མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བདེ་སྐྱིད་ཀྱི་ཤེས་རབ་ཛུ་རིག་གློག་བརྙན་དུས་སྟོན་ཐོག་གཟིགས་འབུལ་ཞུས།

བོད་ཀྱི་དུས་བབ།
༢༠༢༤/༡༠/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་ཧོ་ལི་ཝིར་ཌི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་བོད་དོན་རྒྱབ་སྐྱོར་བ་རི་ཆར་ཌི་གྷར་ལགས་ཀྱིས་༧གོང་ས་མཆོག་གི་མཛད་རྣམ་དངོས་བྱུང་གློག་བརྙན་བདེ་སྐྱིད་ཀྱི་ཤེས་རབ་ཀྱིས་མ་འོངས་བར་འཛམ་གླིང་ནང་ཤུགས་རྐྱེན་ཆེན་པོ་ཞིག་སྤྲོད་ཐུབ་ཀྱི་རེད་ཅེས་བརྗོད་འདུག

བདེ་སྐྱིད་ཀྱི་ཤེས་རབ་ཛུ་རིག་གློག་བརྙན་དུས་སྟོན་ཐོག་གཟིགས་འབུལ་ཞུས། སྲིད་སྐྱོང་གི་ངོ་དེབ་ཀྱི་པར།

ཟླ་འདིའི་ཕྱི་ཚེས་ ༣ ནས་ ༡༣ ཉིན་གྲངས་ ༡༡ རིང་སུད་སི་གྲོང་ཁྱེར་ཛུ་རིག་ཏུ། ཕྱི་ལོ་ ༢༠༢༤ ལོའི་ཛུ་རིག་གློག་བརྙན་དུས་སྟོན་འཚོག་བཞིན་ཡོད་ཅིང་། ཐེངས་འདིའི་གློག་བརྙན་དུས་སྟོན་ཐོག་འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་གྱི་གློག་བརྙན་མི་འདྲ་བ་ ༡༠༠ ལྷག་མཉམ་ཞུགས་བྱས་པའི་ཁྲོད། ཁ་སང་ཕྱི་ཚེས་ ༨ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་རྣམ་དངོས་བྱུང་གློག་བརྙན་བདེ་སྐྱིད་ཀྱི་ཤེས་རབ་ཞེས་པ་གཟིགས་འབུལ་ཞུས་ཡོད་ཅིང་། དབུ་འབྱེད་མཛད་སྒོའི་ཐོག་ཨ་རིའི་ཧོ་ལི་ཝིར་ཌི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་བོད་དོན་རྒྱབ་སྐྱོར་བ་རི་ཆར་ཌི་གྷར་(Richard Gere) ལགས་དང་། སུད་སིའི་གློག་བརྙན་འཁྲབ་ཁྲིད་པ་བྷར་བྷ་རཱ་མི་ལིར་( Barbara Miller)ལགས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༧སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་སོགས་མཉམ་ཞུགས་གནང་ཡོད་འདུག

ཉེ་ཆར་གློག་བརྙན་འཁྲབ་ཁྲིད་པ་བྷར་བྷ་རཱ་མི་ལིར་ལགས་ཀྱིས། བདེ་སྐྱིད་ཀྱི་ཤེས་རབ་ཞེས་པའི་གློག་བརྙན་དེ་ནི་དགུང་ལོ་གྱ་དགུ་བཞེས་པའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐུ་དངོས་སུ་བརྙན་མིག་བརྒྱུད་འཛམ་གླིང་སྤྱི་ལ་ཁྱབ་པའི་ནང་སེམས་ཀྱི་བདེ་སྐྱིད་དང་ཞི་བདེའི་འཚོལ་སྙེག་གི་དགོས་འདུན་དང་། དུས་རབས་ཉེར་གཅིག་པར་བདེ་སྐྱིད་དང་ཞི་བདེ་ངང་གནས་ཐུབ་པའི་སྐོར་གསུངས་ཡོད་པ་མ་ཟད། འཛམ་གླིང་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་ཁྲོད་གློག་བརྙན་ནང་མི་སྒེར་གྱི་ལོ་རྒྱུས་ཞིབ་ཚགས་གསུང་མཁན་༧གོང་ས་མཆོག་ནང་བཞིན་ཞིག་བྱུང་མེད།  ཅེས་བརྗོད་འདུག  དེ་བཞིན་རི་ཆར་ཌི་གྷར་ལགས་ཀྱིས། གློག་བརྙན་ཐུང་ཐུང་འདིས་མ་འོངས་བར་འཛམ་གླིང་ནང་ཤུགས་རྐྱེན་ཆེན་པོ་ཞིག་སྤྲོད་ཐུབ་ཀྱི་རེད། ཅེས་བརྗོད་འདུག

གློག་བརྙན་འཁྲབ་ཁྲིད་པ་ཨོ་རེན་མོ་ཝར་མན་ལགས་ཀྱིས། རང་ཉིད་གློག་བརྙན་བཟོ་སྐྲུན་བྱེད་མཁན་ཞིག་ཡིན་པའི་ཆ་ནས་བྱམས་བརྩེའི་མཛེས་སྡུག་གིས་ཁེངས་ཤིང་ཁྱད་དུ་འཕགས་པའི་གློག་བརྙན་འདིའི་ནང་དུ་མགྲོན་འབོད་བྱས་ཏེ་མཉམ་ཞུགས་ཐུབ་པར་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ་བཞིན་ཡོད། བདེ་སྐྱིད་ཀྱི་ཤེས་རབ་ཞེས་པའི་གློག་བརྙན་གྱིས་ལྟད་མོ་བ་རྣམས་ལ་གཞན་དང་མི་འདྲ་བའི་གློག་བརྙན་གྱི་མྱོང་ཚོར་ཞིག་སྤྲོད་ཐུབ་པ་མ་ཟད། ང་ཚོ་འགྲོ་བ་མི་ཚང་མ་བློ་གྲོས་དང་སྤྲོ་སྣང་ལྡན་པ་གསལ་སྟོན་བྱེད་བཞིན་ཡོད། ཅེས་བརྗོད་འདུག

དེ་བཞིན་གློག་བརྙན་འཁྲབ་ཁྲིད་པ་ཧྥི་ལི་ཕི་ཌེ་ལཱ་ཁི་སི་(Philip Delaquis) ལགས་ཀྱིས། དངོས་བྱུང་གློག་བརྙན་འདིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚེའི་རིང་གི་དམག་འཁྲུག་དང་གནམ་གཤིས་འགྱུར་ལྡོག་དང་། གོ་ལའི་དཀའ་ངལ་གདོང་ལེན་བྱེད་ཕྱོགས་ཀྱི་ཐད་གསལ་སྟོན་བྱས་ཡོད། ང་ཚོས་གློག་བརྙན་འདི་བཟོ་སྐྲུན་བྱེད་དགོས་པའི་ཀུན་སློང་ཡང་འཛམ་གླིང་མི་མང་གིས་དུས་རབས་ཀྱི་དཀའ་ངལ་དང་། འཇིགས་སྣང་། ལྷིང་འཇགས་མེད་པའི་ཚོར་བ་ལ་སེམས་བཟང་པོའི་ཐོག་ནས་གདོང་ལེན་བྱས་ཏེ་མཐུན་སྒྲིལ་དང་རེ་བ་གསལ་སྟོན་བྱ་རྒྱུ་དེ་ཡིན། ཞེས་བརྗོད་འདུག

བདེ་སྐྱིད་ཀྱི་ཤེས་རབ་ཞེས་པའི་དངོས་བྱུང་གློག་བརྙན་འདིའི་ནང་དུ་ད་ལྟ་བར་བོད་གཞུང་ནས་པར་སྐྲུན་བྱས་མེད་པའི་ཡིག་ཆ་དང་གསར་དུ་ཉར་ཚགས་བྱས་པའི་ཡིག་ཚགས་བཀོད་དེ། ༸གོང་ས་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་གི་ཆོས་སྲིད་གཉིས་ཀྱི་མཛད་རྣམ་ཕབ་སྐྲུན་བྱས་ཡོད་ཅིང་།  ཉེ་ལམ་ཡུ་རོབ་ཀྱི་ཨ་སི་ཁོ་ཌི་ཨེ་ལི་ཊི་དང་ཨེ་ཁི་སི་གློག་བརྙན་ཚོང་གཉེར་ཁང་གཉིས་ཀྱིས་འཇར་མན་སྐད་ཡིག་བེད་སྤྱོད་བྱེད་བཞིན་པའི་ས་གནས་ཁག་ཏུ་གློག་བརྙན་འགྲེམས་སྤེལ་གྱི་པར་དབང་ཐོབ་ཐང་བླངས་ཡོད་པ་མ་ཟད། སུད་སི་རྒྱལ་ཁབ་ཀྱི་གློག་བརྙན་ས་ཚིགས་ཁག་ཏུ་མུ་མཐུད་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག་ལ། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་གཟིགས་འབུལ་ཞུ་འཆར་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང།

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༡༠ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༡༡ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese