མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞི་རིམ་མི་མང་གིས་བོད་མིའི་སྒྲིག་འཛུགས་སྲ་བརྟན་དང་འབྲེལ་ནས་གསར་འགོད་གསལ་བསྒྲགས་སྤེལ་སོང་།

བོད་ཀྱི་དུས་བབ།
༢༠༢༤/༠༩/༡༠
Share on FacebookShare on TwitterShare on EmailShare on Whatsapp

གཞི་རིམ་མི་མང་གིས་གྲོས་ཚོགས་ཚོགས་དུས་བརྒྱད་པའི་སྟེང་ཁྲིམས་ཞིབ་པ་ཆེ་བ་དང་གཞན་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་གནང་དགོས་པའི་རེ་སྐུལ་ཞུས་སོང་།

དེ་རིང་བཞུགས་སྒར་དྷ་སར་གཞི་རིམ་མི་མང་གིས། བོད་མིའི་སྒྲིག་འཛུགས་སྲ་བརྟན་དང་འབྲེལ་ནས་གསར་འགོད་གསལ་བསྒྲགས་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༡༠།༠༩།༢༠༢༤

དེ་རིང་བཞུགས་སྒར་དྷ་སའི་ཞང་ཡ་རེ་ལོ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་གཞི་རིམ་མི་མང་རེ་འབོད་ལས་འགུལ་ཁང་གིས་བོད་མིའི་སྒྲིག་འཛུགས་སྲ་བརྟན་ཆེད་མི་མང་གི་ལས་འགུལ་ཞེས་པའི་བརྗོད་གཞིའི་ཐོག་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ནས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་དང་བསྟུན། ཁྲིམས་ཞིབ་པ་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཡོང་ཐུབ་པའི་རེ་སྐུལ་ཞུས་སོང་ལ། ད་ལན་གྱི་ལས་འགུལ་ཆེད་འཛམ་གླིང་ས་ཕྱོགས་ཁག་མི་འདྲ་བ་ ༢༨ ཙམ་ནས་ཉུང་མཐར་བོད་མི་གྲངས་གཅིག་སྟོང་ཙམ་གྱིས་མཉམ་ཞུགས་བྱ་རྒྱུ་ཡིན་འདུག

གཞི་རིམ་མི་མང་རེ་འབོད་ལས་འགུལ་ཚོགས་པས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་།  གཞི་རིམ་མི་མང་རེ་འབོད་ཚོགས་པས་ཕྱི་ལོ་ ༢༠༢༡ ཕྱི་ཟླ་ ༡༠ ཚེས་ ༨ ནས་བཟུང་བཙན་བྱོལ་བོད་མིའི་མང་གཙོའི་སྒྲིག་འཛུགས་སྲུང་སྐྱོབ་དང་འབྲེལ་མང་གཙོ་ཚད་ལྡན་ཡོང་ཆེད་མི་ངོ་ཆེད་བཅར་གྱིས་སྙན་ཞུ་སྔ་རྗེས་ཕུལ་བར་རྩིས་མེད་རྡོག་རོལ་བཏང་རྐྱང་གནང་བར་སོང་། སྔ་ལོ་ཕྱི་ཟླ་ ༩ ནང་གྲོས་ཚོགས་ཚོགས་དུས་དྲུག་པའི་སྐབས་རྒྱ་བལ་གཉིས་ཀྱི་ས་གནས་འདྲ་མིན་དང་ཕྱི་རྒྱལ་ཡུལ་གྲུ་ཁག་བཅས་ནས་མི་གྲངས་སྟོང་ཕྲག་མ་ཟིན་ཙམ་དྷ་ས་བཞུགས་སྒར་དུ་འཛོམས་ནས་ཞུ་འབོད་ལས་འགུལ་སྤེལ་བ་ཡང་རང་བཞིན་མཚམས་འཇོག་བྱེད་དགོས་བྱུང་ཡོད། དེའི་རྗེས་ ༢༠༢༤ ཟླ་ ༣ གྲོས་ཚོགས་སྐབས་ཁྲིམས་སྒྲིག་བསྐྱར་ཞིབ་ཚོགས་ཆུང་གི་སྙན་ཐོ་དང་ཁྲིམས་སྒྲིག་བསྐྱར་བཅོས་རགས་ཟིན་བཅས་ཀྱི་ཐོག་བགྲོ་གླེང་གནང་གསལ་ལྟར་དེའི་ཐོག་ནས་ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས་བསྐོ་གཞག་ཐུབ་པའི་བསྐྱར་བཅོས་གནང་རྒྱུར་རེ་བ་ཆེན་པོ་བྱས་ནས་མང་ཚོགས་འདུ་འཛོམས་ཀྱི་ལས་འགུལ་སྤེལ་མེད། ཅེས་གསལ་འདུག

ཡང་བསྒྲགས་གཏམ་ནང་། ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས་བསྐོ་གཞག་བྱེད་རྒྱུའི་བཅའ་ཁྲིམས་བསྐྱར་བཅོས་མ་གནང་བར་དེ་ལས་ལྡོག་སྟེ་རང་དབང་ཅན་གྱི་སྡེ་ཚན་གྱི་འགན་འཛིན་སོགས་དམ་བཅའ་འབུལ་ཡུལ་ཆ་བགོས་བྱས་ཏེ་ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས་བཅས་མེད་ཀྱང་ཁྱད་པར་མེད་པའི་བསྐྱར་བཅོས་བྱས་འདུག་པ་འདི་ནི་ཁས་ལེན་ཐུབ་ཐབས་རྩ་བ་ནས་མེད་པར་བརྟེན། གུས་ཚོ་གཞི་རིམ་མི་མང་རྣམས་ནས་རྩ་བའི་དེ་སྔོན་རེ་སྐུལ་དོན་ཚན་ཁག་རང་འཇགས་ཐོག་ད་ལྟའི་ཆར་གལ་ཆེན་ནང་གི་དོན་ཆེན་ནི་ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས་བསྐོ་གཞག་ཐུབ་པའི་བཅའ་ཁྲིམས་བསྐྱར་བཅོས་ད་ལན་ཚོགས་དུས་འདིའི་ཐོག་ནས་གནང་རོགས་ཞུ་རྒྱུ་མ་ཟད། ཁྲིམས་ཞིབ་ཁང་གི་སྐུ་དབང་སྔར་ཡོད་སླར་གསོ་ངེས་པར་དུ་གནང་བའི་ཞུ་སྐུལ་སླད་མི་མང་རྣམས་ངལ་གྲོན་ལ་མ་འཛེམས་པར་སྤྱི་འཐུས་ལྷན་ཁང་གི་སྒོ་འགྲམ་དུ་བཅར་དགོས་བྱུང་བ་ལྟར་སང་ཉིན་ནས་མགོ་འཛུགས་བྱེད་རྒྱུ་ཡིན། ཞེས་གསལ་འདུག

གསར་འགོད་གསལ་བསྒྲགས་སྐབས་གཞི་རིམ་མི་མང་རེ་འབོད་ཚོགས་པའི་ཚོགས་གཙོ་བསྟན་འཛིན་གཡང་དཀར་ལགས་ཀྱིས། སྤྱིར་འདས་པའི་ལོ་ཤས་གོང་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་དང་ལས་ཚབ་སོགས་མེད་པའི་གནས་སྟངས་ཆགས་ཏེ། མང་གཙོའི་ཀ་བ་གསུམ་གྱི་ཀ་བ་གཅིག་ནུས་མེད་དུ་གྱུར་བའི་སྐབས་འདིར། བཙན་བྱོལ་བོད་མི་རྒན་གཞོན་བར་གསུམ་མང་པོ་ཞིག་གིས་རྒྱབ་སྐྱོར་ཡོད་པའི་ཐོག སྤྱི་འཐུས་ལྷན་ཚོགས་སུ་བོད་མིའི་སྒྲིག་འཛུགས་སྲ་བརྟན་དང་དམངས་གཙོའི་ཀ་བ་གཅིག་དེ་སླར་གསོ་གནང་རོགས་ཞེས་འབོད་སྐུལ་ཞུ་ཡི་ཡོད། ད་ལན་གྱི་ལས་འགུལ་ཆེད་རྒས་འཁོགས་མང་དག་ཅིག་ས་ཐག་རིང་ནས་ཕེབས་ཡོད་པས་ཁོང་ཅག་གི་གནས་བབ་སོགས་མཐོང་ཚེ། མཚན་ལ་གཉིད་དང་ཟས་ལ་བཅུད་མེད་པའི་གནས་སྟངས་སུ་འགྱུར་གྱི་འདུག་པས། ད་ལན་སྤྱི་འཐུས་རྣམས་ཀྱིས་བཅའ་ཁྲིམས་བསྐྱར་བཅོས་མ་བྱས་པ་ཡིན་ན། ཁོང་ཅག་ལ་སྤྱི་འཐུས་ཀྱི་འོས་ཆོས་དང་བོད་མི་ཚད་ལྡན་ཞིག་མིན་པ་བརྒྱ་ཆ་བརྒྱ་མཚོན་ཐུབ་ཀྱི་འདུག་པས། ད་ལན་བཅའ་ཁྲིམས་བསྐྱར་བཅོས་གནང་མི་ཐུབ་པའི་གནས་བབ་ཅིག་གཏན་ནས་མེད་པས། ངེས་པར་དུ་ཁྲིམས་ཞིབ་པ་ཆེ་བ་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་གནང་རོགས་གནང་། ཞེས་རེ་སྐུལ་ཞུས་སོང་།

གཞི་རིམ་མི་མང་རེ་འབོད་ཚོགས་པའི་རྒྱུན་ལས་ཚེ་རིང་སྲི་བརྟན་ལགས་ཀྱིས། གཞི་རིམ་མི་མང་རེ་འབོད་ཚོགས་པས་བོད་མིའི་སྒྲིག་འཛུགས་སྲ་བརྟན་ཆེད་མི་མང་གི་ལས་འགུལ་གྱི་གསར་འགོད་གསལ་བསྒྲགས་སྤེལ་ཚར་རྗེས། བོད་མི་མང་སྤྱི་ཚོགས་གཙོ་སྦྲེལ་པོའི་དྲུང་དུ་བཅར་ནས་རེ་འབོད་སྙན་ཞུ་ཞིག་འབུལ་རྒྱུ་ཡིན་ཞིང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་སྟེང་ཁྲིམས་ཞིབ་པ་ཆེ་བ་དང་གཞན་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་གནང་མ་ཐུབ་ཚེ། དུས་ཡུན་གང་ཙམ་རིང་ཟས་བཅད་ངོ་རྒོལ་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བཅའ་ཁྲིམས་དོན་ཚན་དང་པོའི་དགོངས་དོན་བཞིན་ཆ་ཤས་བླང་རྒྱུའི་སྐྱབས་འཇུག་ཞུ་རྒྱུ་ཡིན་སྐོར་སོགས་བརྗོད་སོང་ལ།  གཞི་རིམ་མི་མང་རེ་འབོད་ཚོགས་པའི་གོ་སྒྲིག་འོག་སང་ཉིན་ཕྱི་ཚེས་ ༡༡ ཉིན་དྷ་ས་ལག་རྩེད་སྤོ་ལོ་རྩེད་ཐང་དུ་དངོས་སུ་ལས་འགུལ་བརྩམ་རྒྱུ་ཡིན་ཞིང་། གཞི་རིམ་མི་མང་རེ་འབོད་ཚོགས་པའི་གྲོས་གཞི་གྲོས་ཆོད་ཁྲོད། གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཐོག་ཁྲིམས་ཞིབ་པ་བསྐོ་གཞག་ཐུབ་པའི་བཅའ་ཁྲིམས་བསྐྱར་བཅོས་མ་གནང་ཚེ། ཀ༽ སྤྱི་འཐུས་ཚང་མ་དགོངས་པ་ཞུ་དགོས། ཁ༽ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ། ག༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཅའ་ཁྲིམས་དོན་ཚན་དང་པོའི་ནང་དོན་གྱི་སྐུ་དབང་དགོངས་དོན་མཚན་འཁོད་སྙན་ཞུ་འབུལ་རྒྱུ། ཡིན་ཞེས་གསལ་འདུག

གསར་འགོད་པ། དཔལ་ལྡན། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་འདུག

ཆུ་ཚོད་ ༧ སྔོན་ལ།
ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese