མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧སྐུའི་ཡང་སྲིད་དང་འབྲེལ་བའི་སྤྱི་མོས་གྲོས་ཆོད་གཏན་འབེབས་གནང་།

བོད་ཀྱི་དུས་བབ།
༢༠༢༤/༠༩/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཡུ་རོབ་བོད་བརྒྱུད་ནང་བསྟན་ཚོགས་ཆེན་ཐོག་༸གོང་ས་མཆོག་གི་སྐུའི་ཡང་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མགོན་པོ་མཆོག་ཁོ་ནར་ཡོད་པའི་སྤྱི་མོས་གྲོས་ཆོད་གཏན་འབེབས་གནང་འདུག

ཡུ་རོབ་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༤ འཚོགས། བོད་མིའི་སྒྲིག་འཛུགས་ཀྱི་པར།

ཟླ་འདིའི་ཕྱི་ཚེས་ ༡༣ ནས་ཉིན་གྲངས་གཉིས་རིང་ཡུ་རོབ་སྦེལ་ཇམ་གྲོང་ཁྱེར་ཧུ་ཡེ་རྟེན་གཞི་བྱས་པའི་ཡོན་ཏན་གླིང་ཆོས་ཚོགས་སུ། ཡུ་རོབ་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཀྱི་ཚོགས་ཆེན་ཐེངས་བཞི་པ་འཚོགས་ཡོད་ཅིང་། ཚོགས་ཆེན་ཐོག་དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་དང་།སྦེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས།  ཧྥ་རན་སི་འབྲེལ་མཐུད་པ་ཐུབ་བསྟན་ཚེ་རིང་ལགས། སུད་སི་སྐུ་ཚབ་དོན་ཁང་གི་རྒྱལ་ཚོགས་འབྲེལ་མཐུད་པ་ཕུན་ཚོགས་སྟོབས་རྒྱལ་ལགས། དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། ཡུ་རོབ་རྒྱལ་ཁབ་ཁག་དགུ་ནས་བོད་བརྒྱུད་ནང་བསྟན་ཆོས་ཚོགས་༢༨ ཀྱི་སྐུ་ཚབ་མི་སྣ་ ༤༤ མཉམ་ཞུགས་གནང་ཡོད་འདུག

ཚོགས་ཆེན་ཐོག་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་གཙོ་བོར་གྱུར་བའི་བོད་བརྒྱུད་ནང་བསྟན་དར་འཕེལ་གཏོང་ཕྱོགས་དང་འབྲེལ་བའི་གནད་དོན་ཁག་ཅིག་གི་ཐོག་བགྲོ་གྲེང་གནང་སྟེ། གྲོས་ཆོད་དོན་ཚན་དྲུག་ཅན་ཞིག་སྤྱི་མོས་ཐོག་གཏན་འབེབས་གནང་ཡོད་པའི་ནང་། གཅིག་ ༧གོང་ས་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་འཛམ་གླིང་ཞི་བདེ་དང་། ཆོས་ལུགས་མཐུན་སྒྲིལ་གྱི་མཛད་རྗེས་ལ་ངོས་འཛིན་ཞུ་རྒྱུ་དང་། གཉིས། འགྲོ་བའི་ཕན་བདེར་དམིགས་ཏེ་དགའ་ལྡན་ཕོ་བྲང་གི་སྒྲིག་འཛུགས་མུ་མཐུད་གནས་དགོས་རྒྱུ། གསུམ། ཕྱི་ལོ་ ༢༠༡༡ ཟླ་བ་ ༠༩ ཚེས་ ༢༤ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཡང་སྲིད་སྐོར་ཡོངས་ཁྱབ་གསལ་བསྒྲགས་ཇི་བསྐྱངས་ལ་ངོས་འཛིན་རྒྱབ་སྐྱོར་དང་། མགོན་པོ་མཆོག་གི་ཡང་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མགོན་པོ་གང་ཉིད་མཆོག་དང་དགའ་ལྡན་ཕོ་བྲང་ཁོ་ནར་ཡོད་པར་ངོས་འཛིན་ཞུ་རྒྱུ། བཞི། རྒྱ་ནག་གཞུང་གིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་པའི་བླ་སྤྲུལ་རྣམ་པའི་ཡང་སྲིད་ངོས་འཛིན་གནང་སྒོར་ཞི་དྲག་ཐེ་བྱུས་སྣ་ཚོགས་བྱེད་བཞིན་པར་སྐྱོན་བརྗོད་དང་། ཆོས་ལ་དད་པ་མེད་པའི་རྒྱ་ནག་གཞུང་ལ་བོད་ཀྱི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ཐོབ་ཐང་དབང་ཚད་མེད་པ་གསལ་སྟོན་བྱ་རྒྱུ། ལྔ། རྒྱལ་སྤྱིའི་སྤྱི་ཚོགས་ནས་འབྱུང་འགྱུར་རྒྱ་ནག་གཞུང་གིས་བསྐོ་འཛུགས་བྱས་པའི་༸གོང་ས་མཆོག་གི་ཡང་སྲིད་ཡིན་ཟེར་བར་ངོས་འཛིན་གནང་སྐྱོང་མི་ཡོང་བའི་འབོད་སྐུལ་ཞུ་རྒྱུ། དྲུག  རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་གཏོང་བཞིན་པར་སྐྱོན་བརྗོད་དང་། དེ་ལྟ་བུའི་བྱ་སྤྱོད་རྣམས་འཕྲལ་དུ་མཚམས་འཇོག་དགོས་པའི་རེ་སྐུལ་བྱ་རྒྱུ་བཅས་གསལ་འདུག

ཉེ་ལམ་ས་གནས་མགོ་འཛིན་གྱི་ནུས་པ་གོང་སྤེལ་གཏོང་ཐབས་ཀྱི་ཟབ་སྦྱོང་སྐབས་སུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས། སྤྱིར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དགུང་ལོ་ ༡༡༣ བཞུགས་པའི་བཀའ་གནང་ཡོད་ཅིང་། ང་ཚོས་ཀྱང་བཀའ་ལུང་བཞིན་སྐུ་ཚེ་རིང་པོ་བཞུགས་པའི་སྨོན་ལམ་རྒྱག་དགོས། བླ་མ་སྐུ་ཚེ་རིང་པོ་བརྟན་མིན་བླ་སློབ་ཀྱི་དམ་ཚིག་འབྲེལ་བ་དམ་ཟབ་ཡོད་དགོས། བོད་མིའི་སྒྲིག་འཛུགས་ནས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་ཏེ་དོན་ཚན་དྲུག་ཅན་གྱི་ཡིག་ཆ་ཞིག་འགྲེམས་སྤེལ་ཞུས་ཡོད། དོན་ཚན་དྲུག་པ་དེ་ཡང་སྲིད་རྩད་གཅོད་དང་འབྲེལ་བ་རེད། ཡང་སྲིད་རྩད་གཅོད་དང་འབྲེལ་བ་དེ་དགའ་ལྡན་ཕོ་བྲང་ནས་ཐུགས་ཐག་གཅོད་རྒྱུ་མ་གཏོགས། རྒྱ་ནག་གཞུང་དང་ཕྱིའི་རྒྱལ་ཁབ་ཀྱི་ཐེ་ཇུས་བྱེད་མི་ཆོག་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱིས་ཀྱང་ཐེ་ཇུས་བྱེད་མི་ཆོག་ཅེས་གསལ་ཡོད། དེ་དག་དཔོན་རིགས་དང་མི་རིགས་གཞན་པ་ཚོར་མཇལ་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དོན་ཚན་དྲུག་ལས་གཞན་གང་ཡང་འགྲེལ་བརྗོད་ཞུ་དགོས་པའི་རྒྱུ་མཚན་མེད།  ད་ལྟའི་དུས་སུ་ཆབ་སྲིད་ཀྱི་གནད་འགག་ཐོག་ནས་བལྟས་པ་ཡིན་ན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་འཚོ་བཞུགས་སྐབས་སུ་རྒྱ་ནག་གཞུང་གིས་༧སྐུའི་ཡང་སྲིད་དང་འབྲེལ་བའི་ཐོག་གང་ཡང་བྱེད་མི་ཐུབ། ཁོ་ཚོས་ལོ་ཉི་ཤུ་ཙམ་གྱི་སྔོན་ནས་གྲ་སྒྲིག་བྱས་བསྡད་ཡོད་ཀྱང་། ད་ལྟའང་ལག་པ་འཆང་ས་གང་ཡང་རག་མེད། ཁོང་ཚོས་གྲ་སྒྲིག་ཨང་གསར་བྱས་བསྡད་པ་དེ་གཞུང་གཞན་པས་ང་ཚོར་ལབ་ཡོང་གི་ཡོད། ཅེས་གསུངས་སོང་།

ཡང་སྲིད་སྐྱོང་མཆོག་ནས། དེ་བཞིན་བོད་མིའི་སྤྱི་ཚོགས་ནང་ནས་ཀྱང་ད་ལྟའི་ཆར་སྐུའི་ཡང་སྲིད་དང་འབྲེལ་བའི་ཡིག་ཆ་གཅིག་ཡོད་པ་དེ་ཕྱི་ལོ་ ༢༠༡༡ ཟླ་བ་ ༠༩ ནང་གི་ཡིག་ཆ་དེ་རེད། དེ་ཚོར་ཆ་ཚང་གཟིགས་དགོས།  ༧སྐུའི་ཡང་སྲིད་དང་འབྲེལ་བའི་ཡིག་ཆ་དེ་མ་གཏོགས་མེད། གཞན་པ་ཚོས་ག་རེ་བྱེད་ཀྱི་ཡོད་ཀྱང་ང་ཚོར་འབྲེལ་བ་མེད་པ་རེད། ཕྱི་ལོ་ ༢༠༡༡ གི་ཡིག་ཆ་དེའི་ནང་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་ལོ་ ༩༠ ཕེབས་པའི་སྐབས་སུ་ཡང་སྲིད་དང་འབྲེལ་བའི་བཀའ་མོལ་གནང་གི་རེད་ཅེས་གསལ་ཡོད། དེ་ཡིན་དུས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་ལོ་ ༩༠ མ་ཕེབས་པའི་སྔོན་ལ་ས་གནས་མགོ་འཛིན་སོ་སོའི་ཁྱབ་ཁོངས་དགོན་པ་དང་། སྒྲིག་འཛུགས་ཁག་ནས་མགོན་པོ་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་གཏན་འབེབས་གནང་ན། བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་ཐུན་མོང་གི་ལངས་ཕྱོགས་གཅིག་གྱུར་ཡོང་ཐུབ་ལ། གྲོས་ཆོད་ཡིག་ཆ་དེ་དག་ཆོས་རིག་ལས་ཁུངས་ནས་ཕྱོགས་བསྒྲིགས་ཞུ་གི་རེད། ཅེས་གསལ་བཤད་དང་། དེ་ལྟར་རྒྱལ་སྤྱིའི་ནང་པའི་སྤྱི་ཚོགས་དང་། རྒྱལ་སྤྱིའི་སྲིད་གཞུང་ཁག་ནས་གྲོས་ཆོད་གཏན་འབེབས་གནང་ཐུབ་ན། ༸རྒྱལ་བའི་ཡང་སྲིད་ཐོག་བོད་མིའི་ཕྱོགས་ནས་ཐབས་ཇུས་ལྡན་པའི་ཐོག་ནས་གྲ་སྒྲིག་ཞུ་ཐུབ་རྒྱུ་རེད་ཅེས་ནན་བརྗོད་གནང་འདུག

ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས་ནང་། དེང་སྐབས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཅིག་སྡུད་དབང་འཛིན་པ་རྣམས་ཀྱང་རང་ཉིད་ཆོས་མེད་དམར་པོའི་ལྟ་གྲུབ་འཛིན་མཁན་ཡིན་པར་ཁས་འཆེ་བཞིན་དུ་ཆོས་ལུགས་ལ་ཐེ་བྱུས་ཀྱིས་རྒྱལ་གཅེས་ཆོས་གཅེས་ཟེར་བའི་བཙན་བཀའ་དང༌། ཕྱི་ལོ་ ༢༠༠༧ ཟླ་ ༩ ཚེས་ ༡ ནས་ལག་བསྟར་བྱས་པའི་བོད་བརྒྱུད་ནང་བསྟན་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་དོ་དམ་བྱེད་ཐབས་ཀྱི་བཀའ་རྩ་ཨང་ལྔ་པ་ཟེར་བ་སོགས་སྤེལ་བ་ནི་ངོ་ཚ་བྲལ་བའི་མ་རབས་ཀྱི་སྤྱོད་ཚུལ་བཞད་གད་ཀྱི་གནས་སུ་གྱུར་པ་ཞིག་ཡིན་ནའང༌། བོད་མིའི་ཐུན་མིན་ལེགས་བྱང་གི་ལམ་སྲོལ་འདི་དག་རྩ་མེད་གཏོང་ཐབས་ཀྱི་ངན་བྱུས་འོག་བླ་སྤྲུལ་ཡང་སྲིད་ངོས་འཛིན་ལ་མི་འོས་པའི་བྱེད་ཐབས་སྣ་ཚོགས་སྤེལ་ཏེ་བོད་རིགས་ཡོངས་ཀྱི་སྙིང་ལ་གསོས་དཀའི་རྨ་ཁ་ཞིག་བཟོས་དང་བཟོ་བཞིན་པ་མ་ཟད། ངོས་ནམ་ཤི་ལ་བསྒུགས་ཏེ་ྋརྒྱལ་དབང་སྐུ་ཕྲེང་བཅོ་ལྔ་པ་ཞིག་ཁོང་ཚོས་རང་འདོད་ལྟར་ངོས་འཛིན་གྱིས་བོད་དང་བོད་བརྒྱུད་ནང་བསྟན་རྗེས་འཇུག་པ་རྣམས་ཀྱིས་མཚོན་རྒྱལ་སྤྱིའི་མང་ཚོགས་མགོ་སྐོར་སླུ་བྲིད་བྱ་རྒྱུའི་བྱུས་ངན་གཏིང་ཟབ་ཅིག་ཡོད་པ་བར་སྐབས་ཀྱི་ཁྲིམས་སྒྲིག་ཁག་དང༌། བསྒྲགས་གཏམ་རིམ་པ་ནས་ཧ་ཅང་གསལ་པོར་གྱུར་ཟིན་པར་བརྟེན། བསྟན་འགྲོ་སྤྱིའི་འཕྲལ་ཡུན་གྱི་ལེགས་ཚོགས་ལ་དམིགས་ཏེ་དེ་འདྲའི་བྱུས་ངན་ལམ་ལྷོང་མི་ཡོང་བའི་སྔོན་འགོག་བྱ་རྒྱུ་ངོས་ཀྱི་གཡོལ་དུ་མེད་པའི་ཁུར་འགན་ཞིག་ཡིན་པར་ངོས་འཛིན་གྱིས་བསྒྲགས་གཏམ་འདི་སྤེལ་རྒྱུ་ཡིན།

རྒྱལ་དབང་སྐུ་ཕྲེང་རྗེས་མ། ཇི་ལྟར་གོང་དུ་བརྗོད་ཟིན་པ་བཞིན་སླར་ཡང་ཡང་སྤྲུལ་སྲིད་པ་གཟུང་རྒྱུ་ནི་གོང་མ་རང་ཉིད་ཀྱིས་རང་དབང་གིས་སམ་མཐའ་མར་ཡང་ལས་བསོད་སྨོན་ལམ་གྱི་དབང་གིས་སྐྱེ་བ་བླང་དགོས་པ་ཞིག་ཡིན་སྟབས། དེ་གང་དུ་ཇི་ལྟར་སྐྱེ་བ་དང༌། ཐབས་ཚུལ་ཇི་ལྟ་བུས་ངོས་འཛིན་བྱེད་པ་བཅས་ནི་ཡང་སྲིད་སྐྱེ་བ་འཛིན་མཁན་གྱི་གང་ཟག་ཉིད་ལ་ཐུན་མིན་དུ་དབང་བ་ཞིག་ལས། གཞན་སུས་ཀྱང་བཙན་དབང་དང༌། གནོན་ཤུགས། རང་འདོད་ལྟར་གང་བྱུང་བྱ་ས་མེད་པ་ནི་བདེན་པའི་གནས་ཚུལ་ཡིན། ལྷག་པར་དུ་ཡང་སྤྲུལ་གྱི་རྣམ་གཞག་ལྟ་ཞོག སྐྱེ་བ་སྔ་ཕྱི་ཙམ་ཡང་བསམ་བཞིན་ཁས་ལེན་མི་བྱེད་པའི་ཆབ་སྲིད་དབང་འཛིན་པ་རྣམས་ཀྱིས་བླ་མའི་ཡང་སྤྲུལ་སྤྱི་དང༌། ཁྱད་པར་རྒྱལ་བ་ཡབ་སྲས་ཀྱི་ཡང་སྤྲུལ་ངོས་འཛིན་ལ་དབང་ཤུགས་ཁོ་ནས་ཐེ་བྱུས་བྱེད་པ་ནི་ཆེས་མ་འཚམས་ཤིང༌། སོ་སོའི་ཆབ་སྲིད་ཀྱི་ལྟ་གྲུབ་དང་ཡང་རྒྱབ་འགལ་དུ་སོང་བའི་རྫུན་སྤྱོད་ངན་གཡོ་ངོ་ཚ་བྲལ་བ་ཞིག་ཡིན་པ་ཀུན་གྱི་མཐོང་ཆོས་སུ་གྲུབ་གཤིས། དེ་རིགས་བྱུང་ཚེ་དེ་ལ་བོད་མི་རིགས་དང༌། བོད་བརྒྱུད་ནང་བསྟན་རྗེས་འཇུག་གི་རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ནས་ནམ་ཡང་ངོས་ལེན་དང༌། མོས་མཐུན་བྱེད་ཐབས་མེད། ངོས་རང་རྗེ་དགེ་འདུན་གྲུབ་ཀྱི་དགུང་གྲངས་ཙམ་དུ་སོན་སྐབས་ཆོས་བརྒྱུད་བླ་ཆེན་ཁག་དང༌། བོད་མིས་མཚོན་འབྲེལ་ཡོད་དད་ལྡན་མང་ཚོགས་ལ་གོ་བསྡུར་གྱིས་རྒྱལ་དབང་སྐུ་ཕྲེང་ རྒྱུན་མཐུད་དགོས་མིན་བསྐྱར་ཞིབ་དང་ཐག་གཅོད་བྱེད་འཆར་ཡིན། གལ་ཏེ་རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་པ་དང༌། སྐུ་ཕྲེང་བཅོ་ལྔ་པའི་ཡང་སྲིད་ངོས་འཛིན་བྱ་དགོས་ཀྱི་དུས་སྐབས་ཤིག་ཤར་ཚེ་དེའི་བྱེད་སྒོའི་འགན་ཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་དང༌། ཁོ་ཚོས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང༌། རྒྱལ་དབང་སྐུ་ཕྲེང་ན་རིམ་དང་ལུས་དང་གྲིབ་བཞིན་འགྲོགས་པའི་དམ་ལྡན་ཆོས་སྲུང་ཁག་ལ་སྐབས་བསྟུན་ལམ་སྟོན་ཞུས་ཏེ་ཡང་སྤྲུལ་རྩད་གཅོད་ངོས་འཛིན་སྔོན་སྲོལ་བཞིན་བྱེད་དགོས་པ་དང༌། ངོས་ནས་ཀྱང་བྱེད་ཕྱོགས་དེ་དག་ལམ་སྟོན་གསལ་བཀོད་ཀྱི་ཡིག་འཇོག་བྱ་རྒྱུ་ཡིན་ཞིང༌། དེ་ལྟར་ཚུལ་མཐུན་རྩད་གཅོད་ངོས་འཛིན་བྱུང་བའི་ཡང་སྤྲུལ་ཞིག་ལས་གཞན་དུ་སྲིད་ དོན་གྱི་དགོས་མཁོ་ལ་བརྟེན་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་དབང་འཛིན་པས་མཚོན། སྲིད་དབང་འཛིན་པ་སུ་ཞིག་གིས་ཡང་སྤྲུལ་འདེམས་སྒྲུག་བྱས་པ་བྱུང་ཚེ་དེ་ལ་སུས་ཀྱང་རྒྱལ་བའི་ཡང་སྤྲུལ་དུ་ངོས་འཛིན་དང་དད་མོས་བྱེད་མི་དགོས་པ་ཡིད་འཇགས་དགོས། ཞེས་གསལ་འདུག

ཟླ་འདིའི་ཕྱི་ཚེས་ ༣ ཉིན་རྒྱ་ནག་ཀན་སུའུ་ཞིང་ཆེན་ལན་ཀྲུའུ་གྲོང་ཁྱེར་དུ། རྒྱ་ནག་གི་གཞུང་འབྲེལ་གོ་སྒྲིག་འོག བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ཀྱི་ལོ་རྒྱུས་ངེས་སྲོལ་དང་སྲིད་ཇུས་ཁྲིམས་སྲོལ་གྱི་བགྲོ་གླེང་སྤེལ་རེས་ཚོགས་འདུ་ཟེར་བ་ཞིག་འཚོགས་ཡོད་ཅིང་། ཚོགས་ཐོག་བོད་ནང་གི་སྤྲུལ་སྐུ་དང་རྒྱ་ནག་གི་ཆེད་མཁས་པ་ཟེར་བའི་མི་གྲངས་ ༥༠ ལྷག་མཉམ་ཞུགས་བྱས་ཡོད་འདུག་ལ། དེའི་སྐོར་ཀྲུང་གོ་བོད་ལྗོངས་དྲ་བ་ཟེར་བའི་ནང་། དེའི་དམིགས་ཡུལ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱིས་སྤྲུལ་སྐུའི་ཡང་སྲིད་ལམ་ལུགས་ཀྱི་ལོ་རྒྱུས་ངེས་སྲོལ། ཆོས་ལུགས་ཀྱི་ཆོ་ག་དང་སྲིད་ཇུས་ཁྲིམས་སྲོལ་རྣམས་ཕྱི་རོལ་ཡུལ་དང་མཐུན་པའི་སྒོ་ནས་ཤེས་རྟོགས་ཐུབ་པ་དང་། རྒྱལ་ནང་དུ་འདྲི་འཚོལ་དང་། གསེར་བུམ་དཀྲུག་འདོན་དང་སྲིད་གཞུང་གིས་ཆོག་མཆན་ཐོབ་པ་སོགས་ལོ་རྒྱུས་ངེས་སྲོལ་ནི་སྤྲུལ་སྐུའི་ཡང་སྲིད་ཀྱིས་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས་པའི་རྩ་དོན་གལ་ཆེན་ཡིན་སྐོར་འཁོད་འདུག

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་ནང་། རྒྱ་གཞུང་གི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ཀྱི་ལོ་རྒྱུས་ངེས་སྲོལ་དང་སྲིད་ཇུས་ཁྲིམས་སྲོལ་གྱི་བགྲོ་གླེང་སྤེལ་རེས་ཚོགས་འདུ་ཟེར་བའི་ནང་དུ་བགྲོ་གླེང་གང་བྱས་པ་གསལ་ཁ་མེད་པ་མ་ཟད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཚན་དངོས་སུ་བཏོན་མེད་ཀྱང་། དེ་ནི་༧གོང་ས་མཆོག་གི་ཡང་སྲིད་སྐོར་ལ་དམིགས་ཏེ། བཙན་གནོན་འོག་ཏུ་ཡོད་པའི་བོད་མི་མང་ལ་རྒྱ་གཞུང་གིས་ཐག་གཅོད་གང་བྱས་པ་དེར་ངོས་ལེན་བྱེད་དུ་འཇུག་ཆེད་ཡིན་སྐོར་བརྗོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

 

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese