མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་ཞི་བདེ་བསྐྲུན་རྒྱུར་འཚེ་བ་མེད་པའི་ལྟ་གྲུབ་དེ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་གསུངས།

བོད་ཀྱི་དུས་བབ།
༢༠༢༤/༠༩/༠༤
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཧྥི་ལི་པིན་གྱི་རོ་མན་མོན་མཱག་སི་སི་ཐེབས་རྩ་ཁང་དབུ་བརྙེས་ནས་ལོ་ངོ་ ༦༥ འཁོར་བའི་དུས་དྲན་དང་བསྟུན་ཐེབས་རྩ་ཁང་དེའི་འགན་འཛིན་ལྷན་ཚོགས་ལ་མཇལ་ཁ་དང་བཀའ་སློབ་བསྩལ།

ཕྱི་ལོ་ ༡༩༥༩ ལོར་ཧྥི་ལི་པིན་གྱི་རོ་མན་མོན་མཱག་སི་སི་ཐེབས་རྩ་ཁང་གིས་འཛམ་གླིང་ནང་རླབས་ཆེན་གྱི་མཛད་རྗེས་འཇོག་མཁན་རྣམས་ལ་ཕུལ་སྲོལ་ཡོད་པའི་རོ་མན་མོན་མཱག་སི་སི་གཟེངས་རྟགས་དེ་༧གོང་ས་མཆོག་ལ་ཕུལ་ཡོད་པ་ལྟར། དེ་རིང་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག ཧྥི་ལི་པིན་གྱི་རོ་མན་མོན་མཱག་སི་སི་གཟེངས་རྟགས་ (Ramon Magsaysay Award) ཀྱི་ཐེབས་རྩ་ཁང་གི་འགན་འཛིན་ལྷན་ཚོགས་དང་། གཟེངས་རྟགས་དེ་བཞེས་མྱོང་མཁན་སོགས་ཀྱིས་ཐེབས་རྩ་ཁང་དེ་བཙུགས་ནས་ལོ་ངོ་ ༦༥ འཁོར་བའི་དུས་དྲན་སྲུང་གཙི་དང་སྦྲགས། གླེགས་བམ་བདུན་ཅན་གྱི་དཔེ་དེབ་དབུ་འབྱེད་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་ཡོད་འདུག་ལ། སྐབས་དེར་༧མགོན་པོ་གང་ཉིད་ཀྱིས་འཛམ་གླིང་ཞི་བདེ་བསྐྲུན་རྒྱུར་འཚེ་བ་མེད་པའི་ལྟ་གྲུབ་དེ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་གསུངས་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ངོས་རང་མདོ་སྨད་ཀྱི་ས་ཁུལ་དུ་སྐྱེས། དེ་ནས་ལྷ་སར་བསླེབས་ནས་དཔེ་ཆ་ཡག་པོ་ཞིག་བལྟས། སྐབས་དེར་དགེ་བའི་བཤེས་གཉེན་བསམ་གྱིས་མི་ཁྱབ་པ་རེད། ཁོང་ཅག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ངོས་རང་གིས་དཔེ་ཆ་གང་ཙམ་བལྟས་པ་རེད། དེ་ནས་དུས་ཀྱི་འགྱུར་བ་བྱུང་ནས་ངོས་རང་རྒྱ་གར་དུ་བསླེབས་པ་རེད། རྒྱ་གར་དུ་བསླེབས་རྗེས་དེ་སྔ་བོད་དུ་དཔེ་ཆ་བལྟས་པ་དེས་ཕན་ཐོགས་ཞེ་དྲགས་བྱུང་། རྒྱ་གར་ནང་དུ་ནང་པ་ཙམ་མིན་པ་མུ་སྟེགས་པ་དང་། ལྟ་གྲུབ་འདྲ་མི་འདྲ་ཡོད་མཁན་མང་པོ་ཞིག་ལ་གོ་བསྡུར་དང་སྐད་ཆ་བཤད་རྒྱུའི་ནུས་པ་ཞིག་ཐོབ་ནས་ཞེ་དྲགས་ཡག་པོ་བྱུང་། རྒྱ་གར་དུ་མུ་སྟེགས་པ་དང་ལྷན་དུ་མི་དང་མི་ཐུག་ནས་གོ་བསྔུར་བྱ་རྒྱུའི་གོ་སྐབས་ཡོད་དུས། བོད་ལ་དཔེ་ཆ་རྐྱང་རྐྱང་བལྟས་པ་དེ་དང་མི་འདྲ་ས་ཞིག་ནི། མུ་སྟེགས་པའི་ཆོས་གྲོགས་ལྷན་དུ་གོ་བསྡུར་བྱས་པ་དེས་ཕན་ཐོགས་ཞེ་དྲགས་བྱུང་། དེ་དང་ཆབས་ཅིག་ཚན་རིག་པ་མང་པོ་ཞེ་དྲགས་ཐུག་གི་ཡོད། ངོས་རང་ལ་ཆུང་དུས་ནས་ནང་པའི་གཞུང་ནས་བསླབས་བཞག་པའི་རིགས་ལམ་དེའི་ཐོག་ནས། རྩོད་པ་རྩོད་སའི་ཡུལ་དེ་ནང་པ་གཅིག་པུ་མ་ཡིན་པར། མུ་སྟེགས་པ་དང་ཚན་རིག་པ་མང་པོ་ཞིག་ཏུ་གོ་བསྡུར་བྱ་རྒྱུའི་གོ་སྐབས་བྱུང་། གཞུང་ལུགས་དེ་དག་སྦྱངས་ནས། ངོས་རང་སྤྱིར་ནང་པ་དང་ནང་པའི་ནང་ནས་ཐལ་འགྱུར་བ་སྟེ། ཤེས་ནས་དད་པ་འཐོབ་མཁན་གྱི་ཐལ་འགྱུར་བའི་གྲུབ་མཐའ་འཛིན་མཁན་ཞིག་ཆགས་བསྡད་ཡོད། དབུ་མ་རང་རྒྱུད་པའི་ཆོས་གྲོགས་ཤིག་དང་ཐུག་པ་ཡིན་ན། ཐལ་བ་དང་གཏན་ཚིགས་ཀྱི་སོན་འདེབས་ཐུབ་ཀྱི་རེད། རིག་པ་གཏོང་བར་ཐལ་འགྱུར་བའི་རིག་པ་དེ་ཡག་ཤོས་རེད་འདུག ངོས་རང་གིས་ཉིན་ལྟར་སྒོམ་རྒྱག་པའི་སྐབས་སུ་ཐལ་འགྱུར་བའི་བསམ་བློ་དེ་ཉིན་ལྟར་གཏོང་གི་ཡོད། ཅེས་གསུངས་འདུག

༧མགོན་པོ་གང་ཉིད་ཀྱིས། ངོས་རང་གིས་ཞོགས་པར་ལངས་མ་ཐག་བྱང་ཆུབ་ཀྱི་སེམས་དང་ཤེས་རབ་ཀྱི་ཐད་ནས་སྟོང་ཉིད་ཀྱི་ལྟ་བ་གཉིས་པོ་ཟུང་དུ་འབྲེལ་ནས་བསམ་བློ་གཏོང་གི་ཡོད། སྟོང་ཉིད་ཀྱི་ལྟ་བའི་སྐོར་ལ་༧མགོན་པོ་ཀླུ་སྒྲུབ་ཀྱི་དགེ་ཕྲུག་ཅིག་གི་གཞོལ་ནས་ཕལ་ཆེར་ངོས་རང་བསྡད་ཆོག་པ་ཡིན། དེ་བཞིན་རྒྱ་གར་གྱི་ལྟ་གྲུབ་གཙོ་བོ་དེ་འཚེ་བ་མེད་པ་ཞེས་པ་དེ་ཞེ་དྲགས་གལ་ཆེན་པོ་རེད་འདུག ལྟ་གྲུབ་ཀྱི་ཐོག་ནས་ནང་པ་དང་རིགས་འདྲ་མི་འདྲ་ཡོང་གི་ཡོད་རེད་དེ། འཚེ་བ་མེད་པ་དེ་ཚང་མས་གཅིག་གྱུར་གྱི་ལག་ལེན་བསྟར་རྒྱུ་དེ་རེད། ངོས་རང་ལ་མཚོན་ནའང་ཆུང་དུས་ནས་འཚེ་བ་མེད་པ་ལ་ཞེ་དྲགས་གོམས་འདྲིས་ཡོད། ངོས་རང་གིས་འཚེ་བ་མེད་པའི་ལམ་དེ་ཉམས་ལེན་བྱས་པ་མ་ཟད། རང་གི་གྲོགས་པོ་རྣམས་ལའང་བགྲོ་གླེང་དང་གོ་བསྡུར་བྱེད་ཀྱི་ཡོད། དངོས་གནས་འཛམ་བུ་གླིང་འདིར་འཚེ་བ་མེད་པ་དེ་ཞེ་དྲགས་གལ་ཆེན་པོ་རེད་འདུག འཛམ་གླིང་འདིར་ཞི་བདེ་དང་འཚེ་བ་མེད་པ་ཡོང་རྒྱུར་ཚང་མས་དོ་སྣང་བྱེད་ཀྱི་ཡོད། དེ་ལ་ངོས་རང་གིས་འཚེ་བ་མེད་པའི་ལྟ་གྲུབ་དེ་ཞེ་དྲགས་གལ་ཆེན་པོ་མཐོང་གི་འདུག ཅེས་གསུངས་འདུག

དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་རྒྱར་གསལ་བའི་མཛད་འཆར་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༦  ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་ནས་མོན་གྱི་དད་ལྡན་མི་མང་ལ་སྤྱན་རས་གཟིགས་ཀྱི་བཀའ་དབང་གནང་རྒྱུ་དང་། ཚེས་ ༧ ཉིན་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་། ཕྱི་ཚེས་ ༡༢ དང་ ༡༣ ཉིན་གྲངས་གཉིས་རིང་ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་རྣམས་ལ་ཆོས་འབྲེལ་དང་། ཕྱི་ཚེས་ ༡༨ ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་དང་།  བོད་ཀྱི་རྒྱལ་ས་ལྷ་སའི་མཐུན་གྲོགས་རྫོང་ཁག  ཌལ་ཧོར་སློབ་ཟུར་བཅས་ནས་བརྟན་བཞུགས་བསྟར་འབུལ། དེ་བཞིན་ཕྱི་ཚེས་ ༣༠ ནས་ཉིན་གྲངས་གཉིས་རིང་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་རྣམས་ལ་སྤྱོད་འཇུག་ཆེན་མོའི་ལེའུ་བརྒྱད་པའི་ཆོས་འབྲེལ་བསྩལ་རྒྱུ་ཡིན་པ་བཅས་ཀྱི་མཛད་འཆར་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་རུ་འཚོག་རྒྱུ་རེད།
Mobile App

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་དུ་འཚོག་རྒྱུ་རེད།

༢༠༢༦/༠༤/༢༨
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མཇལ་ཁ་སྩལ་སྐབས། སྐུ་པར་དགའ་ལྡན་ཕོ་བྲང་གི་བརྙན་ཐུང་ནས་བླངས།  ༢༠༢༦།༤།༢༨
༸གོང་ས་མཆོག གསར་འགྱུར།

ཆ་དྷི་སི་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༤/༢༨
བོད་རང་དབང་འཐབ་རྩོད་པའི་ལྷན་ཚོགས་༧རྒྱལ་བའི་ཞབས་ཕྱི་བར་གཟེངས་རྟགས་ཕུལ། དུས་བབ་ཀྱི་པར།
Mobile App

བོད་རང་དབང་འཐབ་རྩོད་པ་རྣམས་ལ་རིམ་གྱིས་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༤/༢༧
བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་དེ་དགོན་པའི་འདུ་ཁང་དུ་བཞག་སྟེ་སྔོན་གྱི་བཞུགས་ཡུལ་དུ་རྟ་རྒྱུག་ཐང་བཟོས་འདུག པར་དུས་བབ་ལ་མཁོ་སྤྲོད་གནང་།
Mobile App

བོད་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་བཞུགས་ས་དེ་རྟ་རྒྱུག་ཐང་བཟོས་འདུག

༢༠༢༦/༠༤/༢༧
ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

༢༠༢༦/༠༤/༢༦
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese