མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་ཨུ་རུ་སུར་མཉམ་འབྲེལ་བྱས་ཏེ་མདུན་སྐྱོད་བྱ་རྒྱུར་གྲ་སྒྲིག་ཨང་གསར་ཡིན་ཟེར།

བོད་ཀྱི་དུས་བབ།
༢༠༢༤/༠༨/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཨུ་རུ་སུར་མཉམ་འབྲེལ་གྱི་ནུས་པ་སྔར་ལས་ཤུགས་ཆེ་རུ་བཏང་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སྟོབས་ཤུགས་ལ་རྒོལ་ལན་སློག་འཆར་ཡོད་འདུག

Chinese Premier Li Qiang is in Russia on a four-day trip that also includes a visit to Belarus. Photo: Reuters

རྒྱ་ནག་གི་སྲིད་བློན་ལི་ཆང་ (Li Qiang) གི་ཉིན་གྲངས་བཞི་རིང་གི་གཞུང་འབྲེལ་སྐོར་སྐྱོད་དང་བསྟུན། ཁ་སང་རེས་གཟའ་ལྷག་པའི་ཉིན་ཨུ་རུ་སུའི་རྒྱལ་ས་མོ་སུ་ཁོ་རུ་ཡུལ་དེའི་མགོ་ཁྲིད་པུ་ཌིན་ལ་ཐུག་འཕྲད་བྱས་ཏེ། ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་འབྲེལ་གྱི་ནུས་པ་གོང་མཐོར་བཏང་ནས་འཕེལ་རྒྱས་འགྲོ་བཞིན་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སྟོབས་ཤུགས་ལ་མདུན་རྒོལ་དང་། རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱི་ཚོང་དོན་དང་དམག་དོན་གྱི་འགྱུར་མེད་འབྲེལ་ལམ་ཟེར་བ་སྲ་བརྟན་ཡོང་རྒྱུར་མཉམ་འབྲེལ་བྱ་རྒྱུ་བསྐྱར་གླེང་བྱས་ཡོད་འདུག

རྒྱ་ནག་གི་སྲིད་བློན་ལི་ཆང་ཟེར་བས། རྒྱ་ནག་དང་ཨུ་རུ་སུའི་མཛའ་མཐུན་གྱི་འབྲེལ་ལམ་ནི་སྲ་བརྟན་དང་སྟོབས་ཤུགས་ལྡན་པ། དེ་བཞིན་ཆེས་འགུལ་དཀའ་བ་ཞིག་ཡིན་པའི་ཁར། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འཕོ་འགྱུར་ཁྲོད་རང་ཚུགས་བརྟན་པོས་འགྲེང་ཡོད་ལ། ཉེ་ལམ་ཆེས་འགྱུར་ལྡོག་འགྲོ་མུས་ཡིན་པའི་རྒྱལ་སྤྱིའི་དཀའ་རྙོག་གི་ངོ་གདོང་དུ། ཕྱོགས་གཉིས་ཀྱི་མགོ་ཁྲིད་དག་གི་ཐབས་ཇུས་རང་བཞིན་ལྡན་པའི་ལམ་སྟོན་གྱི་འོག་ནས། མཐུན་གྲོགས་ཨུ་རུ་སུ་དང་ལྷན་མདུན་སྐྱོད་བྱ་རྒྱུའི་གྲ་སྒྲིག་ཨང་གསར་ཡོད། ཅེས་བཤད་འདུག་ལ། དེ་བཞིན་ལི་ཆང་གིས་ཨུ་རུ་སུའི་སྲིད་བློན་མི་ཧཡེ་ལི་ (Mikhail Mishustin) ཟེར་བ་དང་ཐུག་འཕྲད་བྱས་ཏེ། མཉམ་ལས་ཚོང་དོན་དང་། ཚོང་དོན་འཕེལ་རྒྱས། ཕྱི་ནང་འགྲོ་སྐྱོད་ཀྱི་མཉམ་ལས་ཟེར་བ་སོགས་ཚུད་པའི་ཚོང་དོན་གྱི་མ་འཇོག་གྲོས་ཆོད་བཅུ་གཉིས་ལྷག་ལ་མིང་རྟགས་བཀོད་ཡོད་འདུག

ཕྱི་ལོ་ ༢༠༢༢ ཟླ་ ༠༢ ཚེས་ ༢༤ ཉིན་ཨུ་རུ་སུས་ཡུ་ཁེ་རིན་ལ་བཙན་འཛུལ་བྱེད་མགོ་བཙུགས་པ་ནས་རྒྱ་ནག་གཞུང་གིས་ཨུ་རུ་སུར་དམག་དོན་དང་། ལྷག་པར་ཚོང་དོན་གྱི་མ་འཇོག་ཆེན་པོ་བྱས་ཏེ། ཨུ་རུ་སུ་ནི་རྒྱ་ནག་གིས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཁ་གཏད་གཅོག་རོགས་ཀྱི་མཐུན་གྲོགས་བཟང་ཤོས་ཤིག་ཏུ་གྱུར་པར་བརྟེན། འདི་ལོའི་ཕྱི་ཟླ་ ༣ པའི་ནང་ཞི་ཅིན་ཕིན་གྱི་མགྲོན་འབོད་ལྟར་པུ་ཌིན་ཆེད་དུ་རྒྱ་ནག་ཏུ་ཕྱིན་ནས། ཕྱོགས་གཉིས་ཀྱི་འཐབ་ཇུས་རང་བཞིན་ལྡན་པའི་མཐའ་སྲུང་གི་མཉམ་ལས་ཟེར་བ་ཚུད་པའི་ཚོང་དོན་དང་། ཨུ་ཡུ་གཉིས་ཀྱི་ས་ཁམས་ཆབ་སྲིད་ཀྱི་རྩོད་རྙོག་དང་། ཟས་བཅུད་ཡར་སྐྱེད་ཡོང་ཐབས་སོགས་ལ་མཉམ་རུབ་ཀྱི་ནུས་པ་སྤུངས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་ཡོད་འདུག་ལ། པུ་ཌིན་གྱིས་འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༢ ནས་ ༢༤ བར་ཨུ་རུ་སུར་འཚོག་འཆར་ཡོད་པའི་བྷི་རིག་སི་ (BRICS) ཚོགས་ཆེན་ཐོག་ཞི་ཅིན་ཕིན་མགྲོན་འབོད་བྱས་འདུག ལྷན་ཚོགས་དེ་ནི་ཕྱི་ལོ་ ༢༠༠༩ ལོར་རྒྱ་གར་དང་རྒྱ་ནག བྷར་ཛིལ། ཨུ་རུ་སུ། ལྷོ་ཨ་ཧྥི་རི་ཀ་བཅས་ཀྱིས་གོ་ལའི་དཔལ་འབྱོར་དང་རྒྱལ་ཁབ་སོ་སོའི་དཔལ་འབྱོར་འཕེལ་རྒྱས་སུ་དམིགས་ནས་བཙུགས་པ་ཞིག་རེད།

རྒྱ་ནག་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་གནས་ཚུལ་ལྟར་ན། ད་ལན་ལི་ཆང་ཟེར་བས་ཡུ་རོབ་ཀྱི་ཤར་རྒྱུད་དུ་ཆགས་པའི་བྷེ་ལ་རུ་སི་ (Belarus) རྒྱལ་ཁབ་ཀྱི་སྲིད་བློན་རོ་མན་ (Roman Golovchenko) དང་ཐུག་འཕྲད་བྱས་ཏེ། ཕྱོགས་གཉིས་ཀྱི་གཏིང་ཟབ་པའི་བསམ་ཚུལ་བརྗེ་རེས་དང་། མཉམ་འབྲེལ་གྱི་མཛའ་བརྩེ་དང་ལས་དོན་ཟེར་བའི་ཐད་ལ་གླེང་སློང་། དེ་བཞིན་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལས་དོན་མཉམ་ལས་ཆེད་ཁུལ་དེར་སྐོར་གཡེང་བྱ་རྒྱུ་ཡིན་ལུགས་བསྒྲགས་འདུག་ལ། བྷེ་ལ་རུ་སི་ཞེས་པའི་རྒྱལ་ཁབ་ནི་རྒྱ་ནག་དང་ཨུ་རུ་སུ་གཉིས་ལ་སྲིད་འབྱོར་གཉིས་ཀྱི་ཐོག་ནས་འབྲེལ་ལམ་བཟང་བ་མ་ཟད། དེ་སྔ་ཨུ་རུ་སུས་རྒྱལ་ཁབ་དེའི་ནང་དམག་མི་འབོར་ཆེན་མངག་གཏོང་བྱས་ཏེ། རྒྱལ་ཁབ་དེ་བརྒྱུད་ཡུ་ཁེ་རིན་གྱི་བྱང་རྒྱུད་དུ་འཐབ་འཁྲུག་བསླངས་ནས་གཏོར་རྒོལ་དྲག་པོ་བྱས་འདུག་ལ། ཉེ་ལམ་རྒྱལ་ཁབ་དེ་དང་ཡུ་ཁེ་རིན་གཉིས་ཀྱི་མཐའ་མཚམས་སུ་ཡུ་ཁེ་རིན་གྱིས་དམག་དཔུང་ཧྲག་བསྡུས་བྱེད་ཀྱི་ཡོད་སྐོར་བརྗོད་དེ། གནམ་ས་གཉིས་ཀྱི་དམག་དོན་མཚོན་ཆ་དང་དྲག་དམག་ཁྲི་དྲུག་ལྷག་ཡུ་ཁེ་རིན་གྱི་མཐའ་མཚམས་སུ་བརྫངས་ཡོད་འདུག

ཕྱི་ལོ་ ༢༠༡༤ ཙམ་ནས་ཨུ་རུ་སུ་དང་ཡུ་ཁེ་རིན་གྱི་དཀའ་རྙོག་དེ་རྒྱལ་སྤྱིའི་དཀའ་རྙོག་ཅིག་ཏུ་གྱུར་ཏེ། ལོ་དེའི་ནང་ཧྥ་རན་སི་དང་འཇར་མ་ནི་གཉིས་ཀྱིས་གཟུ་དཔང་བྱས་ཏེ་ཡུ་ཁེ་རིན་དང་། ཨུ་རུ་སུ། ཡུ་རོབ་ཀྱི་བདེ་སྲུང་དང་མཉམ་ལས་སྒྲིག་འཛུགས་ (OSCE) དབར་ལ་མིན་སི་ཀི་གྲོས་ཆོད་ (Minsk Agreement) ཅེས་པའི་གྲོས་ཆོད་ཐེངས་གཉིས་བཞག་ཡོད་ནའང་། ཕྱོགས་གཉིས་ཀས་གྲོས་ཆོད་ཀྱི་དགོངས་དོན་རྡོག་རོལ་བཏང་བའི་རྐྱེན་གྱིས་ད་བར་ཡུ་ཁེ་རིན་གྱི་དཀའ་རྙོག་དེ་སེལ་ཐུབ་མེད་པ་རེད། ཕྱི་ལོ་ ༡༩༩༡ ལོར་ཨུ་རུ་སུ་མཉམ་འབྲེལ་དུམ་བུར་འཐོར་ཏེ་སྤྱི་མཐུན་རྒྱལ་ཁབ་གསར་པ་མང་པོར་གྱུར་ཡོད་ནའང་། དེ་དག་ཕལ་ཆེ་བ་ཨུ་རུ་སུའི་ཕྱོགས་སུ་མ་བསྡད་པར་ཡུ་རོབ་ཀྱི་ཕྱོགས་གཏོགས་ལྟ་བུར་གྱུར་བ་མ་ཟད། ཨུ་རུ་སུ་མཉམ་འབྲེལ་ནུབ་རྒྱུད་རྒྱལ་ཕྲན་ཕལ་ཆེ་བ་ཡུ་རོབ་མཐུན་ཚོགས་ནང་ཞུགས་ཏེ། ཨུ་རུ་སུའི་ཤུགས་རྐྱེན་ཇེ་ཆུང་དང་ནུབ་གླིང་གི་ཤུགས་རྐྱེན་ཇེ་ཆེར་གྱུར་བ་སོགས་ཀྱིས་ཨུ་ཡུ་གཉིས་ཀྱི་རྩོད་རྙོག་དེ་བྱུང་ཞིང་། དེ་རིང་ཕྱི་ཟླ་ ༨ ཚེས་ ༢༢ ཉིན་ནི་ཨུ་རུ་སུས་ཡུ་ཁེ་རིན་ལ་བཙན་འཛུལ་བྱེད་མགོ་བཙུགས་ནས་ཉིན་གྲངས་ ༩༠༩ པ་དེ་ཡིན་པ་རེད། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༣༡ ཉིན་གྱི་ཝེ་ཀེ་རིག་མཛོད་ཀྱི་གྲངས་ཐོ་ལྟར་ན། ད་བར་ཨུ་དམག་གིས་ཉུང་མཐར་ཡུ་ཁེ་རིན་གྱི་མི་དམངས་ཕལ་བ་གྲངས་ ༡༡༥༢༠ ལྷག་དམར་གསོད་བཏང་བའི་ཁྲོད་བྱིས་པ་གྲངས་ ༦༠༠ ལྷག་ཡོད་འདུག དེ་བཞིན་ཁ་སང་ཕྱི་ཚེས་ ༢༢ ཉིན་ཡུ་ཁེ་རིན་གྱི་ཚགས་པར་ཁང་(Ukrainska Pravda)གིས་གནས་ཚུལ་སྤེལ་བའི་ནང་། ཡུ་ཁེ་རིན་གྱིས་འདས་པའི་ལོ་གཉིས་ལྷག་ནང་ཉུང་མཐར་ཨུ་རུ་སུའི་དམག་མི་ ༦༠༥༢༧༠ ལྷག་བསད་པ་དང་། འཐབ་འཁོར་གྲངས་ ༨༥༣༦ ལྷག་ལ་གཏོར་རྒོལ་བཏང་ཡོད་པ་མ་ཟད། ཁ་སང་གཅིག་པུར་ཨུ་དམག་ ༡༡༣༠ ལྷག་འཆི་ལམ་དུ་དེད་ཡོད་སྐོར་བཀོད་འདུག

ཕྱི་ལོ་ ༢༠༢༢ ལོར་ཨུ་རུ་སུས་ཡུ་ཁེ་རིན་ལ་བཙན་འཛུལ་བྱེད་སྐབས་རྒྱལ་ཁབ་མང་པོ་ཞིག་གིས་ཨུ་རུ་སུར་ཚོང་དོན་གྱི་འབྲེལ་ལམ་བཅད་པའམ་ཚོང་གི་ཉེས་ཆད་མི་ཉུང་བ་ཞིག་བཅད་ཡོད་ཀྱང་། རྒྱ་ནག་གིས་ཨུ་རུ་སུར་སྔར་ལས་ལྷག་པའི་ཚོང་དོན་གྱི་འབྲེལ་ལམ་ཤུགས་ཆེན་བཙུགས་ནས་མ་འཇོག་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་དོན་གཉེར་རོགས་བྱས་ཏེ། ཨུ་སུ་རུའི་མགོ་ཁྲིད་པུ་ཌིན་གྱི་དུས་སྐབས་གསར་པ་ཟེར་བ་སྟེ།  ཕྱི་ལོ་ ༢༠༢༢ ལོར་ཨུ་རུ་སུའི་ཅ་དངོས་བརྒྱ་ཆ་ ༣༦།༥ རྒྱ་ནག་ནས་དབོར་འདྲེན་བྱས་ཏེ། ལོ་དེ་གཅིག་པུར་རྒྱལ་ཁབ་དེ་གཉིས་ཀྱིས་ཨ་སྒོར་ཐེར་འབུམ་ ༡༩༠ ལྷག་གི་ཚོང་འབྲེལ་བྱས་ཡོད། ཕྱི་ལོ་ ༢༠༠༨ རྗེས་ནས་རྒྱ་ནག་དང་ཡུ་ཁེ་རིན་གཉིས་བར་ཚོང་གི་འབྲེལ་ལམ་བཟུང་ནས། ཕྱི་ལོ་ ༢༠༡༩ ལོར་རྒྱ་ནག་དེ་ཡུ་ཁེ་རིན་གྱི་ཚོང་འབྲེལ་ཆེ་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་ཏེ་ཕྱི་ལོ་ ༢༠༢༠ ལོ་གཅིག་པུར་ཨ་སྒོར་ཐེར་འབུམ་ ༡༥།༤ ཚོང་འབྲེལ་བྱས་ཡོད་ཀྱང་། གནད་དོན་དབྱེ་ཞིབ་པ་མང་པོ་ཞིག་གིས། རྒྱ་ནག་གིས་ཡུ་ཁེ་རིན་དང་ཚོང་དོན་གྱི་འབྲེལ་ལམ་གཡུགས་ནས། ཨུ་རུ་སུ་དང་མཉམ་འབྲེལ་བྱས་ཏེ་དམག་དོན་གྱི་ནུས་པ་མཉམ་དུ་སྤུངས་ནས། མ་འོངས་པར་སྔར་ལས་ལྷག་ཨ་རིའི་ལྡོག་ཕྱོགས་སུ་ལངས་སྟེ་ཚོང་དང་དམག་དོན་གྱི་ནུས་པ་བསྐྱེད་རྒྱུའི་དམིགས་ཡུལ་འཛིན་གྱིན་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

ཆུ་ཚོད་ ༡༣ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese