མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སང་ཉིན་ནས་གྲོས་ཚོགས་འཚོག་རྒྱུ་རེད་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༩/༡༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་དང་བཀའ་ཤག དེ་བཞིན། སྤྱི་འཐུས་རྣམ་པའི་བར་གྲོས་བསྡུར་གནང་བ་བརྒྱུད་སང་ཉིན་ནས་གྲོས་ཚོགས་ཀྱི་ལས་རིམ་མུ་མཐུད་འཕྲོ་སྐྱོང་གནང་རྒྱུ་རེད་འདུག

སང་ཉིན་ནས་གྲོས་ཚོགས་འཚོག་རྒྱུ་རེད་འདུག ༢༠༢༤།༩།༡༦

དེ་རིང་ཞོགས་པར་ཉི་མ་དྲོ་ཞིང་འཇམ་ལ། གསར་འགོད་པ་གྲོས་ཚོགས་ཀྱི་མདུན་དུ་སོང་ནས་ཉིན་གང་གྲོས་ཚོགས་འཚོགས་པར་ངང་སྒུག་བྱས་ཀྱང་། དེ་རིང་གི་གྲོས་ཚོགས་འཚོགས་ཐུབ་མ་སོང་ལ། གསར་འགོད་པ་མང་པོ་ཞིག་ཡར་རྒྱུག་མར་རྒྱུག་གིས་གྲོས་ཚོགས་འཚོག་ཐུབ་མིན་སྐོར་ལ་ཚོགས་གཙོ་སྦྲེལ་པོ་གཉིས་ཀྱི་དབུས་པའི་འཛིན་སྐྱོང་བཀའ་ཤག་དང་སྤྱི་འཐུས་རེ་རེ་བཞིན་བཀའ་འདྲི་ཞུ་ཐབས་གནང་སོང་། དེ་རིང་གྲོས་ཚོགས་འཚོགས་མ་ཐུབ་པའི་གནས་བབ་དང་འབྲེལ་ནས་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་འདི་གའི་གསར་འགོད་པར། ཁ་ཉིན་ཆུ་ཚོད་ལྔ་བ་ཙམ་ལ་ཚོགས་དྲུང་ལས་ཁུངས་ཀྱིས་མེག་ལོར་གྱི་གཡས་གཡོན་དུ་སྡོད་མཁན་སྤྱི་འཐུས་རྣམ་པར་གཞུང་གི་རླངས་འཁོར་མེད། དེ་རིང་སོ་སོས་གླ་གཏོང་རླངས་འཁོར་ལ་བསྡད་དེ་ཤོག་ཞེས་ལབ་སོང་པས། ང་ཚོས་དེ་རིང་གྲོས་ཚོགས་འཚོགས་ཡོད་ཤག་བྱས་ཏེ་བཅར་བ་ཡིན། འདིར་བསླེབས་དུས་གྲོས་ཚོགས་འཚོགས་ཐུབ་མི་འདུག ཚོགས་གཙོ་སྦྲེལ་བོ་རྣམ་གཉིས་ཀྱིས་བདེ་འཇགས་ཐོག་འགན་ལེན་བྱེད་ཐུབ་ཀྱི་མི་འདུག་ཟེར་གྱི་ཡོད་པར། བདེ་སྲུང་ལས་ཁུངས་ཀྱི་ལན་གསལ་བོ་ཞིག་རག་མེད་པས། གྲོས་ཚོགས་འཚོགས་པར་གྲུབ་ཆ་ཚང་གི་མི་འདུག་གསུངས་སོང་། དེ་རིང་འདིར་མདོ་སྨད་ཀྱི་སྤྱི་འཐུས་གྲངས་བརྒྱད་དང་དབུས་གཙང་གི་སྤྱི་འཐུས་གྲངས་བརྒྱད་ཁྱོན་སྤྱི་འཐུས་གྲངས་ ༡༦ འཛོམས་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

ཡང་དེ་རིང་ཉིན་རྒྱབ་ཕྱི་དྲོ་ཆུ་ཚོད་ ༣།༢༤ སྟེང་ཕྱོགས་བཞུགས་ཕྱི་རྒྱལ་སྤྱི་འཐུས་ལྔས་སྤྱི་འཐུས་ཚོགས་གཙོ་སྤྲེལ་པོ་གཉིས་ཀྱི་སར་བཅར་ཏེ་གྲོས་ཚོགས་འཚོགས་ཐུབ་ཐབས་ཡོང་བའི་ཞུ་སྐུལ་ཞུས་སོང་ལ། སྐབས་དེར་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས། ད་ལྟ་གྲོས་ཚོགས་ཀྱི་གནས་སྟངས་ག་འདྲ་ཆགས་ཡོད་མེད་ཚང་མས་མཁྱེན་གསལ་རེད། གྲོས་ཚོགས་འཚོགས་ཐུབ་ཀྱི་མེད་པ་འདི་ལྟར་བཞག་ན་འགྲིག་གི་མེད་པས། ཕྱི་རྒྱལ་གྱི་སྤྱི་འཐུས་ལྔས་འགན་འཁུར་ནས་ཚོགས་གཙོ་སྦྲེལ་བོ་རྣམ་གཉིས་ཀྱི་མདུན་དུ་བཅར་ཏེ། གྲོས་ཚོགས་འཚོགས་ཐུབ་ཀྱི་མེད་པའི་གནས་སྟངས་ཐད་ཐབས་ལམ་ཡོད་མེད་དང་། གྲོས་ཚོགས་མུ་མཐུད་འཚོགས་ཐུབ་ཐབས་སུ་ལམ་སྟོན་ཞུས་པ་ཡིན། ཚོགས་གཙོ་སྦྲེལ་པོ་ནས་སྤྱི་འཐུས་ཚང་མའི་བསམ་ཚུལ་གང་ཡོད་པར་གཟིགས་ཏེ་ཐག་གཅོད་བྱ་རྒྱུ་ཡིན་འདུག ང་ཚོའི་ངོས་ནས་གྲོས་ཚོགས་མུ་མཐུད་དུ་འཚོགས་ཐུབ་པའི་རེ་བ་ཆེན་པོ་བྱེད་བཞིན་ཡོད། ཅེས་འགྲེལ་བརྗོད་གནང་སོང་།

དེ་བཞིན། དེ་རིང་ཉིན་རྒྱབ་ཏུ་གཞི་རིམ་མི་མང་རེ་འབོད་ཚོགས་པས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། བདུན་སྔོན་མའི་རེས་གཟའ་སྤེན་པའི་ཉིན་གུང་འདི་གའི་ལས་འགུལ་དུ་བཅར་བའི་མི་མང་ཚོས་གངས་སྐྱིད་མདུན་ཐང་གི་ལམ་ཟུར་དུ་སྐད་འབོད་བརྒྱབ་པར་བརྟེན་བོད་མི་མང་སྤྱི་འཐུས་ཁག་ཅིག་གིས་ཁོང་རྣམ་པའི་བདེ་འཇགས་ལ་ཉེན་ཁ་ཆེ་ཚུལ་བཤད་དེ་ཉིན་རྒྱབ་གྲོས་ཚོགས་ལ་མ་བཅར་བ་དང་། དེ་རིང་རེས་གཟའ་ཟླ་བའི་ཉིན་ལའང་ཚོགས་བཅར་གནང་མི་འདུག གཞི་རིམ་མི་མང་ལས་འགུལ་འདིའི་མགོ་ཁྲིད་ཚོས་ཚིག་ཐག་ཆོད་པོས་ཤོད་རྒྱུར། སྤྱི་འཐུས་རྣམ་པ་སུ་ལ་ཡང་བདེ་འཇགས་ལ་གནོད་སྐྱོན་ཡོང་གཞི་ལས་གཞི་སྣེ་གཅིག་སྤེལ་མེད་ལ་སྤེལ་རྩིས་ཀྱང་མེད། ཁ་སང་ཕྱི་ཚེས་ ༡༥ ཉིན་བདེ་སྲུང་ལས་ཁུངས་སུའང་ཡིག་ཐོག་ཕུལ་ཟིན་ཡོད་པ་མ་ཟད། དེ་རིང་ཡང་ནན་པོ་བྱས་ནས་ཞུ་བཞིན་ཡོད། ཅེས་དང་། སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ནས་གྲོས་ཚོགས་སུ་མ་བཅར་བའི་སྤྱི་འཐུས་ཚོའི་སྐུ་ཚབ་བྱས་ཏེ་ (བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་གནད་དོན་ལ་འགྱུར་བ་བཏང་དགོས་ཀྱི་ཡོད་པ་དང་། ཁྲིམས་ཞིབ་པ་བསྐོ་དགོས་ཀྱི་ཡོད་པ་དེ་ང་ཚོའི་ལས་འགན་རེད་ལ་ཧ་གོ་ཡི་ཡོད།) ཅེས་གསུངས་པ་ཁ་ཞེ་གཉིས་མེད་ཡིན་ན་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ལས་རིམ་དེ་འཕྲལ་དུ་གྲོས་ཚོགས་ནང་གཏན་འབེབས་གནང་རོགས་ཞེས་ནན་པོ་ཞུ་བཞིན་ཡོད། སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་རྣམ་གཉིས་ཀྱིས་ཀྱང་བསམ་བཞིན་ལས་རིམ་ཕྱིར་བསྣར་གྱིས་གྲོས་ཚོགས་ཉིན་མཐའ་མ་བར་མི་འཇོག་རོགས། ཞེས་སོགས་འཁོད་འདུག

དེ་ནས་ཉིན་རྒྱབ་ཆུ་ཚོད་ ༤ དང་ཕྱེད་ཀ་ཡོལ་ཙམ་ལ་མདོ་སྟོད་དང་ཆོས་བརྒྱུད་སྤྱི་འཐུས་ཀྱི་སྐུ་ཚབ་བཞིའི་ཁྲོད་ནས་ཆོས་བརྒྱུད་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས། ཁ་སང་ཆོས་བརྒྱུད་སྤྱི་འཐུས་དང་མདོ་སྟོད་སྤྱི་འཐུས་ཚོས་ཚོགས་གཙོ་སྦྲེལ་པོ་གཉིས་ལ་བཅར་ནས་བཀའ་ཤག་དང་བདེ་སྲུང་གིས་འགན་ལེན་ཐུབ་ཟེར་ནས་ཞལ་བཞེས་གནང་མ་ཐུབ་ན་ང་ཚོ་བཅར་གྱི་མེད་ཟེར་ནས་ཞུས་པ་རེད། ད་ལྟ་ཚོགས་གཙོ་སྦྲེལ་པོ་གཉིས་ཀྱིས་ང་ཚོ་སྐད་བཏང་ནས། བདེ་སྲུང་གིས་བཀའ་ཤག་ལ་སྙན་གསེང་ཞུས་རྗེས། བཀའ་ཤག་གིས་བདེ་སྲུང་ནས་སང་ཉིན་འགན་འཁྱེར་ཐུབ་ཀྱི་ཡོད་ཅེས་ཡིག་ཐོག་ནས་ལན་གནང་འདུག དེར་བརྟེན་སང་ཉིན་ང་ཚོ་མུ་མཐུད་ནས་ཚོགས་འདུ་འཚོག་རྒྱུ་ཆགས་ཡོད། ཅེས་བརྗོད་བྱུང་།

གསར་འགོད་པ། བྱམས་པ་ཚེ་རིང་། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

ཆུ་ཚོད་ ༣ སྔོན་ལ།
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༤ སྔོན་ལ།
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༨ སྔོན་ལ།
སྐུ་སྒེར་དྲ་བའི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

༢༠༢༦/༠༨/༢༤
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག  པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

༢༠༢༦/༠༨/༢༤
བོད་ཀྱི་རྒྱལ་ས་ལྷ་སར་སློབ་གསོའི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཟེར་བ་ཞིག་འཚོག་སྐབས། དྲ་ལམ་གྱི་པར།
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་ཟེར་བ་ལག་བསྟར་དང་དྲིལ་བསྒྲགས་ཀྱི་ཚ་རླབས།

༢༠༢༦/༠༨/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese