མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་རོབ་བོད་རིགས་ཐུན་མོང་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

བོད་ཀྱི་དུས་བབ།
༢༠༢༤/༠༨/༢༦
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བོད་མི་རིགས་ཀྱི་རིག་གཞུང་དང་གོམས་གཤིས་སུ་གྱུར་བའི་ནང་པ་སངས་རྒྱས་བའི་ཆོས་ལ་བདག་པོ་རྒྱག་རྒྱུ་གལ་ཆེན་པོ་ཡིན་སྐོར་བཀའ་སློབ་བསྩལ།

ཡུ་རོབ་བོད་རིགས་ཐུན་མོང་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། སྐུ་པར་། རྒྱལ་བ་རིན་པོ་ཆེའི་དྲ་རྒྱ།

ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་གྱི་སྔ་དྲོ་སུད་སི་གྲོང་ཁྱེར་ཛུ་རིག་གི་ཧཱ་ལན་སི་ཌེ་ཤོན་(Hallenstadion ) ཚོགས་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཡུ་རོབ་ཏུ་གནས་བཞུགས་བོད་མི་ ༡༥༠༠༠ བརྒལ་བར་སྤྱན་རས་གཟིགས་བླ་མའི་རྣལ་འབྱོར་བསྡུས་པའི་བཤད་ལུང་དང་མ་ཎིའི་ལྗགས་ལུང་གི་བཀའ་ཆོས་བསྩལ་བ་དང་། སྐབས་དེར་ཡུ་རོབ་བོད་རིགས་ཐུན་མོང་ནས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚོན་དོན་བརྟན་བཞུགས་བསྟར་འབུལ་ཞུས་ཡོད།

བརྟན་བཞུགས་སྐབས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། དེ་རིང་འདིར་སུད་སི་དང་ཡུ་རོབ་ཁུལ་གྱི་བོད་མི་རྣམས་གཙོས་ཁྱེད་ཚོ་དད་པས་ཀུན་ནས་བསླངས་ཏེ་འཛོམས་པ་རེད། ང་ཚོ་བོད་གངས་ཅན་པ་ཟེར་བ་སངས་རྒྱས་ཀྱི་ཆོས་ལ་དད་པ་དམིགས་བསལ་བ་ཞིག་ཡོད། ངོས་རང་འཛམ་བུ་གླིང་གི་ས་ཁུལ་མང་པོར་སླེབས་ཏེ་ཆབ་སྲིད་ཀྱི་མི་སྣ་སོགས་འདྲ་མིན་མང་པོར་ཐུག་ཡོད། བོད་གངས་ཅན་གྱི་མི་རྣམས་དངོས་གནས་དད་པ་འགྱུར་བ་མེད་པ་ཞིག་རེད། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་བཟུང་ནང་པ་སངས་རྒྱས་པའི་ཆོས་ལ་དོ་སྣང་དམིགས་བསལ་བྱས་ཡོད་པ་མ་ཟད་སོ་སོས་དངོས་སུ་ཉམས་ལེན་བྱས་ཡོད། ཆུང་དུས་ནས་མ་ཎི་འདོན་པ་དང་སྐྱབས་འགྲོ་སེམས་བསྐྱེད་འདོན་པ་སོགས་གོམས་གཤིས་ཆགས་བསྡད་ཡོད།

ངོས་རང་ལ་ཆ་བཞག་ནའང་སྐྱེས་སའི་ཕ་ཡུལ་དུ་སངས་རྒྱས་ཀྱི་ཆོས་ལ་ཡོངས་གྲགས་སུ་རྒྱ་ཆེར་བལྟས་མེད་ཀྱང་ཧ་ཅང་དད་པ་ཡོད་པ་ཞིག་རེད། དེ་ནས་རིམ་བཞིན་ནང་ཆོས་ལ་སློབ་གཉེར་བྱུང་བ་རེད། སངས་རྒྱས་ཆོས་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཧ་ཅང་ཟབ་ཚགས་པོ་རེད། འདི་འདྲའི་འགྲེལ་བཤད་ཞིབ་ཚགས་པོ་དེ་སེམས་ཁམས་རིག་པར་རོགས་པ་བྱེད་ཀྱི་ཡོད་ཅིང་། ཚན་རིག་དང་མཐུན་པ་ཞིག་རེད། བར་སྐབས་ངོས་རང་ཆོས་པའི་གཟུགས་བརྙན་ཞིག་ཆགས་ཡོད་དུས། ཚན་རིག་པ་མང་པོ་ངོས་རང་ལ་ཐུག་ཏུ་ཡོང་གི་འདུག སེམས་ཁམས་རིག་པའི་ཐོག་ནས་སེམས་ཀྱི་ཞི་བདེ་བསྐྲུན་པར་སངས་རྒྱས་བའི་གཞུང་ནས་གསུངས་ཡོད་པར་དམིགས་བསལ་དོ་སྣང་བྱེད་ཀྱི་འདུག དེང་སང་འཛམ་བུ་གླིང་དུ་ཆོས་ཞེས་པ་སོ་སོས་དད་པ་བྱ་རྒྱུ་ཞིག་ཡིན་མིན་གང་ཡིན་ཡང་།  གཙོ་བོ་སེམས་པ་བཟང་པོ་བྱ་རྒྱུ་དེར་ཚང་མས་དོ་སྣང་བྱེད་བསྡད་ཀྱི་འདུག ང་ཚོ་བོད་རིགས་ཚོས་ཡ་རབས་སྤྱོད་བཟང་གི་རྩ་བ་སངས་རྒྱས་ཆོས་ཀྱི་མཉམ་གཞག་ཐོག་དམིགས་བསལ་དོ་སྣང་བྱེད་བཞིན་ཡོད། ཅེས་གསུངས་སོང་།

༧མགོན་པོ་གང་ཉིད་མཆོག་ནས། བར་སྐབས་བོད་མི་ཚོར་ཧ་ཅང་དཀའ་ངལ་བྱུང་བ་རེད། དེང་སང་གུང་ཁྲན་རིང་ལུགས་ཀྱིས་སྒྲིག་སྲོལ་ཧ་ཅང་དམ་པོ་བྱས་ཡོད་ཀྱང་། བོད་མིའི་ཆོས་དད་ཀྱི་སེམས་ཤུགས་ཁྱོན་ནས་བརླག་རྒྱུ་མི་འདུག ང་ཚོས་ཆུང་དུས་ནས་སངས་རྒྱས་ཆོས་ལ་སྐྱབས་སུ་འགྲོ་རྒྱུ་གོམས་བསྡད་པ་རེད། ངོས་རང་ཆུང་དུས་གཙུག་ལག་ཁང་སོགས་སུ་ཕྲུ་གུ་ཆུང་ཆུང་རྣམས་ཀྱི་ཨ་ར་པ་ཙ་བགྲང་བཞིན་ཡོད་པར་མཐོང་སྟེ་ཡིད་དབང་འཕྲོག་ནས་ལད་ཟློས་བྱེད་ཀྱི་ཡོད། ང་ཚོ་བོད་མི་ཚང་མར་ཆོས་དང་རིག་གཞུང་གི་བག་ཆགས་ཡོད་བསྡད་པ་ཞིག་རེད། བར་སྐབས་དེ་ལ་ནང་པའི་ཆོས་དང་བོད་ཀྱི་ཆོས་ཟེར་ནས་སྤྱིར་བཏང་བཞིན་བཞག་པ་རེད། དེང་སྐབས་ཚན་རིག་པ་མང་པོ་ཞིག་གིས་ནང་ཆོས་ཀྱི་སེམས་ཁམས་རིག་པའི་ཐོག་དམིགས་བསལ་དོ་སྣང་བྱེད་བཞིན་འདུག ནང་ཆོས་ཀྱི་སེམས་ཁམས་རིག་པ་དང་བསྟུན་ནས་བློ་མ་ཤེས་པ་ཤེས་སུ་འཇུག་པ་དང་། མ་འདུལ་བ་འདུལ་བར་བྱེད་པའི་རྨད་དུ་བྱུང་བ་གསལ་བོ་ཆགས་ཡོད། འདི་འདྲའི་ཆོས་ལུགས་ཀྱི་དད་པ་དེས་འཛམ་བུ་གླིང་དུ་ཕན་ཐོགས་པ་ཞིག་ཏན་ཏན་རེད། བར་སྐབས་རྒྱ་ནག་ནང་དུའང་ནང་པའི་ཆོས་ལ་ཧ་ཅང་དམ་དྲག་བྱས་ཡོད་ཀྱང་། གཞི་ནས་ཆོས་ལ་དད་པ་ཤུགས་ཆེ་རུ་འགྲོ་བཞིན་འདུག ཅེས་གསུངས་སོང་།

ཡུ་རོབ་བོད་རིགས་ཐུན་མོང་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། སྐུ་པར། རྒྱལ་བ་རིན་པོ་ཆེའི་དྲ་རྒྱ།

ཡང་མགོན་པོ་གང་ཉིད་མཆོག་ནས། བོད་པ་མཚོན་ན་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་ཁྲི་སྲོང་ལྡེའུ་བཙན་སྐབས་ནས་བཟུང་སངས་རྒྱས་ཀྱི་ཆོས་དེ་བོད་པའི་གོམས་གཤིས་སུ་འཇགས་པ་རེད། བོད་པ་ཡོངས་ཀྱིས་སངས་རྒྱས་ཀྱི་ཆོས་ལ་དད་པ་རྩེ་གཅིག་ཏུ་ཡོད་པ་ཧ་ཅང་ཡག་པོ་རེད། ང་ཚོ་བཙན་བྱོལ་བ་ཆགས་ཏེ་སྡོད་བཞིན་ཡོད་ཀྱང་། བོད་པ་བཙན་བྱོལ་བ་གང་དུ་ཡོད་པའི་སྐྱེས་ཕོ་མོ་སུ་ཡིན་རུང་ཆོས་ལ་དད་པ་འགྱུར་བ་མེད་པ་ཞིག་རེད། ང་ཚོའི་ཆོས་ཀྱི་དད་པ་དེ་ཡ་རབས་སྤྱོད་བཟང་དང་འབྲེལ་ཡོད། གལ་སྲིད་ཆོས་ལ་དད་པ་མེད་ཀྱང་ཡ་རབས་སྤྱོད་བཟང་ཉམས་ལེན་ཡག་པོ་བྱེད་དགོས་པར་བཤད་ཀྱི་ཡོད། འཛམ་བུ་གླིང་དུ་ད་སྔ་ཆོས་ལ་དམིགས་བསལ་དོ་སྣང་མེད་མཁན་ཚོས་ཀྱང་ལྟ་གྲུབ་ཐོག་འགྲེལ་བཤད་རྒྱག་རྒྱུ་ཡོད་པར་དམིགས་བསལ་དོ་སྣང་བྱེད་བཞིན་འདུག བོད་པར་མཚོན་པ་ཡིན་ན་ནང་ཆོས་ནི་བོད་པ་རང་ཉིད་ཀྱི་གཅེས་ནོར་ཆགས་ཡོད་པས། ང་ཚོས་བདག་པོ་རྒྱག་རྒྱུ་གལ་ཆེན་པོ་རེད། ཆོས་ལ་བདག་པོ་རྒྱག་ཟེར་བ་དེ་ཅ་ལག་ནང་བཞིན་བདག་པོ་རྒྱག་རྒྱུ་དེ་འདྲ་མ་རེད། སོ་སོའི་བསམ་བློའི་ནང་ཆོས་ཀྱི་སྐྱབས་འགྲོ་དང་ལས་འབྲས་སོགས་ཀྱི་འགྲོ་སྟངས་ཤེས་དགོས། ཆོས་ཀྱི་སྙིང་པོ་ཡ་རབས་སྤྱོད་བཟང་རེད། གལ་ཏེ་ཆོས་ཁས་མ་བླངས་ནའང་སོ་སོའི་མི་ཚེ་ཡ་རབས་སྤྱོད་བཟང་ཐོག་བསྐྱལ་རྒྱུ་བྱུང་ན་ཆོས་ཀྱི་དོན་དག་ཚང་ཡོད། ཁ་ནས་ཆོས་མང་པོ་བཤད་དེ་ཆོས་ཕྱོགས་ཀྱི་གྲུབ་མཐའི་འཐེན་འཁྱེར་བྱས་ཏེ་སེམས་ཞི་ཞིང་དུལ་བ་མེད་ཚེ། དེ་ནི་ཆོས་འབག་ཏུ་གྱོན་པའི་སྲོལ་ཞིག་ཆགས་ཡོད། ཕན་ཐོགས་གང་ཡང་མེད་པ་རེད། ང་ཚོ་བོད་པ་ཧ་ཅང་ཡག་པོ་རེད། ད་ལྟ་བར་ཚང་མས་ཧུར་ཐག་བྱས་པ་རེད། ད་དུང་ཡང་ཧུར་ཐག་བྱེད་དགོས། ཅེས་གསུངས་སོང་།

༧གོང་ས་མཆོག་ནས། སངས་རྒྱས་ཀྱི་ཆོས་ལྟ་གྲུབ་དང་འབྲེལ་ཡོད་པར་བརྟེན། བློ་སྦྱོང་གཙོ་བོ་རིགས་གང་འཚམ་ཤེས་དགོས་ཀྱི་ཡོད། བློ་སྦྱོང་ཡོད་པ་དང་བློ་སྦྱོང་མེད་པའི་ཆོས་འབྲེལ་ལ་ཁྱད་པར་ཡོད། ཆོས་ཤེས་པའི་ཐོག་ནས་དད་པ་བྱས་ཚེ་སེམས་འདུལ་བར་ཧ་ཅང་ཁྱད་པར་ཡོད། ནང་ཆོས་ཉམས་ལེན་བྱེད་པར་བོད་པའི་གོམས་གཤིས་ཆགས་ཡོད་པས། དེས་རིག་གཞུང་ཞིག་མཚོན་ཐུབ་ཀྱི་ཡོད། མི་རིགས་ཀྱི་ཆ་ནས་བཤད་ན་ཆོས་དད་དེས་མི་རིགས་ཀྱི་རྣམ་པ་མཚོན་ཐུབ་པ་ཞིག་རེད། བོད་པའི་གོམས་གཤིས་དང་རིག་གཞུང་ཡང་ནང་ཆོས་དང་འབྲེལ་ཡོད། བོད་ཀྱི་ཆོས་དང་རིག་གཞུང་ཟེར་བའི་གོམས་གཤིས་ཡག་པོ་དེ་བདག་པོ་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཆོས་ཀྱི་ནང་ནས་སེམས་པ་བཟང་པོ་བྱ་རྒྱུ་དེ་ཆོས་ཀྱི་སྙིང་པོ་རེད། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཟེར་བའི་བསམ་བློ་དེ་ཡོད་ན་སེམས་བསྐྱེད་ལ་ཕན་ཐོགས་ཆེན་པོ་རེད། ཞེས་དང་། བོད་པའི་རིག་གཞུང་དང་གོམས་གཤིས་ལབ་དུས་ཆོས་དད་དགོས་པ་གལ་ཆེན་པོ་རེད། སྔོན་མ་ངོས་རང་པེ་ཅིང་དུ་ཡོད་དུས། མའོ་ཙེ་ཏུང་གིས་ཆོས་ཟེར་བ་དུག་རེད་ཅེས་བཤད་མྱོང་། མའོ་ཙེ་ཏུང་ད་ལྟ་ཡོད་ན་ནང་པའི་ཆོས་ལ་དོ་སྣང་ཏན་ཏན་བསླེབས་ཀྱི་རེད། ཁོས་རྒྱུ་མཚན་ལ་བསམ་བློ་བཏང་མི་འདུག ཅེས་གསུངས་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese