ངག་དུམ་བུ་མང་པོ་ཡིག་སྒྱུར་དང་རྩོམ་སྒྲིག་གིས་དེབ་ཕྲེང་འདོན་སྤེལ་བྱས་པ་ཡིན།

ངའི་མཐོང་སྣང་ལ། བོད་ཀྱི་རྩོམ་པ་པོ་རྣམས་ནི་བོད་ཀྱི་སྐད་ཡིག་གི་དཔའ་བོ་རེད། མི་སུ་ཞིག་གིས་ཀྱང་དེའི་གནས་སྟངས་ཆ་ཚང་བར་ཤེས་རྒྱུ་ལས་སླ་མོ་ཞིག་མ་རེད་ལ་ཚད་གཞི་དེ་ནི་གནས་རིམ་མཐོ་བོ་ཞིག་གི་སྟེང་ན་འདུག ང་ཁོང་ཚོས་རྩོམ་རིག་དང་ཁོ་རང་ཚོའི་སྐད་ཡིག་འབྲི་རྩོམ་ལ་བཞག་པའི་དམ་བཅའ་དེར་ཡིད་སྨོན་སྐྱེས་ཀྱི་ཡོད།

གལ་སྲིད་ཁྱེད་ཀྱིས་ལོ་ངོ་༡༠༠༠ སྔོན་ནས་བྲིས་པའི་རྩོམ་ཡིག་གི་བོངས་ཚད་ལ་བལྟས་ན། བོད་ལ་རྩོམ་རིག་གི་ལོ་རྒྱུས་ཡུན་རིང་ལྡན་པ་ཤེས་ཐུབ། Karen.L. Thornber ཡིས་དེ་ནི་ནུབ་ཕྱོགས་ཀྱི་འཛམ་གླིང་གིས་ད་ལྟའི་དུས་ཚོད་ལ་གཞི་ནས་འདིའི་སྐོར་ཤེས་ཀྱིན་ཡོད་པ་རེད་ཅེས་གསུངས་པ་ལྟར་དང།

ཁྱེད་ཀྱིས་གསུངས་པ་ལྟར།  ངའི་ཤེས་ཡོན་གྱི་འགྲུལ་བཞུད་མགོ་བརྩམས་པ་ནས་བར་གྱི་རིམ་པ་ཆ་ཚང་བ་དང་དུས་མཉམ་དུ་ངས་རང་ཉིད་བསོད་ནམས་ཆེན་པོ་རེད་བསམ་གྱིན་འདུག ཕྱི་ལོ་༢༠༠༣ལོར་ང་བོད་ནང་ལ་བསྐྱོད་དུས་པདྨ་ཚེ་བརྟན་དང་ཐུག་པ་རེད། ཁོང་ནི་གྲུབ་འབྲས་དང་ལྡན་པའི་གཞོན་སྐྱེས་གློག་བརྙན་བཟོ་བསྐྲུན་མཁན་ཞིག་རེད།

ངས་ཁོང་གི་སྒྲུང་ཐུང་ཞིག་ངའི་འབུམ་རམས་པའི་ཆེད་རྩོམ་ནང་ཡིག་སྒྱུར་བྱས་མྱོང་བས་ང་ཡང་ཁོང་ལ་ཐུག་འདོད་ཡོད། ངས་ཁོང་གིས་གློག་བརྙན་བཟོ་བསྐྲུན་གྱི་ལས་ཀ་གཉེར་བཞིན་པ་བསམ་བློར་འཁོར་མ་བྱུང་ལ། ལྷག་པར་དུ་བོད་ནང་ལ་རང་དབང་གི་གློག་བརྙན་བཟོ་བསྐྲུན་བྱེད་བཞིན་འདུག་པ་ནི་དེ་བས་ཀྱང་ངོ་མཚར་སྐྱེས། གལ་སྲིད་ཁྱེད་ཀྱིས་ལྗང་བུའི་༢༠༠༣ ལོའི་བོད་ཀྱི་གློག་བརྙན་དང་འབྲེལ་བའི་སྐོར་དེ་བཀླགས་ཡོད་ན། ཁོས་བོད་ནང་ལ་གློག་བརྙན་བཟོ་བསྐྲུན་མཁན་མེད་པར་སྡུག་སྐད་བཏོན་ཡོད་པ་རེད།

པདྨ་ཚེ་བརྟན་གྱིས་བོད་ཀྱི་སྐད་ནང་གློག་བརྙན་བཟོ་རྒྱུ་ཡིན་པ་དང་ཁོས་ལས་མིའི་ཚོགས་སྡེ་བཙུགས་པ་དང་སྒྱུ་རྩལ་པ་རྣམས་ཀྱིས་ལས་འགུལ་འདི་ལ་རྒྱབ་སྐྱོར་ཡོད་པར་སྒྲུབ་བཞིན་འདུག

ངས་ཁོང་ནི་ལྟ་རྒྱ་ཆེ་བ་དང་བློ་ཐག་ཆོད་པོ་ཡོད་པ་སྔ་མོ་ནས་ཤེས་ཡོད། ཕྱི་ལོ་༢༠༠༢ ལོ་མཇུག་ཙམ་ཞིག་ལ་ཁོས་ང་ལ་ཁོང་གི་གློག་བརྙན་གྱི་སྐོར་ལ་ཧྤ་རན་སི་གཞིར་བཞག་ནས་རོགས་དངུལ་འཚོལ་བར་སྐད་ཆ་དྲིས་མྱོང་། ངས་ཁོང་གི་འཁྲབ་གཞུང་ཁ་ཤས་ཧྥ་ཡིག་ནང་དུ་བསྒྱུར་བ་ཡིན།

ཕྱི་ལོ་༢༠༡༠ ལོ་དཀྱིལ་ལ་ཐར་ལོ་བཟོ་བསྐྲུན་བྱེད་པར་རྒྱ་ནག་ནས་དཀའ་ངལ་ཅི་ཡང་སྤྲད་མེད་པ་རེད། རྒྱུ་མཚན་ནི་དུས་དེར་ཁོ་སྐད་གྲགས་ཆེན་པོ་དང་བརྩི་མཐོང་ཆེ་བ་འདུག ཡིན་ནའང་། སྔོན་མའི་དུས་ཀྱི་གནས་སྟངས་དེ་མི་འདྲ་བ་རེད།

ཕྱི་ལོ་༡༠༢༧ལོའི་དབྱར་ཁ། པདྨ་ཚེ་བརྟན་དང་ཚེ་རིང་༼གཡས་ཕྱོགས༽ནི་དབང་དྲག་གི་ཆུ་ལྷམ་ཞེས་པའི་གློག་བརྙན་ལས་གྲོགས། པར་པ། ཆོས་ཉིད་དབང་མོ།Françoise Robin)

ང་བོད་ནང་གི་རང་དབང་ལྡན་པའི་གློག་བརྙན་སྐོར་ལ་དོ་སྣང་དང་སྤྲོ་སྣང་སྐྱེས་པ་དེ་ནི་སྟེས་དབང་དང་བསམ་ཡུལ་ལས་འདས་པ་ལས་བྱུང་བ་ཞིག་རེད། ཕྱི་ལོ་༢༠༠༦ ལོར་ང་སླར་ཡང་པདྨ་ཚེ་བརྟན་ལ་འགྲོ་ཞོར་གྱི་གོ་སྐབས་ཤིག་ནས་འཕྲད་པ་དེ་ནི་གནས་སྟངས་གཞན་ཞིག་རེད།

ང་ཨ་མདོ་ལ་ཡོད་པ་དང་ཁོས་གཅན་ཚ་ན་(ལྷང་འཇགས་ཀྱི་མ་ཎི་རྡོ་འབུམ་)ཁུ་སུམ་སུམ་གྱི་མ་ཎི་རྡོ་འབུམ་སྟོན་གྱིན་འདུག་ལ། ས་ཆ་དེ་ནི་གློག་བརྙན་དེ་འཁྲབ་ས་རང་རེད། ང་ཚོ་རླངས་འཁོར་གཅིག་ཏུ་བསྡད་དེ་ས་གནས་སུ་མཉམ་དུ་ཕྱིན་པ་དང་ད་དུང་གློག་བརྙན་གྱི་སྒམ་ཚང་མ་འཁུར་ནས་ཕྱིན་པ་ཡིན། གལ་སྲིད་ཁྱེད་ཀྱིས་ཁུ་སུམ་སུམ་གྱི་མ་ཎི་རྡོ་འབུམ་གྱི་གློག་བརྙན་ཕྱིར་བསྒྲིགས་ཤིག་བྱས་པ་ཡིན་ན། དེ་ནི་སྐར་མ་༣༥ རིང་གི་གློག་བརྙན་ཞིག་རེད། ངས་ཧ་ཅང་གསལ་བོའི་ངང་དྲན་བསྡད་པ་ཞིག་ལ་འཁྲབ་གཞུང་དེ་ནི་རྩ་ཐང་ཆེན་པོ་གཉིས་ཀྱི་སྟེང་ལ་ཕྱོགས་ཡོངས་ཀྱི་མི་སུ་ཡོང་ལ་གློག་བརྙན་སྟོན་བཞིན་འདུག དེ་ནི་ཧ་ཅང་ཡིད་དུ་འོང་ལ་དྲན་གསོ་འོས་པའི་ཉམས་མྱོང་ཞིག་དང་དེས་ང་པདྨ་ཚེ་བརྟན་དང་ཁོང་གི་གློག་བརྙན་གྱི་རྗེས་སུ་སྙེག་དགོས་པའི་རྟགས་མཚན་ཡང་བཀོད་སོང་།

ཕྱི་ལོ་༢༠༠༦ལོར་རྩྭ་ཐང་སྟེང་ན་གློག་བརྙན་སྟོན་བཞིན་པའི་རྣམ་པ། པར་བ།Gilles Sabrie)-“/& པདྨ་ཚེ་བརྟན་འཕྲུལ་ཆས་ཀྱི་རྒྱབ་ལོག་ཏུ་འདུག། པར་ཁོངས(Gilles Sabrie)-2/6
པདྨ་ཚེ་བརྟན་གྱི་ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་གློག་བརྙན་སྟོན་བཞིན་པའི་ཟུར་གཅིག པར་ཁོངས(Gilles Sabrie)-4/6
པདྨ་ཚེ་བརྟན་གྱི་ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་གློག་བརྙན་སྟོན་བཞིན་པའི་ཟུར་གཅིག པར་ཁོངས(Gilles Sabrie)-3/6
པདྨ་ཚེ་བརྟན་གྱི་ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་གློག་བརྙན་སྟོན་བཞིན་པའི་ཟུར་གཅིག པར་ཁོངས(Gilles Sabrie)-5/6

པདྨ་ཚེ་བརྟན་ཧྥ་རན་སི་ལ་ཁུ་སུམ་སུམ་གྱི་མ་ཎི་རྡོ་འབུམ་སྟོན་པར་ཕེབས་པ་རེད། ཁོང་ནི་ “རྒྱ་མིའི་གློག་བརྙན་བཟོ་བསྐྲུན་མཁན་” ཞེས་པའི་ཚོགས་པ་ཞིག་གི་ནང་ན་འདུག ཁོང་ནི་ཁོ་ཚོའི་གློག་བརྙན་འཁྲབ་གཞུང་ནང་ལ་འདེམས་ཐོན་བྱུང་འདུག ཁོང་པེ་རེ་སི་ལ་ཡོད་དུས་ང་ཚོས་བོད་ཀྱི་གློག་བརྙན་དང་རྩོམ་རིག་གི་སྐོར་ལ་གླེང་མོལ་བྱས་པ་ཡིན།

པདྨ་ཚེ་བརྟན་བརྒྱུད། བོད་ཀྱི་སྒྱུ་རྩལ་པ་དང་ལག་རྩལ་པ་ཚོས་ཚོགས་པ་ཆུང་ཆུང་ཞིག་བསྡུ་རུབ་ཀྱིས་འཁྲབ་གཞུང་གི་རྒྱབ་ལྗོངས་སུ་ལས་ཀ་བྱེད་བཞིན་ཡོད་པ་ཤེས་བྱུང་། ངའི་ཚོར་སྣང་ལ་ཁོང་ཚོ་མཉམ་རུབ་གྱི་༼ཁྱིམ་ཚང་༽གཅིག་ལྟར་གློག་བརྙན་ཕྱོགས་སྒྲིག་སྔར་བས་མང་བ་བྱེད་ཐུབ་པར་སྙམ།

ཕྱིས་སུ། བོད་ལ་ཉམས་ཞིབ་ཀྱི་ཆེད་དུ་བསྐྱོད་སྐབས་ཤིག་ལ། ང་ཟོན་ཐར་རྒྱལ་དང་འཕྲད་བྱུང་། ཁོ་ནི་པདྨ་ཚེ་བརྟན་གྱི་ཐོག་མའི་གློག་བརྙན་འཕྲུལ་འཁོར་ལས་བཟོ་བ་རེད། ང་ཚོ་གསུམ་གྱིས་ལྷ་སའི་བར་སྐོར་གྱི་ཇ་ཁང་ཞིག་ཏུ་དུས་ཚོད་གསུམ་ཙམ་གཅེས་འཛིན་གྱིས་(Bergman)གློག་བརྙན་གྱི་སྐོར་ལ་གླེང་མོལ་བྱས་པ་དང་། ང་ཚོས་ Swedish གློག་བརྙན་བཟོ་བསྐྲུན་མཁན་དང་འབྲེལ་བའི་སྐོར་ལ་བསམ་བློ་བརྗེ་རེས་བྱས་པ་དང་དེས་གོ་རྟོགས་གསར་པ་རེ་རྙེད་ཡོད་བསམ།

མུ་འགོད། 

མ་རྩོམ་གྱི་འབྲེལ་ཐག https://tibetscapes.wordpress.com/2022/03/10/interview-with-prof-francoise-robin-gokul-k-s/

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་ནན་མོ་བྱས་འདུག

ཆུ་ཚོད་ ༢༢ སྔོན་ལ།
TT
Mobile App

ཨ་ཀྱཱ་རིན་པོ་ཆེ་མཆོག་དང་བློ་བཟང་བྱང་ཆུབ་འོད་ཟེར་མཆོག་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༢༣ སྔོན་ལ།
this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese