མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདི་ལོའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་དེ་རྡུལ་ཕྲན་མཚོན་ཆ་མེད་པའི་འཛམ་གླིང་ཞིག་བསྐྲུན་ཐབས་བྱེད་མཁན་གྱི་ཉི་ཧོང་གི་ཚོགས་པ་ཞིག་ལ་ཐོབ།

བོད་ཀྱི་དུས་བབ།
༢༠༢༤/༡༠/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༡༩༤༥ ལོར་རྡུལ་ཕྲན་མཚོན་ཆས་གནོད་འཚེ་ཕོག་ཅིང་ཕྱི་ལོ་ ༡༩༥༦ ནས་ད་བར་རྡུལ་ཕྲན་མཚོན་ཆ་མེད་པའི་འཛམ་གླིང་ཞིག་བསྐྲུན་ཐབས་བྱེད་མཁན་གྱི་ཉི་ཧོང་གི་ཚོགས་པ་ཞིག་ལ་འདི་ལོའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ།

Japan’s Nihon Hidankyo wins 2024 Nobel Peace Prize.

ཕྱི་ལོ་ ༡༩༤༥ ལོར་འཛམ་གླིང་དམག་ཆེན་གཉིས་པའི་མཇུག་ཏུ་ཨ་རིས་ཉི་ཧོང་ལ་རྡུལ་ཕྲན་མཚོན་ཆ་འཕངས་ཏེ་ཉི་ཧོང་བ་ཁྲི་ཕྲག་མང་པོར་གནོད་འཚེ་ཕོག་ཅིང་། ཉི་ཧོང་གི་ (Nihon Hidankyo) ཚོགས་པ་ནི་གནོད་འཚེ་དེའི་ཁྲོད་ཀྱི་ཧེ་བྷ་ཀོ་ཤཱ་ (Hibakusha) མི་ཁག་ཅིག་གིས་བཙུགས་ཡོད་པ་ལྟར། དེ་རིང་ནོར་ཝེའི་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས། ཕྱི་ལོ་ ༢༠༢༤ ལོའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་དེ། ཕྱི་ལོ་ ༡༩༤༥ ལོར་ཨ་རིས་རྡུལ་ཕྲན་མཚོན་ཆས་གནོད་སྐྱོན་ཕོག་ཅིང་། དེང་སྐབས་རྡུལ་ཕྲན་མཚོན་ཆ་མེད་པའི་འཛམ་གླིང་ཞིག་བསྐྲུན་ཐབས་བྱས་དང་བྱེད་མུས་ཡིན་པའི་ཉི་ཧོང་གི་ (Nihon Hidankyo) ཚོགས་པར་ཐོབ་པ་ཡོངས་བསྒྲགས་བྱས་སོང་།

ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གི་གསལ་བསྒྲགས་ནང་། ལོ་རྒྱུས་ཀྱི་དཔང་པོ་འདི་དག་སྒེར་གྱི་ལོ་རྒྱུས་ལ་གཞི་བཅོལ་ནས་སློབ་གསོའི་ལས་འགུལ་སྤེལ་བ་དང་། རང་ཉིད་ཀྱི་ཉམས་མྱོང་གཞིར་བཞག་གིས་སློབ་གསོའི་ལས་འགུལ་སྤེལ་ཏེ། རྡུལ་ཕྲན་མཚོན་ཆའི་ཁྱབ་སྤེལ་དང་བཀོལ་སྤྱོད་ལ་ཛ་དྲག་གི་ཉེན་བརྡ་བཏང་བ་བཅས་ལ་བརྟེན་ནས་འཛམ་གླིང་གང་སར་རྡུལ་ཕྲན་མཚོན་ཆའི་ཁ་གཏད་ཀྱི་བསམ་བློ་ཤུགས་ཆེར་སྤེལ་ཡོད།  རྡུལ་ཕྲན་མཚོན་ཆས་གནོད་སྐྱོན་ཕོག་པའི་ཧཱེ་བྷ་ཀོ་ཤཱ་ (Hibakusha) ཉི་ཧོང་བ་དག་ལས།  ང་ཚོས་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱས་ཚེ། རྟོགས་དཀའ་བའི་ན་ཟུག་དང་སྡུག་བསྔལ། བློ་ཡུལ་ལས་འདས་པའི་བསམ་བློ། འགྲེལ་བརྗོད་བྱེད་མི་ཐུབ་པའི་འགྲེལ་བརྗོད་སོགས་གསལ་འདོན་བྱེད་བཞིན་ཡོད།

ནོར་ཝེའི་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས་སེམས་ཤུགས་འཕེལ་བྱེད་དང་སྐུལ་མའི་ཚུལ་དུ་བདེན་དོན་གཅིག་ཞུ་འདོད་བྱུང་། དེ་ནི་འདས་པའི་ལོ་ངོ་བརྒྱད་ཅུ་མ་ཟིན་ཙམ་གྱི་རིང་དམག་འཁྲུག་གི་ཁྲོད་དུ་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་བྱས་མེད། ཉི་ཧོང་གི་ནེ་ཧོན་ཧེ་ཌན་ཡོ་ཚོགས་པ་དང་རྡུལ་མཚོན་གྱི་གནོད་སྐྱོན་ཐེབས་པའི་སྐུ་ཚབ་ཚོས་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་བྱ་རྒྱུ་བཀག་སྡོམ་གཏན་འབེབས་དགོས་པར་དམིགས་བསལ་གྱིས་འབད་བརྩོན་བྱས་ཏེ་ནུས་པའང་ཆེན་པོ་ཞིག་ཐོན་ཡོད། དེར་བརྟེན་དེང་སྐབས་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་བྱ་རྒྱུར་བཀག་སྡོམ་དང་གནོན་ཤུགས་ཆེན་པོ་ཞིག་ཐེབས་བཞིན་ཡོད།

ཕྱི་ལོ་ ༢༠༢༥ ལོ་ནི་ཨ་རིའི་རྡུལ་ཕྲན་མཚོན་ཆ་གཉིས་ཀྱིས་ཕྱི་ལོ་ ༡༩༤༥ ལོར་ཉི་ཧོང་གི་ཧི་རོ་ཤི་མ་དང་ན་ག་ས་ཀིའི་གྲོང་ཁྱེར་གྱི་མི་གྲངས་ཁྲི་གཉིས་ཡས་མས་ཤིག་བསད་ནས་ལོ་བརྒྱད་ཅུ་འཁོར་ཞིང་། དེ་མཚུངས་ཀྱི་མི་མང་པོ་ཞིག་མེ་སྐྱོན་དང་འགྱེད་འཕྲོའི་རྐྱེན་གྱིས་གྲོངས་ཡོད། དེང་སྐབས་ཀྱི་རྡུལ་ཕྲན་མཚོན་ཆའི་གཏོར་སྐྱོན་གྱི་ནུས་པ་ནི་དེ་བས་ཀྱང་ཆེ་ཞིང་། དེས་མི་ས་ཡ་མང་པོ་གསོད་ཐུབ་པ་མ་ཟད། གནམ་གཤིས་ལ་ཡང་གཏོར་བརླག་ཚབས་ཆེན་གཏོང་གི་རེད་ལ། རྡུལ་ཕྲན་མཚོན་ཆའི་དམག་འཁྲུག་གིས་ང་ཚོའི་དཔལ་ཡོན་རྩ་མེད་དུ་གཏོང་སྲིད།

ནེ་ཧོན་ཧེ་ཌན་ཡོ་ཚོགས་པས་དཔང་མི་སྟོང་ཕྲག་མང་པོའི་ལོ་རྒྱུས་མཁོ་སྒྲུབ་བྱས་ཏེ། གྲོས་ཆོད་དང་མི་མང་ལ་འབོད་སྐུལ་ཞུས་ཡོད་པ་མ་ཟད། འཛམ་གླིང་ནང་རྡུལ་ཕྲན་མཚོན་ཆའི་བཀག་སྡོམ་བྱེད་དགོས་པའི་ཛ་དྲག་གི་དྲན་སྐུལ་གཏོང་ཆེད། མཉམ་འབྲེལ་རྒྱལ་ཚོགས་དང་ཞི་བདེའི་ཚོགས་འདུ་འདྲ་མིན་ནང་ལོ་རེར་སྐུ་ཚབ་མངགས་གཏོང་གིས་འབོད་སྐུལ་ལས་འགུལ་སྤེལ་ཡོད། ཉིན་ཞིག་རྡུལ་ཕྲན་མཚོན་ཆས་གནོད་སྐྱོན་ཕོག་པའི་ཧེ་བྷ་ཀོ་ཤཱ་ (Hibakusha) ཉི་ཧོང་བ་དག་ང་ཚོའི་མིག་སྔར་ནས་ལོ་རྒྱུས་ཀྱི་དཔང་པོ་ཞིག་ནས་མེད་པར་འགྱུར་སྲིད་ཀྱང་། ཉི་ཧོང་གི་མི་རབས་གསར་པ་ཚོས་དྲན་གསོ་དང་དམ་བཅའ་བརྟན་པོ་བཟུང་ནས་མུ་མཐུད། དཔང་པོའི་བསླབ་བྱ་དང་ཉམས་མྱོང་རྣམས་མདུན་དུ་སྤེལ་བཞིན་ཡོད་ལ། ཁོ་ཚོས་འཛམ་གླིང་གི་མི་རྣམས་ལ་སྐུལ་སློང་དང་སློབ་གསོ་སྤྲོད་ཀྱི་ཡོད། འདི་ལྟར་ཁོ་ཚོས་འགྲོ་བ་མིའི་རིགས་ཀྱི་མ་འོངས་པའི་ཞི་བདེའི་སྔོན་འགྲོའི་ཆ་རྐྱེན་དུ་གྱུར་བའི་རྡུལ་ཕྲན་མཚོན་ཆའི་བཀག་སྡོམ་རྒྱུན་འཛིན་བྱེད་པར་རམ་འདེགས་བྱེད་ཀྱི་ཡོད། ཅེས་བརྗོད་འདུག

སྤྱིར་ཕྱི་ལོ་ ༡༩༠༡ ནས་ད་བར་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐེངས་ ༡༠༥ ལ་སྤྲད་དེ་གཟེངས་རྟགས་ཐོབ་མཁན་གྲངས་ ༡༤༢ བྱུང་ཡོད་པའི་ཁྲོད། ཕྱི་ལོ་ ༢༠༡༧ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་ཨོ་གླིང་གི་རྡུལ་མཚོན་རྩ་མེད་བཟོ་བའི་ཚོགས་པ་ (International Campaign to Abolish Nuclear Weapons-(ICAN)) ཐོབ་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ལོར་ཀོན་གྷོ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་ཞབས་ཌེ་ནི་སི་མུ་ཁི་ཝེ་གྷེ་ (Denis Mukwege) ལགས་དང་ཨ་རབ་ཀྱི་བུད་མེད་འཐབ་རྩོད་པ་ནཱ་ཌི་ཡ་མུ་རཱ་ཌི་( Nadia Murad) ལགས་གཉིས་སུ་ཐོབ།  ཕྱི་ལོ་ ༢༠༡༩ ལོར་ཨེ་ཐེའོ་ཕི་ཡ་རྒྱལ་ཁབ་ཀྱི་སྲིད་བློན་ཨ་བྷི་ཨ་ཧམ་མེ་ཌི་ལི་(Abiy Ahmed Ali ) ལགས་སུ་ཐོབ། ཕྱི་ལོ་ ༢༠༢༠ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་འཆར་འགོད་ལྷན་ཚོགས་ (World Food Programme) ལ་ཐོབ།  ཕྱི་ལོ་ ༢༠༢༡ ལོར་ཧྥི་ལི་ཕི་ཡའི་མཱ་རེ་ཡ་རེ་སཱ་ (Maria Ressa) ལགས་དང་། ཨུ་རུ་སུའི་ཌི་མི་ཊི་རི་ཨན་ཌི་རི་ཡེ་ཝི་ཆི་ (Dmitry Andreyevich Muratov) ལགས་གཉིས་ལ་ཐོབ། ཕྱི་ལོ་ ༢༠༢༢ ལོར་ཨུ་རུ་སུའི་ཨ་ལི་སི་བྷི་ཡ་ལི་ཡ་ཌི་སི་ཁི་(Ales Bialiatski) ལགས་དང་། ཨུ་རུ་སུའི་མེ་མའོ་རེལ་ཚོགས་པ་ (Memorial)། ཡུག་ཁི་རིན་གྱི་ཞི་བདེ་རང་དབང་ལྟེ་གནས་ཁང་ (Center for civil liberties) བཅས་སུ་ཐོབ། དེ་བཞིན་ཕྱི་ལོ་ ༢༠༢༣ ལོའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་དེ་བཙོན་འཇུག་འོག་ཡོད་པའི་ཨི་རན་གྱི་རང་དབང་འཐབ་རྩོད་པ་དང་། བུད་མེད་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ལྕམ་ནཱར་གྷེ་སི་མོ་ཧམ་མཱ་དཱི་ (Narges Mohammadi) ལགས་སུ་ཐོབ་ཡོད་འདུག

འདི་ལོར་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་པའི་ནེ་ཧོན་ཧེ་ཌན་ཡོ་ (Nihon Hidankyo) ཚོགས་པ་ནི། ཕྱི་ལོ་ ༡༩༥༦ ཟླ་ ༨ ཚེས་ ༡༠ ཉིན་ཉི་ཧོང་གི་གྲོང་ཁྱེར་ཧི་རོ་ཤི་མ་དང་། ན་ག་ས་ཀི་གཉིས་ལ་རྡུལ་ཕྲན་མཚོན་ཆས་གནོད་སྐྱོན་ཕོག་པའི་ཧེ་བྷ་ཀོ་ཤཱ་  (Hibakusha) མི་ཁག་ཅིག་གིས་གསར་འཛུགས་བྱས། ཚོགས་པ་དེས་ཉི་ཧོང་སྲིད་གཞུང་ལ་རྡུལ་ཕྲན་མཚོན་ཆས་གནོད་འཚེ་ཕོག་པའི་མི་མང་ལ་རོགས་སྐྱོར་ཇེ་ལེགས་སུ་གཏོང་བར་གནོན་ཤུགས་སྤྲོད་པ་དང་། ཉི་ཧོང་སྲིད་གཞུང་ནས་རྡུལ་ཕྲན་མཚོན་ཆ་རྩ་མེད་གཏོང་ཆེད་རྒྱལ་སྤྱིའི་སྲིད་གཞུང་ཁག་ལ་ཤུགས་རྐྱེན་སྤྲོད་པར་དམིགས་པའི་ཚོགས་པ་ཞིག་རེད། ཚོགས་པ་དེས་རྡུལ་ཕྲན་མཚོན་ཆ་བཀག་སྡོམ་ཡོང་སླད་སློབ་གསོ་དང་། ལས་འགུལ། ཞུ་གཏུགས། གྲོས་ཆོད་དང་མང་ཚོགས་སོགས་ལ་འབོད་སྐུལ་གཏོང་རྒྱུའི་མ་ཚད། མཉམ་འབྲེལ་རྒྱལ་ཚོགས་ཚུད་པའི་རྒྱལ་སྤྱིའི་སྒྲིག་འཛུགས་འདྲ་མིན་ལ་ལོ་རེར་སྐུ་ཚབ་མངགས་ཏེ་འཛམ་གླིང་སྟེང་རྡུལ་ཕྲན་མཚོན་ཆ་བཀག་སྡོམ་དགོས་སྐོར་ལ་གྲོས་མོལ་བྱེད་དུ་འཇུག་གི་ཡོད་འདུག་ལ། ཚོགས་པ་དེ་ཕྱི་ལོ་ ༡༩༨༥ དང་ ༡༩༩༤། ༢༠༡༥ ལོར་སུད་སི་རུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཞི་བདེའི་གཞུང་ལས་ཁང་ (International Peace Bureau) གིས་རྒྱལ་སྤྱིའི་ཞི་བདེའི་ལྟེ་གནས་ཀྱི་འོས་མིར་བདམས་ཐོན་བྱུང་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

ཆུ་ཚོད་ ༢༠ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

ཆུ་ཚོད་ ༢༠ སྔོན་ལ།
Advertisement for App

གསར་འགོད་པའི་ས་མིག

ཆུ་ཚོད་ ༢༢ སྔོན་ལ།
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

ཆུ་ཚོད་ ༢༤ སྔོན་ལ།
Mobile App

བོད་ཀྱི་སློབ་གསོ་སྨྲ་བ་ས་ཡུལ་ཁྲོ་བོ་རྒྱལ་མཚན་ལགས་འདས་གྲོངས་ཕྱིན།

༢༠༢༦/༡༠/༠༣
ཨོ་གླིང་དང་བླངས་བོད་དོན་ཞུ་གཏུག་རུ་ཁག་གི་ལེའུ་རིམ་གསལ་བསྒྲགས།
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་ཐད་མཁས་པའི་གཏམ་བཤད་འཚོགས།

༢༠༢༦/༡༠/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese