མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིས་ཁེ་ལས་ཁང་ ༤༠༠ ཙམ་བཀག་སྡོམ་བྱས་པར་རྒྱ་ནག་གིས་དགག་ལན་བསློགས།

བོད་ཀྱི་དུས་བབ།
༢༠༢༤/༠༨/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཨུ་རུ་སུར་དམག་དོན་དང་འབྲེལ་བའི་ཚོང་རྫས་མཐུན་འགྱུར་བྱེད་མུས་ཡིན་པའི་རྒྱ་ནག་དང་རྒྱལ་སྤྱིའི་ཚོང་དོན་ཁེ་ལས་ཁང་ ༤༠༠  མ་ཟིན་ཙམ་གྱི་ཚོང་བསྒྱུར་ལས་དོན་བཀག་སྡོམ་བྱས་འདུག 

A man walks past U.S. and Chinese flags on the day of a meeting between U.S. Treasury Secretary Janet Yellen and People’s Bank of China Gov. Pan Gongsheng in Beijing on April 8. © Reuters

ཨུ་རུ་སུས་ཁྲིམས་མཐུན་མིན་པའི་ཐོག་ནས་ཡུ་ཁེ་རིན་ལ་བཙན་འཛུལ་བྱེད་མུས་ཡིན་པའི་གནད་དོན་དང་འབྲེལ། ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་ཨ་རིའི་ནོར་སྲིད་ལས་ཁུངས་ཀྱིས། རྒྱལ་སྤྱིའི་སྒེར་གཉེར་དང་གཞུང་འབྲེལ་ཁེ་ལས་ ༤༠༠ མ་ཟིན་ཙམ་གྱིས། ཨ་རིའི་འཕྲུལ་རིག་གློག་ཆས་རིགས་ཨུ་རུ་སུར་མཁོ་འདོན་བྱས་ཏེ་མུ་མཐུད་ཡུ་ཁེ་རིན་ལ་བཙན་འཛུལ་བྱེད་པར་མཐུན་འགྱུར་བྱེད་མུས་ཡིན་པ་བཀག་སྡོམ་བྱས་ཡོད་ཅིང་། ཚོང་རྫས་བཀག་སྡོམ་བྱས་པའི་ཁྲོད་གཙོ་བོ་ཨུ་རུ་སུ་དང་རྒྱ་ནག་དང་། དེ་བཞིན་ཡུ་རོབ་དང་ཨེ་ཤ་ཡའི་རྒྱལ་ཁབ་གཞན་ཁག་ཅིག དཀྱིལ་ཤར་ཡུལ་གྲུའི་རྒྱལ་ཁབ་ཁག་ཅིག་བཅས་ཚུད་ཡོད་སྟབས། ཁ་སང་ཕྱི་ཚེས་ ༢༥ ཉིན་རྒྱ་ནག་ཚོང་དོན་བློན་ཆེན་ལས་ཁུངས་ཀྱིས། ཨ་རིས་རྒྱ་ནག་གི་ཁྲིམས་མཐུན་གྱི་ཁེ་ལས་ཚོང་དོན་ཐད་ལ་ཐེ་ཇུས་བྱས་པར་དགག་པ་ཤུགས་ཆེན་ཡོད་ལུགས་བཤད་འདུག 

རྒྱ་ནག་ཚོང་དོན་བློན་ཆེན་ལས་ཁུངས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཨ་རིའི་ཕྱོགས་གཅིག་གི་ཐོག་ནས་ཚོང་དོན་གྱི་ཐག་གཅོད་ཆེན་པོ་ཞིག་བྱས་པ་དེས། རྒྱལ་སྤྱིའི་ཚོང་དོན་གྱི་ཁྲིམས་སྒྲིག་ལ་སྔར་མེད་ཀྱི་འགོག་རྐྱེན་ཆེན་པོ་ཞིག་བཟོས་པ་མ་ཟད། རྒྱལ་སྤྱིའི་བཟོ་ལས་དང་ཚོང་དོན་གྱི་བརྟན་བརླིང་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་སུ་བཅུག་པ་ཡིན། ཨ་རིས་ལུགས་མཐུན་མིན་པའི་ལག་བསྟར་དེ་དག་བྱེད་མཚམས་བཞག་ནས། རྒྱ་ནག་གི་ཁེ་ལས་ཚོང་དོན་གྱི་ཁྲིམས་མཐུན་ཐོབ་ཐང་དང་ཁེ་ཕན་ལ་སྲུང་སྐྱོབ་བྱ་དགོས། ཞེས་དང་། ཨ་རིས་རྒྱ་ནག་གི་ཚོང་དོན་ཁེ་ལས་ཁང་དེ་དག་ནས་ཨ་རིའི་ཅ་དངོས་བགོ་འགྲེམས་བྱ་མི་ཆོག་པའི་ཐོ་གཞུང་དུ་བཅུག་པར་དགག་པ་ཡོད། ཅེས་གསལ་འདུག 

བྷའེ་ཌན་སྲིད་གཞུང་གིས། འཛམ་གླིང་གི་ཁེ་ལས་ཁང་ ༤༠༠ ལྷག་གིས་ཨུ་རུ་སུར་མཉམ་འབྲེལ་གྱི་ཐོག་ནས་དམག་དོན་སོགས་ཀྱི་ཐོན་རྫས་མཁོ་སྤྲོད་བྱེད་མུས་ཡིན་པ་བཀག་སྡོམ་བྱས་པའི་ཁྲོད། རྒྱ་ནག་གི་ཚོང་དོན་ཁེ་ལས་ཁང་ ༤༢ དང་། ཨུ་རུ་སུ་གཞུང་སྒེར་གཉིས་ཀྱི་ཁེ་ལས་ཁང་ ༦༣ དང་། འཛམ་གླིང་རྒྱལ་ཁབ་གཞན་ནས་ཚོང་གཉེར་ཁང་ ༡༨ བཅས་ཡོད་ཅིང་། དེ་སྔ་ཨུ་རུ་སུས་ཡུ་ཁེ་རིན་བཙན་འཛུལ་བྱེད་བཞིན་པའི་གནད་དོན་དང་འབྲེལ་ནས། ཨ་རིས་རྒྱ་ནག་གཞུང་ནས་ཨ་རུ་སུར་དམག་དོན་མཚོན་ཆ་སོགས་མཁོ་འདོན་གཏན་ནས་བྱེད་མི་ཆོག་པའི་ཉེན་བརྡ་ལན་མང་བཏང་ཡང་། རྒྱ་ནག་གཞུང་གིས་ཨུ་རུ་སུ་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་གཙོ་བཟུང་གིས་ཨུ་རུ་སུའི་མཐའ་སྲུང་གི་ཆེད་དུ་མཚོན་ཆ་མཁོ་འདོན་བྱེད་མུས་ཡིན་པ་ལས། ཡུ་ཁེ་རིན་ལ་བཙན་འཛུལ་གྱི་ཆེད་དུ་མིན་ལུགས་བཤད་འདུག 

ཟླ་སྔོན་མའི་ཕྱི་ཚེས་ ༡༤ ཉིན་ཨ་རིའི་སྲིད་འཛིན་སྐུ་ཞབས་བྷའེ་ཌན་མཆོག་དང་ཡུ་ཁེ་རིན་གྱི་སྲིད་འཛིན་ཛ་ལེན་སི་ཀི་གཉིས་ཀྱིས། ཨ་རི་དང་ཡུ་ཁེ་རིན་གཉིས་ཀྱི་བདེ་སྲུང་གི་ཐད་ལ་མཉམ་འབྲེལ་གྱི་གྲོས་མཐུན་ལ་ས་ཡིག་བཀོད་ཡོད་ཅིང་། གྲོས་ཆོད་དེའི་ཁྲོད་མི་ལོ་བཅུའི་རིང་ཕྱོགས་གཉིས་ཀྱིས་དམག་དོན་དང་། བདེ་སྲུང་། ཚོང་དོན་སོགས་ཀྱི་ཐོག་ནས་མཉམ་ལས་བྱ་རྒྱུ་ཡིན་ཞིང་། ཨ་རིས་ཕྱོགས་ཡོངས་ནས་གཡུལ་འགྱེད་ཀྱི་ཁྲོད་མི་དམངས་ཕལ་བ་མང་དག་ཅིག་གི་འཚོ་གནས་ལ་དོ་ཕོག་ཆེན་པོ་འགྲོ་མུས་ཡིན་པའི་ཡུ་ཁེ་རིན་ལ་རོགས་འདེགས་དང་མཉམ་འབྲེལ་གྱི་ལས་དོན་སྤེལ་རྒྱུ་ཡིན་པའི་གྲོས་མཐུན་བྱུང་འདུག་ལ། དེ་བཞིན་ཉེ་ལམ་ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཕལ་མོ་ཆེས་ཡུ་ཁེ་རིན་ལ་ཨ་སྒོར་ཐེར་འབུམ་ ༡༧༠ ལྷག་གི་དམན་དོན་མཚོན་ཆ་ཚུད་པའི་རོགས་འདེགས་བྱེད་མུས་ཡིན་འདུག དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་མུ་དྷི་མཆོག་གིས་ཡུ་ཁེ་རིན་གྱི་སྲིད་འཛིན་ཛི་ལེན་སི་ཀི་དང་ཐུག་འཕྲད་བྱས་ཏེ། ཡུ་ཁེ་རིན་དང་རྒྱ་གར་གཉིས་ཀྱིས་དོན་ཚན་སོ་གཉིས་ཅན་གྱི་མཉམ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཡུ་རྒྱ་གཉིས་མཉམ་ལས་ཁེ་ཕན་གཙོ་བོ་གཞི་ལ་བཟུང་ནས་ཚོང་དོན་དང་། དཔལ་འབྱོར། ཚན་རྩལ། གློག་ཆས་སོགས་ཀྱི་ཐད་ལ་ལས་དོན་གཉེར་རྒྱུ་ཡིན་སྐོར་སོགས་བཀོད་འདུག 

ཟླ་འདིའི་ཕྱི་ཚེས ༨ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཞིབ་འཇུག་ལྟེ་གནས་ཁང་གིས་ཨ་རྒྱ་གཉིས་ཀྱི་ཚོང་དོན་དང་འབྲེལ་བའི་གནས་ཚུལ་ཞིག་སྤེལ་བའི་ནང་། ཕྱི་ལོ་ ༢༠༠༡ ལོར་རྒྱ་ནག་རྒྱལ་སྤྱིའི་ཚོང་གི་སྒྲིག་འཛུགས་སུ་འཛུལ་ཞུགས་བྱས་རྗེས། ཨ་རྒྱ་གཉིས་ཀྱི་ཚོང་དོན་ལ་སྔར་ལས་ལྷག་པའི་འཕེལ་རྒྱས་ཆེན་པོ་ཞིག་བྱུང་ཡོད་པ་མ་ཟད། འདས་པའི་མི་ལོ་བཅུ་ཕྲག་རིང་རྒྱ་ནག་ནི་ཨ་རིའི་ཚོང་ཤག་ཆེ་ཤོས་དེ་ཡིན་ཡང་། ཕྱི་ལོ་ ༢༠༢༣ ལོར་རྒྱ་ནག་དེ་ཨ་རིའི་ཚོང་ཤག་ཆེ་ཤོས་བཞི་པར་གྱུར་ནས། ཨ་རྒྱ་གཉིས་ཀྱིས་ཨ་སྒོར་ཐེར་འབུམ་ ༥༧༥ ལྷག་གི་ཚོང་དོན་མཉམ་ལས་བྱས་པའི་ཁྲོད། རྒྱ་ནག་གིས་ཨ་རིར་སྐྱེལ་འདྲེན་བྱས་པའི་ཅ་དངོས་ཀྱིས་ཨ་སྒོར་ཐེར་འབུམ ༢༧༩།༤ ཟིན་ཡོད་འདུག 

ཕྱི་ལོ་ ༢༠༢༢ ལོར་ཨུ་རུ་སུས་ཡུ་ཁེ་རིན་ལ་བཙན་འཛུལ་བྱེད་སྐབས། རྒྱལ་ཁབ་མང་པོ་ཞིག་གིས་ཨུ་རུ་སུར་ཚོང་དོན་གྱི་འབྲེལ་ལམ་བཅད་པའམ་ཚོང་གི་ཉེས་ཆད་མི་ཉུང་བ་ཞིག་བཅད་ཡོད་ཀྱང་། རྒྱ་ནག་གིས་ཨུ་རུ་སུར་སྔར་ལས་ལྷག་པའི་ཚོང་དོན་གྱི་འབྲེལ་ལམ་ཤུགས་ཆེན་བཙུགས་ནས་མ་འཇོག་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་དོན་གཉེར་རོགས་བྱས་ཏེ། ཨུ་སུ་རུའི་མགོ་ཁྲིད་པུ་ཌིན་གྱི་དུས་སྐབས་གསར་པ་ཟེར་བ་སྟེ།  ཕྱི་ལོ་ ༢༠༢༢ ལོར་ཨུ་རུ་སུའི་ཅ་དངོས་བརྒྱ་ཆ་ ༣༦།༥ རྒྱ་ནག་ནས་དབོར་འདྲེན་བྱས་ཏེ། ལོ་དེ་གཅིག་པུར་རྒྱལ་ཁབ་དེ་གཉིས་ཀྱིས་ཨ་སྒོར་ཐེར་འབུམ་ ༡༩༠ ལྷག་གི་ཚོང་འབྲེལ་བྱས་ཡོད། ཕྱི་ལོ་ ༢༠༠༨ རྗེས་ནས་རྒྱ་ནག་དང་ཡུ་ཁེ་རིན་གཉིས་བར་ཚོང་གི་འབྲེལ་ལམ་བཟུང་ནས། ཕྱི་ལོ་ ༢༠༡༩ ལོར་རྒྱ་ནག་དེ་ཡུ་ཁེ་རིན་གྱི་ཚོང་འབྲེལ་ཆེ་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་ཏེ་ཕྱི་ལོ་ ༢༠༢༠ ལོ་གཅིག་པུར་ཨ་སྒོར་ཐེར་འབུམ་ ༡༥།༤ ཚོང་འབྲེལ་བྱས་ཡོད་ཀྱང་། གནད་དོན་དབྱེ་ཞིབ་པ་མང་པོ་ཞིག་གིས། རྒྱ་ནག་གིས་ཡུ་ཁེ་རིན་དང་ཚོང་དོན་གྱི་འབྲེལ་ལམ་གཡུགས་ནས། ཨུ་རུ་སུ་དང་མཉམ་འབྲེལ་བྱས་ཏེ་དམག་དོན་གྱི་ནུས་པ་མཉམ་དུ་སྤུངས་ནས། མ་འོངས་པར་སྔར་ལྷག་གིས་ཨ་རིའི་ལྡོག་ཕྱོགས་སུ་ལངས་ཏེ་ཚོང་དང་དམག་དོན་གྱི་ནུས་པ་བསྐྱེད་རྒྱུའི་དམིགས་ཡུལ་འཛིན་གྱིན་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢ སྔོན་ལ།
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

ཆུ་ཚོད་ ༤ སྔོན་ལ།
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༦ སྔོན་ལ།
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese