མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་དམ་དྲག་འོག་བོད་ནང་གི་དངོས་ཡོད་གནས་སྟངས་ཞུ་གཏུགས་བྱེད་པར་དཀའ་ངལ་འཕྲད་ཀྱིན་འདུག

བོད་ཀྱི་དུས་བབ།
༢༠༢༤/༡༠/༡༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱས་དང་བྱེད་མུས་ཡིན་པར་བརྟེན། བོད་ནང་གི་བོད་མི་ཚོའི་གནས་སྟངས་རྒྱལ་ཚོགས་སོགས་སུ་ཞུ་གཏུགས་བྱེད་པར་ཆོག་མཆན་ཐོབ་ཁག་པོ་ཡིན་པའི་དཀའ་ངལ་འཕྲད་ཀྱིན་ཡོད་འདུག

A Tibetan pilgrim in Lhasa (© Carlos Brum Melo)

ཉེ་ལམ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚན་པའི་དམིགས་བསལ་རྟོག་ཞིབ་པ་མེ་རི་ལོ་ལར་ (Mary Lawlor) ལགས་ཀྱིས་འཛམ་གླིང་ནང་ལ་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་སྲུང་སྐྱོབ་པར་དྲག་གནོན་ཐེབས་པའི་གནས་ཚུལ་མཁོ་སྤྲོད་ཡོང་བའི་གསལ་བསྒྲགས་ཤིག་སྤེལ་འདུག་པ་ལྟར། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཁྲིམས་དོན་ལས་བྱེད་ཕུར་བུ་སྒྲོལ་མ་ལགས་ཀྱིས་བོད་ནང་དུ་རྒྱ་ནག་གཞུང་གི་གནོན་ཤུགས་ཆེན་པོ་ཡོད་པའི་རྐྱེན་གྱིས་མི་སྒེར་དང་ནང་མིའི་ཆོག་མཆན་ཐོབ་ཀྱི་མེད་པར་བརྟེན། མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་གཏུགས་བྱེད་ཁག་པོ་ཡོད་སྐོར་བརྗོད་བྱུང་།

དེ་རིང་འདི་གའི་གསར་འགོད་པས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཁྲིམས་དོན་ལས་བྱེད་ཕུར་བུ་སྒྲོལ་མ་ལགས་སུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་སྲུང་སྐྱོབ་པར་དྲག་གནོན་ཐེབས་པའི་གནད་དོན་མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་གཏུགས་བྱེད་ཐུབ་ཡོད་མེད་དྲིས་པར། ཁོང་མོས། ཉེ་ལམ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པའི་དམིགས་བསལ་རྟོག་ཞིབ་པ་མེ་རི་ལོ་ལར་ལགས་ཀྱིས་གསལ་བསྒྲགས་སྤེལ་བ་མཐོང་སོང་། འོན་ཀྱང་། དེའི་ནང་མཉམ་ཞུགས་བྱེད་ཐུབ་མ་སོང་། རྒྱུ་མཚན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པའམ་ཁོང་གི་ནང་མིའི་ངོས་ནས་མི་དེའི་མིང་བཀོལ་སྤྱོད་བྱ་ཆོག་པའི་ཆོག་མཆན་ངེས་པར་དུ་དགོས་པའི་གསལ་བསྒྲགས་སྤེལ་ཡོད་པར་བརྟེན། རྒྱ་ནག་གིས་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་ནང་མི་དང་སྤུན་མཆེད་སོགས་ལས་ཆོག་མཆན་ཐོབ་དཀའ་བ་མ་ཟད། སྲུང་སྐྱོབ་པའི་ཚེ་སྲོག་ལའང་ཉེན་ཁ་འབྱུང་ཉེན་ཡོད་པ་དང་། དེའི་ནང་མི་སྤུན་གཉེན་སོགས་གང་བྱུང་འཛིན་བཟུང་དང་བཙོན་འཇུག འགྲོ་འདུག་སྤྱོད་གསུམ་ལ་སོ་ལྟ་དང་བུ་ཕྲུག་སློབ་གྲྭར་འགྲོ་མི་ཆོག་པ་སོགས་དམ་དྲག་ཤུགས་ཆེན་བྱས་དང་བྱེད་མུས་ཡིན་པས། གནས་ཚུལ་དེ་དག་མཁོ་སྤྲོད་བྱེད་མི་ཐུབ་པའི་དཀའ་ངལ་འཕྲད་པ་དང་། དམིགས་བསལ་མིང་བཀོལ་སྤྱོད་བྱེད་ཆོག་པའི་ཆོག་མཆན་ངེས་པར་དུ་དགོས་པ་སོགས་ལ་བརྟེན་ནས་ད་ལན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པ་ལ་གནས་ཚུལ་གང་ཡང་ཕུལ་མེད། ཅེས་འགྲེལ་བརྗོད་གནང་བྱུང་།

ད་བར་མཉམ་འབྲེལ་རྒྱལ་ཚོགས་ལ་བོད་ནང་གི་བོད་མིའི་གནས་སྟངས་དང་འབྲེལ་བའི་གནས་ཚུལ་མཁོ་སྤྲོད་ཇི་ཙམ་གནང་ཡོད་མེད་ཐད་ཕུར་བུ་སྒྲོལ་མ་ལགས་ཀྱིས། སྤྱིར་བཏང་ལྟེ་གནས་ཁང་གི་ངོས་ནས་ལོ་ལྟར་མཉམ་འབྲེལ་རྒྱལ་ཚོགས་ལ་དམིགས་བསལ་བརྒྱུད་རིམ་ (Special Procedure) ༤༦ ཡོད་པ་ལྟར། ང་ཚོའི་ལྟེ་གནས་ཁང་གི་ངོས་ནས་ཟླ་རེར་ཛ་དྲག་གི་གནས་ཚུལ་ཆེ་འབྲིང་ཆུང་གསུམ་གང་ཡིན་པ་རྣམས་གལ་ཆེར་བཟུང་སྟེ། མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་གཏུགས་དང་སྙན་གསེང་ཞུ་ཡི་ཡོད། སྐབས་འགར་བོད་ནང་གི་ཆབ་སྲིད་བཙོན་ཟུར་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་གནས་ཚུལ་ཁ་གསལ་དང་ཆ་ཚང་བ་མེད་པའི་རྐྱེན་གྱིས་རྒྱལ་ཚོགས་ལ་གནས་ཚུལ་མཁོ་སྤྲོད་བྱེད་པར་དཀའ་ཁག་ཡོང་གི་འདུག ཕྱི་ལོ་ ༢༠༢༣ ནས་འདི་ལོའི་ཕྱི་ཟླ་ ༡༠ བར་རྒྱ་གཞུང་གིས་བདེན་པའི་འཐབ་རྩོད་པ་མགོན་པོ་སྐྱིད་ལགས་དང་། གླུ་བ་དཔལ་ལྡན་ལགས་སོགས་ཚུད་པའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ ༢༠ ལྷག་འཛིན་བཟུང་བཙོན་འཇུག་བྱས་པའི་གནས་ཚུལ་རྣམས་མཉམ་འབྲེལ་རྒྱལ་ཚོགས་ལ་མཁོ་སྤྲོད་བྱས་ཡོད་ལ། ད་བར་རྒྱ་ནག་གཞུང་གིས་གནད་དོན་དེ་དང་འབྲེལ་ནས་ལན་འདེབས་ཁ་གསལ་སྤྲད་མེད་ཅིང་། ལན་འདེབས་འབྱོར་བ་ཁག་ཅིག་ནང་ཆབ་སྲིད་བཙོན་པ་དེ་འདྲ་མེད་པའི་རྫུན་གཏམ་བཤད་དེ་འཁྱོག་བརྗོད་བྱེད་ཀྱི་འདུག ཅེས་དང་། ལྟེ་གནས་ཁང་གིས་བོད་ནང་ཛ་དྲག་གི་གནས་སྟངས་དེ་གཙིགས་ཆེན་དུ་བཟུང་བའི་ཐོག་ནས། ད་དུང་མུ་མཐུད་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་གནས་ཚུལ་གང་མང་མཁོ་སྒྲུབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་གཏུགས་བྱེད་ཀྱི་ཡིན་སྐོར་སོགས་བརྗོད་བྱུང་།

ཡང་ཕུར་བུ་སྒྲོལ་མ་ལགས་ཀྱིས། དེ་སྔ་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་། དེ་བཞིན་བོད་ཀྱི་སྐད་ཡིག་ཐོབ་ཐང་རྩོད་ལེན་པ། གྲངས་ཉུང་མི་རིགས་དང་ཁོར་ཡུག་སྲུང་སྐྱོབ་པ་སོགས་ཀྱི་གནས་སྟངས་དང་འབྲེལ་ནས་གནས་ཚུལ་མཁོ་སྤྲོད་གནང་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ནས་མི་སྒེར་དང་ཚོགས་པ་སུ་རུང་གིས་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་གནས་སྟངས་དང་འབྲེལ་ནས་གནས་ཚུལ་མཁོ་སྤྲོད་བྱ་རྒྱུའི་སྡིངས་ཆ་ཞིག་བསྐྲུན་ཡོད་པ་ལྟ་བུ་རེད། དེ་ཡང་ལོ་ལྟར་གནད་དོན་ཁག་ཅིག་ལ་དམིགས་ཏེ་གནས་ཚུལ་མཁོ་སྒྲུབ་གང་མང་བྱས་ཏེ། དེ་དང་འབྲེལ་ནས་རྒྱུས་ལོན་གང་མང་གནང་རྗེས། ལན་འདེབས་གང་འབྱོར་བ་རྣམས་གཞུང་འབྲེལ་གྱི་སྤྱི་ཚོགས་དྲ་རྒྱའི་སྟེང་ཁྱབ་སྤེལ་བྱེད་ཀྱི་ཡོད་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།

ཟླ་འདིའི་ཕྱི་ཚེས་ ༩ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་སྲུང་སྐྱོབ་པའི་དམིགས་བསལ་རྟོག་ཞིབ་པ་མེ་རི་ལོ་ལར་ (Mary Lawlor) ལགས་ཀྱིས་སྒེར་གྱི་སྤྱི་ཚོགས་དྲ་རྒྱ་ཨེག་སི་ (X) སྟེང་། འདས་པའི་ལོ་བཅུ་ཕྲག་མང་པོའི་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པས་རྒྱ་ནག་གིས་བོད་ནང་གཏེར་ཁ་སྔོག་འདོན་དང་། ཆུ་རགས་གསར་རྒྱག་སོགས་འཛུགས་སྐྲུན་གྱི་ལས་གཞི་མང་པོ་སྤེལ་ཏེ་བོད་ཀྱི་ཁོར་ཡུག་དང་སྐྱེ་ཁམས་ཁོར་ཡུག་དང་སྲོག་ཆགས་སོགས་ལ་གནོད་འཚེ་གཏོང་གི་ཡོད་པར་བརྟེན། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་མང་པོ་སྤེལ་ཡོད། འདི་ལོའི་མགོ་སྟོད་དུ་རྒྱ་ནག་གཞུང་གིས་འབྲི་ཆུར་ཆུ་རགས་གསར་རྒྱག་བྱས་པའི་རྐྱེན་གྱིས་ཁོར་ཡུག་གཏོར་བཤིག་དང་། དགོན་སྡེ་ཁག་དང་ཁུལ་དེའི་མི་མང་རྣམས་བཙན་གྱིས་ས་གནས་གཞན་དུ་གནས་སྤོར་བཅུག་པ་སོགས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་ཐེར་འདོན་དང་། རྒྱ་ནག་གི་དཔོན་རིགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་རྣམས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་སྐབས་འཛིན་བཟུང་དང་བཙོན་འཇུག་སོགས་བྱས་ཏེ། ཁག་ཅིག་ལ་ལོ་ ༡༠ ལྷག་རིང་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག ཅེས་བཀོད་འདུག

འདི་ལོའི་ཕྱི་ཟླ་ ༩ ཚེས་ ༡༣ ཉིན་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་སྲུང་སྐྱོབ་པའི་དམིགས་བསལ་རྟོག་ཞིབ་པ་མེ་རི་ལགས་ཀྱིས་གསལ་བསྒྲགས་སྤེལ་བའི་ནང་། ཟླ་འདིའི་ཕྱི་ཚེས་ ༣༡ བར་བཀག་རྒྱ་ཆེ་བའི་ས་ཁུལ་དུ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པར་དྲག་གནོན་ཐེབས་པའི་གནས་ཚུལ་མཁོ་སྤྲོད་ཡོང་བའི་གསལ་བསྒྲགས་སྤེལ་ཡོད་འདུག་ལ། ཕྱི་ལོ་ ༢༠༢༥ ཟླ་ ༣ པའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༨ པའི་ནང་སྙན་ཐོ་འདོན་སྤེལ་བྱ་རྒྱུ་ཡིན་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༢༤ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese