མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ལོ་ ༢༠༢༤ ལོའི་ལུས་ཁམས་རིག་པའི་ནོ་སྦེལ་གཟེངས་རྟགས་ཡོངས་བསྒྲགས་གནང་།

བོད་ཀྱི་དུས་བབ།
༢༠༢༤/༡༠/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་སྐྱེ་དངོས་རིག་པའི་ཚན་རིག་པ་གཉིས་ལ་ཕྱི་ལོ་ ༢༠༢༤ ལོའི་ལུས་ཁམས་སམ་སྨན་བཅོས་རིག་པའི་ནོ་སྦེལ་གཟེངས་རྟགས་ཐོབ་འདུག

ཕྱི་ལོ་ ༢༠༢༤ ལོའི་ལུས་ཁམས་རིག་པའི་ནོ་སྦེལ་གཟེངས་རྟགས་ཡོངས་བསྒྲགས་གནང་།

ཡུ་རོབ་རྒྱལ་ཁབ་ནོར་ཝེ་ནང་རྟེན་གཞི་བྱས་ཤིང་འཛམ་གླིང་ནང་སྙན་གྲགས་ཆེ་བའི་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས་གསལ་བསྒྲགས་སྤེལ་བ་ལྟར་ན། ཁ་སང་ཨ་རིའི་སྐྱེ་དངོས་ཚན་རིག་པ་ཝེག་ཊོར་ཨམ་བྷི་རོ་སི་ (Victor Ambros) ལགས་དང་གྷའེ་རེ་རཱ་ཝི་གོན་(Gary Ruvkun) ཐུན་མོང་ལ་ཕྱི་ལོ་ ༢༠༢༤ ལོའི་ལུས་ཁམས་རིག་པའམ་སྨན་བཅོས་རིག་པའི་ནོ་སྦེལ་གཟེངས་རྟགས་ཐོབ་པ་ཡོངས་བསྒྲགས་གནང་འདུག

ཨ་རིའི་སྐྱེ་དངོས་ཚན་རིག་པ་གཉིས་ལ་འདི་ལོའི་ནོ་སྦེལ་གཟེངས་རྟགས་འབུལ་དོན་ནི། ཁོང་གཉིས་ཀྱིས།  མིའི་ལུས་སྟེང་དུ་ཡོད་པའི་མངར་གཟུགས་ཀྱི་ཉིང་སྐྱུར་ཕྲ་མོ་ཞིག་གསར་དུ་རྙེད་ཅིང་། ཉིང་སྐྱུར་ཕྲ་མོ་དེ་ལ་བརྟེན་ནས་མིའི་ལུས་ཁམས་སུ་ཕྲ་ཕུང་འགུལ་སྐྱོད་ཇི་ལྟར་བྱེད་བཞིན་ཡོད་མེད་ཤེས་རྟོགས་ཐུབ་ཡོད་པས་ཡིན་པ་མ་ཟད། ཁོང་གཉིས་ཀྱི་ཞིབ་འཇུག་གྲུབ་དོན་གྱིས། ལུས་ཁམས་གྲུབ་བྱེད་ཀྱི་གཞི་རྒྱུ་ (genes) སྟེ། ལུས་ཁམས་སུ་ཡོད་པའི་ཚེ་སྲོག་གི་གྲུབ་ཆ་ཕྲ་མོའི་རིགས་ཇི་ལྟར་གཅིག་ལ་གཅིག་རྟེན་དང་འཚར་འཕེལ་བྱུང་གི་ཡོད་མེད་གསར་རྟོགས་བྱུང་ཡོད་འདུག

དེ་འབྲེལ་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གི་གསལ་བསྒྲགས་ནང་། ཨ་རིའི་སྐྱེ་དངོས་ཚན་རིག་པ་ཝེག་ཊོར་ཨམ་བྷི་རོ་སི་ལགས་དང་གྷའེ་རེ་རཱ་ཝི་གོན་གཉིས་ཀྱི་གསར་རྟོགས་ལ་ཡི་རངས་དང་སྦྲགས། ལུས་ཁམས་ཀྱི་གཞི་རྒྱུ་སྙོམས་སྒྲིག་གི་ཞིབ་འཇུག་གྲུབ་དོན་གསར་པ་ཞིག་བཏོད་ཡོད་ཅེས་བརྗོད་འདུག་ལ། སུ་ཝེ་ཌན་གྱི་རྒྱལ་ས་སུ་ཊོག་ཧོ་ལམ་(stockholm)གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ལོ་ཧྥི་ཌ་ལེན་ (Love Dalén) ལགས་ཀྱིས། ཁོང་གཉིས་ཀྱི་ཞིབ་འཇུག་དེས། ལུས་ཀྱི་ཕྲ་ཕུང་དག་གི་བྱེད་ནུས་དང་དེ་ལ་བརྟེན་ནས་སྐྱེ་དངོས་ཀྱི་འཕེལ་འགྱུར་སྐོར་གསལ་སྟོན་བྱས་ཡོད། ཅེས་བརྗོད་འདུག

འདི་ལོར་ལུས་ཁམས་རིག་པའི་ནོ་སྦེལ་གཟེངས་རྟགས་ཐོབ་མཁན་སྐུ་ཞབས་ཝེག་ཊོར་ཨམ་བྷི་རོ་སི་ལགས་ནི། ཕྱི་ལོ་ ༡༩༥༣ ལོར་ཨ་རིའི་མངའ་སྡེ་(New Hampshire) ནང་པོ་ལན་ཌིའི་སྐྱབས་བཅོལ་བའི་ཁྱིམ་ཚང་ཞིག་ཏུ་སྐྱེས། ཆུང་དུས་ནས་སློབ་གྲྭ་ཆེ་ཆུང་ཚང་མར་འགྲིམས་རྗེས། ཕྱི་ལོ་ ༡༩༧༥ ལོར་སྐྱེ་དངོས་རིག་པའི་ཐོག་ཉེ་བའི་ཚན་རིག་རབ་འབྱམས་པ་ཐོན། ཕྱི་ལོ་ ༡༩༧༩ ལོར་སྐྱེ་དངོས་རིག་པའི་འབུམ་རམས་པ་ཐོན། ཕྱི་ལོ་ ༡༩༨༤ ལོ་ནས་ཨ་རིའི་ཧྭ་ཝར་ཌི་གཙུག་ལག་སློབ་ཆེན་དུ་དགེ་རྒན་གྱི་ཕྱག་ལས་མགོ་བརྩམས་ཡོད་ཀྱང་། ཧྭ་ཝར་ཌིས་ཡུན་རིང་མ་འགོར་བར་ཁོང་ལ་ལས་ཀ་མུ་མཐུད་གཉེར་བཅུག་མེད་པ་རེད། རྒྱུ་མཚན་ནི་ཁོང་གིས་སྐབས་དེ་དུས་ནས་སྐྱེ་དངོས་རིག་པའི་ཕྲ་ཕུང་དག་གི་བྱེད་ནུས་དང་སྐྱེ་དངོས་ཀྱི་འཕེལ་འགྱུར་སྐོར་ལ་ཞིབ་འཇུག་བྱེད་བཞིན་ཡོད་པས་ཡིན་འདུག ཕྱི་ལོ་ ༢༠༠༨ ནས་ (Massachusetts) གཙུག་ལག་སློབ་ཆེན་དུ་ཞུགས་ཏེ་ད་ལྟ་སློབ་དཔོན་ཆེན་མོའི་ཕྱག་ལས་གནང་མུས་ཡིན་པ་རེད།

སྐྱེ་དངོས་ཚན་རིག་པའི་སློབ་དཔོན་ཆེན་མོ་གྷའེ་རེ་རཱ་ཝི་གོན་ལགས་ནི། ཕྱི་ལོ་ ༡༩༥༢ ལོར་ཨ་རིའི་མངའ་སྡེ་ཁ་ལེ་ཧྥོ་ནེ་ཡའི་ནང་སྐྱེས། ཁོང་ནི་ཇོའུ་རིགས་ཡིན་ཞིང་། ཕྱི་ལོ་ ༡༩༧༣ ཁ་ལེ་ཧྥོ་ནེ་ཡ་གཙུག་ལག་སློབ་ཆེན་ནས་སྐྱེ་དངོས་དང་དངོས་ལུགས་རིག་པའི་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན། ཕྱི་ལོ་ ༡༩༨༢ ལོར་ཧྭ་ཝར་ཌི་སློབ་ཆེན་ནས་སྐྱེ་དངོས་དང་དངོས་ལུགས་རིག་པའི་ཐོག་འབུམ་རམས་པ་ཐོན། ཁོང་གིས་སྐྱེ་དངོས་སྤྱི་དང་ལུས་པོའི་ཆ་རྡུལ་ཕྲ་མོ་འཕོ་འགྱུར་སོགས་ཀྱི་སྐོར་ནས་ཞིབ་འཇུག་གི་གྲུབ་འབྲས་མི་ཆུང་བ་བཞག་མྱོང་བ་རེད་ལ། ཕྱི་ལོ་ ༢༠༡༩ ལོ་ནས་ཁོང་ཨ་རིའི་སེམས་ཁམས་རིག་པའི་ཚོགས་སྡེ་ཡི་ཚོགས་མི་ཞིག་ཀྱང་ཡིན་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

ཆུ་ཚོད་ ༨ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese