མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་རྒྱབ་སྐྱོར་བ་ཞིག་ཧོང་ཀོང་དུ་བཀག་སྡོམ་བྱས་འདུག 

བོད་ཀྱི་དུས་བབ།
༢༠༢༤/༠༩/༡༠
Share on FacebookShare on TwitterShare on EmailShare on Whatsapp

བོད་དོན་རྒྱབ་སྐྱོར་བ་ཌ་ཝི་ཌི་ལགས་ཧོང་ཀོང་ནང་འགྲོ་སྐྱོད་བྱ་རྒྱུར་བཀག་སྡོམ་བྱས་རྗེས་སྤྱི་ཚོགས་དྲ་ལམ་སོགས་སུ་ཧོང་ཀོང་ནང་གི་རང་དབང་གི་གནས་བབ་ཐད་སྐྱོན་བརྗོད་བྱེད་མགོ་བཙུགས་སོང་།

David Missal, pictured here with Hong Kong activist Glacier Kwong, unsuccessfully petitioned Germany to sanction China in response to the introduction of new ‘national security’ laws in Hong KongImage: Cmw Boni

རྒྱ་ནག་གཞུང་གིས་བོད་གཙོས་རྒྱ་ནག་གི་བཙན་བཟུང་འོག་ཡོད་པའི་མི་རིགས་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་ཀྱི་འགྲོ་འདུག་སོགས་ལ་ཉུལ་ཞིབ་དང་། དཔལ་འབྱོར་གྱི་ཉེས་ཆད་ཟེར་བ་གཅོད་ཀྱིན་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༩ ཉིན་འཇར་མན་གྱི་བོད་དོན་རྒྱབ་སྐྱོར་བ་ཌ་ཝི་ཌི་(David Missa) ཧོང་ཀོང་ནང་འགྲོ་སྐྱོད་བྱས་བཅུག་མེད་པའི་གནས་ཚུན་ཐོན་འདུག

དེ་འབྲེལ་ཌ་ཝི་ཌི་ལགས་སྒེར་གྱི་ཨེ་སི་(X) སྤྱི་ཚོགས་གླེང་སྟེགས་སྟེང་། ང་རང་ཧོང་ཀོང་དུ་བསྐྱོར་རྒྱུ་བཀག་སྡོམ་བྱས་སོང་། ཆུ་ཚོད་བཅུ་གསུམ་ལྷག་གི་རིང་ཞིབ་དཔྱོད་དང་འདྲི་རྩད་བྱས་པའི་རྗེས། མཚན་དཀྱིལ་ཙམ་ལ་ང་རང་ཧོང་ཀོང་དུ་བསྐྱོད་མི་ཆོག་ཀྱང་། ངའི་འཆར་གཞི་བཞིན་ཝེ་ཐི་ནམ་ལ་འགྲོ་སྐྱོད་ཆོག ཅེས་དང་། ང་རང་རིན་འབབ་མི་དགོས་པའི་ཐོག་ནས་རྒྱ་ནག་ཏུ་བསྐྱོད་ཆོག་ཀྱང་། ཧོང་ཀོང་ནང་བསྐྱོད་མི་ཆོག་པ་རེད། ཅེས་ཁྲིམས་སྒྲིག་དང་འགལ་བའི་འགྲོ་སྐྱོད་ཀྱི་ཐོབ་ཐང་རྡོག་རོལ་དུ་བཏང་བར་སྐྱོན་བརྗོད་བྱས་འདུག

གནད་དོན་དེ་དང་འབྲེལ་ནས་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བའི་ཚོགས་གཙོ་རེ་ཝོང་(Ray Wong) གིས། གནད་དོན་དེའི་ཐོག་ནས་ཧོང་ཀོང་ནང་གནས་སྡོད་བྱེད་མཁན་གཅིག་པུའི་རང་དབང་ཇེ་ཆུང་དུ་འགྲོ་མུས་ཡིན་པ་ཤེས་རྟོགས་འབྱུང་གི་ཡོད་པ་ཞིག་མིན་པར། གློ་བུར་དུ་འགྱུར་བ་འགྲོ་མུས་ཡིན་པའི་ཆབ་སྲིད་ལམ་ལུགས་ཁྲོད། ཕྱི་རྒྱལ་མི་རིགས་རྣམས་ཀྱང་བདེ་འཇགས་མེད་པ་རེད། ཅེས་བརྗོད་འདུག་ལ། དེ་བཞིན་སྤྱི་ཚོགས་དྲ་ལམ་སོགས་སུ་གནད་དོན་དེ་ཕྱིར་བསྒྲགས་བྱས་རྗེས། འཛམ་གླིང་ཁྱོན་ཡོངས་ཀྱི་མི་མང་པོ་ཞིག་གིས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས། “ ཞེས་དང་། “རྒྱ་ནག་ལས་ཧོང་ཀོང་དུ་དམ་དྲག་ཆེ་བ།” རྒྱ་ནག་གིས་ཧོང་ཀོང་བཙན་བཟུང་བྱས་ནས་དམངས་གཙོའི་ལམ་ལུགས་ལ་གཅེས་སྐྱོང་བྱ་རྒྱུའི་དམ་བཅའ་བཞག་ཡོད། ཅེས་སོགས་ཟུར་ཟའི་ཐོག་ནས་སྐྱོན་བརྗོད་མང་པོ་བྱས་འདུག

འཇར་མན་དུ་སྐྱེས་འཚར་བྱས་པའི་བོད་དོན་རྒྱབ་སྐྱོར་བ་ཌ་ཝི་ཌི་ལགས་ནི་འཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་དང་མགྲིན་ཚབ་པ་ཡིན་ཞིང་། བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་ནི་ཕྱི་ལོ་ ༡༩༨༩ ལོར་ཐོག་མར་གསར་འཛུགས་ཀྱིས་བོད་ནང་གི་བོད་མི་རྣམས་ཀྱི་རང་སྲུང་གི་ཐོབ་ཐང་དང་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐད་ལ་ལས་དོན་གཙོ་བོ་གཉེར་གྱི་འདུག་ལ། ཁོང་གིས་དེ་སྔ་ཧོང་ཀོང་དང་རྒྱ་ནག་ཏུ་སློབ་གཉེར་བྱས་འདུག

རྒྱ་ནག་ནང་ཏོག་དབྱིབས་རིམས་ནད་མཆེད་རྗེས་དང་། ལྷག་པར་རྒྱ་ནག་གཞུང་གིས་ཏོག་དབྱིབས་གཙང་སེལ་གྱི་སྲིད་ཇུས་ཟེར་བ་ཞིག་གི་འོག རྒྱལ་ཁབ་དེའི་ཚོང་གི་ལྟེ་གནས་ཆེ་ཤོས་ཀྱི་གྲོང་ཁྱེར་བཅུ་ཚུད་པའི་ས་གནས་མང་དག་ཅིག་སྒོ་རྒྱ་བསྡམས་ཏེ། རྒྱ་ནག་གི་ཚོང་དོན་དང་དཔལ་འབྱོར་ལ་གྱོང་གུད་ཚབས་ཆེན་ཐེབས་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༥ ཙམ་ནས་རྒྱ་ནག་དང་ཕྱིའི་རྒྱལ་ཁབ་བར་གྱི་འབྲེལ་ལམ་ཡར་སྐྱེད་བརྗེ་ལེན་ཟེར་བའི་སྲིད་ཇུས་འོག རྒྱ་ནག་གིས་སླར་ཡང་ཨེ་ཤ་ཡ་དང་། ཧྥ་རན་སི་དང་། འཇར་མི་ནི། ཨི་ཊི་ལི། ནེ་ཐ་ལེན་ཌི། སི་པེན་སོགས་ཡུ་རོབ་རྒྱལ་ཁབ་བཅུ་གཉིས་ཀྱི་མི་སེར་རྣམས་ཐོངས་མཆན་རིན་མེད་ཐོག་རྒྱ་ནག་ཏུ་ཉིན་གྲངས ༡༥ རིང་བསྐྱོད་ཆོག་ཅིང་། སྲིད་ཇུས་དེ་ཕྱི་ལོ་ ༢༠༢༥ ཕྱི་ཟླ་ ༡༢ ཚེས་ ༣༡ བར་ལག་བསྟར་བྱ་རྒྱུ་ཡིན་ལུགས་བསྒྲགས་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

ཆུ་ཚོད་ ༢ སྔོན་ལ།
Mobile App

ཕུན་ཚོགས་ཕོ་བྲང་ནས་འཕྲོས་པའི་ཉི་འོད།

ཆུ་ཚོད་ ༣ སྔོན་ལ།
ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གསར་པ། ལི་ཤུའོ་ཝུ། པར་དྲ་ལམ་ནས་བླངས།
Mobile App

རྒྱ་གཞུང་གིས་རྒྱ་རིགས་ལི་ཤུའོ་ཝུ་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་ཏུ་བསྐོས་འདུག

ཆུ་ཚོད་ ༣ སྔོན་ལ།
རྒྱལ་མཚན་ནོར་བུས་ལྟ་སྐོར་བྱེད་བཞིན་པ། དྲ་ལམ་གྱི་པར།
Mobile App

རྒྱལ་མཚན་ནོར་བུ་བོད་མངའ་རིས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཟེར་བའི་ལས་དོན་ཚོགས་འདུར་ཞུགས། 

ཆུ་ཚོད་ ༣ སྔོན་ལ།
རྒྱ་གཞུང་གིས་ཉེས་ཆད་བཅད་པའི་དྲ་དམངས། པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
Mobile App

རྒྱ་གཞུང་གིས་དྲ་ལམ་དུ་ས་ཡོམ་དང་འབྲེལ་བའི་གནས་ཚུལ་སྤེལ་མི་ཆོག་ཟེར།

༢༠༢༦/༡༠/༢༦
རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གྲོས་ཆོད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱལ་སྤྱིའི་དགེ་ལྷན་ཁྱབ་ཁོངས་ཀྱི་དགེ་འདུན་པ་རྣམས་སྤྱི་འཐུས་ཀྱི་འོས་མིར་བཞེངས་མི་ཆོག་པའི་ཐག་གཅོད་གནང་། 

༢༠༢༦/༡༠/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese