མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧྥ་རན་སིའི་འགྲེམས་སྟོན་ཁང་གཉིས་ཀྱིས་ཞི་ཙང་ཟེར་བའི་ཐ་སྙད་བེད་སྤྱོད་བྱས་པར་སྐྱོན་བརྗོད་བྱས།

བོད་ཀྱི་དུས་བབ།
༢༠༢༤/༠༩/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཧྥ་རན་སིའི་འགྲེམས་སྟོན་ཁང་གཉིས་ཀྱིས་བོད་ཅེས་པའི་ཚབ་ཏུ་ཞི་ཙང་ཟེར་བའི་ཐ་སྙད་བེད་སྤྱོད་བྱས་པར་ངོས་ལེན་མེད་པ་དང་བཅོས་བསྒྱུར་བྱེད་དགོས་པའི་ཞུ་ཡིག་བསྐུར་ཡོད་འདུག

Facade of Guimet Museum, dressed by Chinese artist Jiang Qiong Er, in central Paris in 2024. Photo: Miguel Medina / AFP via Getty Images.

ཧྥ་རན་སིའི་ཚགས་པར་ཁང་ (Le Monde) གིས་དེ་འབྲེལ་གནས་ཚུལ་སྤེལ་བའི་ནང་། ཧྥ་རན་སིའི་རྒྱལ་ས་པེ་རི་སི་རུ་རྟེན་གཞི་བྱས་པའི་བྷེ་རན་ལི་ (Branly) འགྲེམས་སྟོན་ཁང་གིས་བོད་ཀྱི་དངོས་རྫས་དཀར་ཆག་ནང་བོད་ཅེས་པའི་ཚབ་ཏུ་རྒྱ་སྐད་དུ་བསྒྱུར་བའི་ཞི་ཙང་རང་སྐྱོང་ལྗོངས་ (Xizang Autonomous Region) ཟེར་བ་བཏགས་ཤིང་། དེ་བཞིན་གྷུའི་མེ་ཊི་ (Guimet) འགྲེམས་སྟོན་ཁང་གི་བོད་ཀྱི་འགྲེམས་སྟོན་ཁང་གི་ཚབ་ཏུ་ཧི་མ་ལ་ཡའི་འཇིག་རྟེན་ (Himalayan World) ཟེར་བའི་མིང་གསར་པ་ཞིག་བཏགས་ཡོད་པ་གསལ་འདུག

དེ་འབྲེལ་བོད་རིག་པ་བ་དང་རྒྱ་ནག་གི་ཆེད་མཁས་པ་ཁག་ཅིག་མཉམ་འབྲེལ་གྱིས་ཡི་གེ་ཞིག་བསྐུར་བའི་ནང་། ཧྥ་རན་སིའི་འགྲེམས་སྟོན་ཁང་ཁག་གིས་བོད་ཅེས་པའི་ཚབ་ཏུ་ཞི་ཙང་རང་སྐྱོང་ལྗོངས་ཟེར་བ་དང་ཧི་མ་ལ་ཡའི་འཇིག་རྟེན་ཟེར་བ་སོགས་བཏགས་ནས་བསྒྱུར་བཅོས་བཏང་བ་དང་། ཧྥ་རན་སིའི་འགྲེམས་སྟོན་ཁང་ཁག་ཏུ་ལོ་རྒྱུས་བསྐྱར་འབྲི་བྱེད་ཐབས་ཀྱི་ཤུགས་རྐྱེན་བསླེབས་ཡོད་པ་སོགས་ལ་སྐྱོན་བརྗོད་ཡོད། འདི་ནི་སེམས་འཚབ་བྱེད་དགོས་པའི་གནད་དོན་ཞིག་ཡིན་པ་དང་། ང་ཚོའི་ཚན་རིག་དང་རིག་གཞུང་གི་ཚོགས་སྡེ་ཁག་གིས་གནད་དོན་དེ་གལ་ཆེན་ཞིག་ཏུ་བརྩིས་ནས་དམངས་གཙོ་མིན་པའི་ཕྱིའི་རྒྱལ་ཁབ་ཀྱི་ཐེ་ཇུས་ལ་ངོས་ལེན་བྱེད་མི་ཉན་ཞེས་ནན་སྐུལ་སོགས་བྱས་འདུག

ཧྥ་རན་སིའི་ནང་འགྲེམས་སྟོན་ཁག་ཙམ་མིན་པར་ཧྥ་རན་སིའི་གཙུག་ལག་སློབ་ཆེན་ཁག་ཏུའང་། ཁུང་ཙིའི་སློབ་གསོ་ལྟེ་གནས་(Confucius) ཚུད་པའི་རྒྱ་ནག་གི་དྲིལ་བསྒྲགས་བྱེད་སའི་གླེང་སྟེགས་ཇེ་མང་དུ་ཕྱིན་ཡོད་ཅིང་། ཧྥ་རན་སིའི་སློབ་ཆེན་ཁག་དང་སློབ་གསོའི་ལྟེ་གནས་ཁང་མང་པོར་རྒྱ་ནག་གིས་མཐུན་འགྱུར་བྱས་ཏེ་ཞི་ཅིན་ཕིན་གྱི་བསམ་བློ་དང་མཐུན་པའི་ལྟ་བ་ལངས་ཕྱོགས་སྤེལ་བར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། ཉེ་བའི་ལོ་ཤས་གོང་ཧྥ་རན་སིའི་སློབ་གཉེར་ཁང་ཁག་གིས་རྒྱ་ནག་གི་ལྟ་བ་དང་ལངས་ཕྱོགས་དྲིལ་བསྒྲགས་དང་ཁྱབ་སྤེལ་སོགས་བྱས་ནས་སློབ་གྲྭ་སོ་སོའི་ལས་གཞིར་འགྱུར་བ་ཐེབས་ཀྱི་ཡོད་པ་མ་ཟད། ལོ་རྒྱུས་ལ་འཁྱོག་བཤད་དང་། ཕྱི་སྡོད་རྒྱ་རིགས་སློབ་ཕྲུག་རྣམས་ལ་སོ་ལྟ་སོགས་བྱེད་ཀྱིན་ཡོད་འདུག དེར་བརྟེན། ཁེ་ན་ཌ་དང་ཨ་རི། ཨོ་གླིང་། ཧྥ་རན་སི། འཇར་མན། སི་པན། ཌེན་མག ནི་ཐར་ལེན་ཌི། སྦེལ་འཇམ། སུ་ཝེ་ཌན་བཅས་རྒྱལ་ཁབ་ ༡༡ གིས་རྒྱལ་ཁབ་རང་རང་ནང་ཡོད་པའི་ཁུང་ཙིའི་སློབ་གསོའི་ལྟེ་གནས་ཁང་སྒོ་བརྒྱབ་ཡོད་པའི་གནས་ཚུལ་ཐོན་ཡོད།

འདི་ལོའི་ཕྱི་ཟླ་ ༨ ཚེས་ ༡༤ ནས་ ༡༦ བར་པེ་ཅིན་དུ་འཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་བགྲོ་གླེང་ཐེངས་ ༧ པའི་སྟེང་བོད་ཅེས་པ་ཞི་ཙང་དུ་མིང་བསྒྱུར་བྱེད་ཐབས་ཤུགས་ཆེན་བྱས་ཡོད་ཅིང་།  ཧར་པིན་བཟོ་བཀོད་སློབ་ཆེན་ (Harbin Engineering University) གྱི་མར་ཁེ་སི་རིང་ལུགས་ཀྱི་མཐོ་སློབ་ཀྱི་སློབ་དཔོན་ཝང་ལིན་ཧྥིང་ (Wang Linping) གིས་བོད་ཅེས་པའི་མིང་གིས་ས་ཁམས་ཆབ་སྲིད་དང་འབྲེལ་ནས་འཛམ་གླིང་ནང་འགྲེལ་ལོག་རྒྱག་གི་ཡོད་སྟབས། ཞི་ཙང་ (Xizang) ཟེར་བའི་ཐ་སྙད་དེས་བོད་ཀྱི་དངོས་མིང་མཚོན་པ་སོགས་གཙོ་གླེང་བྱས་ཡོད་འདུག

རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཞི་ཙང་ཟེར་བའི་ཐ་སྙད་དེ་བཀོལ་སྤྱོད་ཁྱབ་ཆེན་བྱེད་བཞིན་ཡོད་ཀྱང་། དཔྱད་བརྗོད་པ་ཁག་ཅིག་གིས་བོད་མིང་བསྒྱུར་བཅོས་ཀྱི་མཚོན་པའི་སྐད་ཡིག་འགྱུར་འགྲོས་ཀྱི་སྲིད་ཇུས་དེ་ནི། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྟེང་བོད་ལ་ངོས་འཛིན་བྱེད་ཕྱོགས་དང་། བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་གསལ་ཁ་འདོན་ཐབས་བྱེད་བཞིན་ཡོད་སྐོར་བརྗོད་འདུག་ལ། དེ་སྔ་རྒྱ་ནག་གིས་སྲིད་ཇུས་དེ་ལག་བསྟར་བྱས་ཏེ།  རྒྱལ་སྤྱིའི་ཐོག་ཤར་ཊུར་ཀི་སི་ཐན་ལ་ཤིན་ཅང་ཟེར་བའི་ཐ་སྙད་བེད་སྤྱོད་བྱས་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༡༤ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese