མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མགོ་ལོག་གླུ་བ་དཔལ་ལྡན་ལགས་ཀློད་གྲོལ་བཏང་འདུག 

བོད་ཀྱི་དུས་བབ།
༢༠༢༤/༡༠/༠༥
Share on FacebookShare on TwitterShare on EmailShare on Whatsapp

འདས་ལོའི་ཕྱི་ཟླ་ ༡༡ ནང་རྒྱ་ནག་གཞུང་གིས་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པའི་མགོ་ལོག་གླུ་བ་དཔལ་ལྡན་ལགས་བཙོན་འཇུག་གི་དུས་ཡུན་མ་ཚང་གོང་ནས་ཀློད་གྲོལ་བཏང་འདུག 

མགོ་ལོག་གླུ་བ་དཔལ་ལྡན་ལགས་ཀློད་གྲོལ་བཏང་འདུག

རྒྱ་ནག་གཞུང་གིས་མགོ་ལོག་པདྨ་རྫོང་དྷི་མདའ་ཡུལ་ཚོའི་ཡོ་སྟག་སྡེ་བ་ནས་ཡིན་པའི་བོད་ཀྱི་ན་གཞོན་གླུ་བ་མགོ་ལོག་དཔལ་ལྡན་ལགས་དུས་ཡུན་གང་འཚམ་ཞིག་འཛིན་བཟུང་བཀག་ཉར་བྱས་རྗེས། འདས་ལོའི་ཕྱི་ཟླ་ ༡༡ ནང་ཁོང་གིས་ལ་རྒྱའི་གླུ་ཞིག་བླངས་བར་ཁ་གཡར་ནས་གསང་བའི་ཐོག་ནས་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང་། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༢༥  ཉིན་དཔལ་ལྡན་ལགས་བཙོན་འཇུག་དུས་ཡུན་མ་ཚང་གོང་ནས་ཀློད་གྲོལ་བཏང་ཡོད་ནའང་། མུ་མཐུད་ལྟ་རྟོག་དང་རྗེས་ཕྱོགས་ལ་རྒྱའི་གླུ་གཞས་རིགས་བླང་མི་ཆོག་པའི་ཉེན་བརྡ་བཏང་ཡོད་འདུག 

འབྲེལ་ཡོད་བོད་མི་ཞིག་གིས་འདི་གའི་གསར་འགོད་པར། ཉེ་ལམ་རྒྱ་ནག་གཞུང་གིས་ཁོང་གི་ནང་མི་རྣམས་ལ་བརྡ་ལན་གང་ཡང་མ་སྤྲད་པར། གསང་བའི་ཐོག་ནས་མགོ་ལོག་གླུ་བ་དཔལ་ལྡན་ལགས་ཀློད་གྲོལ་བྱས་ཡོད་ཅིང་། སྤྱིར་ན་བཙོན་འཇུག་གི་དུས་ཡུན་རྫོགས་མེད་པས་གློ་བུར་དུ་ཀློད་གྲོལ་བྱེད་དོན་གང་ཡིན་གསལ་པོ་མི་ཤེས་ནའང་། མུ་མཐུད་དུ་ཁོང་གི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོག་བྱེད་མུས་ཡིན་པའི་ཁར། གསང་བའི་ཐོག་ནས་རྗེས་འདེད་བྱེད་མུས་ཡིན་སྐོར་སོགས་བརྗོད་སོང་། 

རྒྱ་ནག་གཞུང་གིས་བཙོན་འཇུག་དུས་ཡུན་མ་ཚང་གོང་ནས་ཀློད་གྲོལ་བྱས་པ་ཕལ་མོ་ཆེའི་འཕྲོད་བསྟེན་གྱི་གནས་སྟངས་ཡག་པོ་མེད་པ་མ་ཟད་མང་པོ་ཞིག་ནད་པ་ཆགས་ཀྱི་ཡོད་སྟབས། འདི་གའི་གསར་འགོད་པས་གླུ་བ་དཔལ་ལྡན་ལགས་ཀྱི་འཕྲོད་བསྟེན་གྱི་གནས་སྟངས་སྐོར་དྲིས་པར། རྒྱ་ནག་གཞུང་གིས་ཉེ་ལམ་དཔལ་ལྡན་ལགས་གྲོང་མི་སོགས་དང་ཐུག་འཕྲད་བྱེད་བཅུག་གི་མེད་པ་མ་ཟད། རྒྱ་ནག་གིས་གསང་བ་བྱས་པའི་དབང་གིས་ཁོང་ཀློད་གྲོལ་བྱས་པའི་གནད་དོན་ཡང་མི་མང་པོ་ཞིག་གིས་ཤེས་རྟོགས་བྱུང་མེད་ཅིང་། ཕྱི་ཚུལ་ནས་བལྟས་ན་འཕྲོད་བསྟེན་གྱི་དཀའ་ངལ་མེད་པ་འདྲ་བོ་ཞིག་འདུག་ཀྱང་། ད་ལྟ་དོན་དངོས་ཐོག་འཕྲོད་བསྟེན་གྱི་གནས་བབ་གང་འདྲ་ཡོད་མེད་ཤེས་རྟོགས་གསལ་པོ་ཞིག་མེད་པ་རེད་ལ། ཁོང་གིས་ལ་རྒྱ་དང་འབྲེལ་བའི་གླུ་དབྱངས་རིགས་བསྐྱར་དུ་བླངས་ཚེ། འཛིན་བཟུང་བཙོན་འཇུག་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་སྐོར་བརྗོད་སོང་། 

གླུ་བ་མགོ་ལོག་དཔལ་ལྡན་ལགས་ནི་མགོ་ལོག་པདྨ་རྫོང་དྷི་མདའ་ཡུལ་ཚོའི་ཡོ་སྟག་སྡེ་བ་ནས་ཡིན་ཞིང་། ཁོང་རྒྱུན་དུ་ནས་རྡུང་ལེན་སོགས་ལེན་རྒྱུར་དགའ་པོ་ཡོད་ལ། ཕྱི་ལོ་  ༢༠༢༢ ལོར་སྨིན་ཐང་གསེར་མོ་འཚོས་གཙོ་སྒྲུབ་བྱས་པའི་རྡུང་ལེན་འགྲན་སྡུར་ཁྲོད་ཨང་རིམ་དྲུག་པ་བླངས་ནས། ཁོང་གི་ལྷད་མེད་པའི་མི་གཤིས་དྭངས་མ་དེར་བོད་ཁམས་སུ་བསྔགས་བརྗོད་བྱེད་མཁན་མང་དག་ཅིག་བྱུང་ཡོད་ལ། ཕྱི་ལོ་ ༢༠༢༢ ལོར་ཁོང་གིས་ཨ་མ་དྲན་གླུ་ཞེས་པའི་རྡུང་ལེན་བརྩམས་ཆོས་ཤིག་ཀྱང་དྲ་ལམ་དུ་བཀྲམ་ཡོད་པ་རེད། ད་ལྟ་གླུ་བ་དཔལ་ལྡན་ལགས་ཀྱི་མགྱོགས་འཕྲིན་ལ་རྗེས་འདེད་བྱེད་མཁན་མི་གྲངས་ ༩༨༠༠༠།༥ ལྷག་ཡོད་འདུག་ལ། དེ་སྔ་ཁོང་གིས་དྲ་ལམ་དུ་གླུ་བ་ནམ་མཁས་བླངས་པའི་ང་ནི་བཙན་པོའི་ཕོ་ཉ་ཡིན་ཞེས་པའི་གླུ་དབྱངས་བླངས་རྐྱེན་འཛིན་བཟུང་བཙན་ཁྲིད་བྱས་པ་རེད། 

གསར་འགོད་པ། དཔལ་ལྡན། 

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༡༧ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese