མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པེ་རི་སི་ཨོ་རྩལ་འགྲན་ཚོགས་ཐོག་ཨ་རིས་རྟགས་མ་མང་ཤོས་བླངས།

བོད་ཀྱི་དུས་བབ།
༢༠༢༤/༠༨/༡༢
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་པེ་རི་སིའི་རྒྱལ་སྤྱིའི་ཨོ་ལིམ་ཕིག་རྩེད་འགྲན་ཁྲོད་ཨ་རིའི་རྩེད་འགྲན་པ་ཚོས་གསེར་གྱི་རྟགས་མ་ ༤༠ དང་དངུལ་གྱི་རྟགས་མ་ ༤༤ བཅས་ཁྱོན་གསེར་དངུལ་ཟངས་གསུམ་གྱི་རྟགས་མ་ ༡༢༦ བླངས་ཡོད་འདུག

Athletes make their way into Stade de France for the closing ceremony. (David Davies/PA Images via Getty Images)

འདི་ལོའི་དབྱར་དུས་ཀྱི་ཨོ་ལིམ་ཕིག་གི་རྩེད་འགྲན་དེ་ཟླ་སྔ་མའི་ཕྱི་ཚེས་ ༢༤ ནས་ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་གྲངས་བཅུ་དགུའི་རིང་ཧྥ་རན་སའི་རྒྱལ་ས་པེ་རི་སིར་འཚོགས་ཡོད་པ་ལྟར། འདི་ལོའི་རྩེད་འགྲན་ཁྲོད་འཛམ་གླིང་གི་རྒྱལ་ཁབ་དང་རང་སྐྱོང་ཁུལ་ ༢༠༦ ལྷག་གི་རྩེད་འགྲན་པ་ཆིག་ཁྲི་ལྷག་གིས་མཉམ་ཞུགས་བྱས་ཡོད་པའི་ནང་། ཨ་རིར་གསེར་གྱི་རྟགས་མ་ ༤༠ ཚུད་པའི་གསེར་དངུལ་ཟངས་གསུམ་གྱི་རྟགས་མ་གྲངས་ ༡༢༦ དང་། རྒྱ་ནག་ལ་གསེར་གྱི་རྟགས་མ་ ༤༠ ཚུད་པའི་གསེར་དངུལ་ཟངས་གསུམ་གྱི་རྟགས་མ་གྲངས ༩༡། དེ་བཞིན་ཉི་ཧོང་ལ་གསེར་གྱི་རྟགས་མ་ ༢༠ ཚུད་པའི་གསེར་དངུལ་ཟངས་གསུམ་གྱི་རྟགས་མ་ ༤༥ ཐོབ་ཡོད་འདུག་ལ། གསེར་དངུལ་ཟངས་གསུམ་གྱི་རྟགས་མ་བསྡོམས་ན་དབྱིན་ཡུལ་ལ་རྟགས་མ་གྲངས་ ༦༥ དང་། ཧྥ་རན་སིར་རྟགས་མ་ ༦༤ ཐོབ་ཡོད་འདུག

སི་ཨེན་བྷི་སི་ (CNBC) གསར་ཁང་གི་གནས་ཚུལ་ལྟར་ན། འདི་ལོར་ཧྥ་རན་སིས་གོ་སྒྲིག་བྱས་པའི་དབྱར་དུས་ཨོ་རྩལ་འགྲན་ཚོགས་ཆེད་ཕྱོགས་ཡོངས་ནས་འགྲོ་གྲོན་ཨ་སྒོར་ཐེར་འབུམ་ ༡༠ ཙམ་ལས་བཏང་མེད་ཅིང་། དེ་ནི་ཐོག་མའི་སྔོན་རྩིས་ལས་བརྒྱ་ཆ་ ༢༥ ཙམ་ལས་བརྒལ་མེད་པས། ཕྱི་ལོ་ ༢༠༡༦ ལོའི་རིའི་ཡོ་དང་ ༢༠༢༠ ལོར་ཉི་ཧོང་དུ་བསྡུས་པའི་ཨོ་རྩལ་འགྲན་ཚོགས་དང་བསྡུར་ན་འགྲོ་གྲོན་ཧ་ཅང་ཉུང་ཉུང་ཡིན་པའི་ཁར། ཧྥ་རན་སིར་སྔོན་ཆད་ནས་འཛམ་གླིང་གི་རྩེད་འགྲན་ཁང་ཆེན་དགུ་བཅུ་གོ་ལྔ་ཙམ་ཡོད་པས།  རྗེས་སུ་འཛམ་གླིང་གི་རྩེད་འགྲན་ཁང་ཆེན་གསུམ་ལས་འཛུགས་སྐྲུན་བྱེད་དགོས་བྱུང་མེད་པ་རེད། དེ་ནི་ཨ་སྒོར་དུང་ཕྱུར ༡༦ བཏང་བའི་ཨོ་ལིམ་ཕིག་གྲོང་ཁྱེར་དང་། ཨ་སྒོར་དུང་ཕྱུར ༡༩༠ བཏང་བའི་ཆུ་རྩེད་ལྟེ་གནས། ཨ་སྒོར་དུང་ཕྱུར ༡༥༠ བཏང་བའི་ལུས་རྩལ་ཁང་དང་བྱ་སྒྲོའི་རྩེད་ར་བཅས་ཡིན་སྐོར་གསལ་འདུག

འདི་ལོའི་ཨོ་ལིམ་ཕིག་གི་དྲ་རྒྱར་གསལ་བའི་གནས་ཚུལ་ལྟར་ན། འགྲོ་གྲོན་བརྒྱ་ཆ ༩༦ ཙམ་ནི་སྒེར་གྱི་སྡེ་ཁག་སྟེ། ཨོ་རྩལ་ཚོགས་པ། མཉམ་འབྲེལ་ཁེ་ལས་ཁང་།  རྩེད་འགྲན་གྱི་འཛིན་བྱང་ཚོང་ཁང་། ལག་འཁྱེར་སྤྲོད་མཁན་བཅས་ནས་བསྡུས་ཡོད་འདུག  སྤྱིར་འདི་ལོའི་དབྱར་དུས་ཨོ་རྩལ་གྱི་བདུན་གཅིག་གི་གོང་ནས་རྒྱལ་ས་པེ་རི་སིའི་ཚོང་ཁང་དང་མགྲོན་ཁང་སོགས་ཀྱི་རིན་གོང་བརྒྱ་ཆ་ ༢༥ ཙམ་ཡར་འཕར་ཏེ། ཕྱོགས་ཡོངས་ནས་དཔལ་འབྱོར་བསྡུ་རུབ་དང་ཚོང་ལས་ཡར་སྐྱེད་ཡོང་བའི་རེ་བ་ཆེན་པོ་བཅངས་ཡོད་ཀྱང་། པེ་རི་སིའི་ཡུལ་སྐོར་སྤྲོ་འཆམ་ལྷན་ཚོགས་(tourism board) ཀྱིས། ཡུལ་སྐོར་ལྟད་མོ་བ་མི་གྲངས་ས་ཡ་ ༡༡།༣ ཙམ་ཡོང་རྒྱུའི་རེ་བ་བཅངས་ཡོད་ཀྱང་། ཨོ་རྩལ་གྱི་རྣོ་ངར་ཆེ་བའི་འགྲན་ཚོགས་སྐབས་མི་གྲངས་ས་ཡ་ ༡།༥ ཙམ་ལས་བསླེབས་མེད་པའི་གནས་ཚུལ་སྤེལ་འདུག

འདི་ལོའི་ཨོ་རྩལ་འགྲན་ཚོགས་སྐབས་ཉེན་སྲུང་བ་ཚོས་ལྟ་སྲུང་ནན་མོ་བྱེད་ཀྱི་ཡོད་ལུགས་བཤད་དེ། མི་མང་ཕལ་བ་མང་པོར་དོན་མེད་འཇིགས་སྐུལ་དང་ཉེན་བརྡ་བཏང་ཡོད་པའི་སྐྱོན་འཛུགས་བྱེད་ཀྱི་ཡོད་པ་མ་ཟད། སྨད་བཙོང་མ་མང་པོ་ཆེད་དུ་རྒྱལ་སའི་ཁུལ་དུ་ཡོང་བཅུག་པ། དྲ་ལམ་ནས་རྒྱན་ཤོག་ཉོས་རྗེས་བརྡ་ལན་ཏག་ཏག་ཡོང་མེད་པའི་དཀའ་ངལ་བྱུང་བ། ལྷག་པར་དུ་རྒྱལ་ས་པེ་རི་སིའི་མཛེས་སྡུག་དང་གཙང་ཉར་ཟེར་བའི་སྲིད་ཇུས་འོག་ནས་གནས་སྤོར་བ་དང་ཁྱིམ་མེད་སྤྲང་པོ་མང་པོ་པེ་རི་སི་ནས་ཕྱིར་འབུད་བཏང་ཡོད་པས། ཨོ་རྩལ་པེ་རི་སིར་འཚོགས་ཡོད་ཀྱང་། གནས་དེར་སྡོད་མཁན་ཚོ་ཕུད་སོང་ཞེས་སྐྱོན་བརྗོད་བྱས་འདུག

ཐེངས་འདིའི་ཨོ་རྩལ་འགྲན་ཚོགས་ཆེད་གསེར་དངུལ་ཟངས་གསུམ་གྱི་རྟགས་མ་  ༡༠༦༦ ཙམ་སྤྲད་ཡོད་པའི་ཁྲོད།  གསེར་གྱི་རྟགས་མ་རེ་ལ་ཨ་སྒོར་ཁྲི་བཞི་ལྷག་དང་། དངུལ་གྱི་རྟགས་མ་རེ་ལ་ཨ་སྒོར་ ༥༣༥། ཟངས་ཀྱི་རྟགས་མ་རེ་ལ་ཨ་སྒོར་༤།༦༠ བཅས་ཡིན་འདུག རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཐེངས་དང་པོ་དེ་ཕྱི་ལོ་ ༡༨༩༦ ལོར་དེང་གི་ཨི་ཊ་ལིའི་རྒྱལ་ས་རོམ་ནས་ཚོགས་མགོ་བཙུགས་ཡོད་ཅིང་། ད་ལྟའི་བར་དབྱར་དུས་ཀྱི་ཨོ་རྩེད་འགྲན་ཚོགས་ཐེངས་ ༣༠  དང་དགུན་དུས་ཀྱི་ཨོ་རྩེད་འགྲན་ཚོགས་ཐེངས་  ༢༤ བཅས་བསྡུས་ཡོད་འདུག

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese