མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་ཞི་འགྲིག་ཡོང་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༢༤/༡༠/༢༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེས་རྒྱ་དཀར་ནག་གཉིས་ཀྱིས་ལ་དྭགས་ཤར་ཁུལ་གྱི་ས་མཚམས་སུ་མཐའ་སྲུང་དམག་མི་འགྲེམས་འཇོག་གིས་སྐོར་སྲུང་བྱ་རྒྱུའི་ཐད་མོས་མཐུན་བྱུང་ཡོད་སྐོར་བསྒྲགས་འདུག

Foreign secretary Vikram Misri on India-China border row. (PTI)

དེ་རིང་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པའི་ནང་། རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་མི་སི་རི་ (Vikram Misri) ལགས་ཀྱིས་གསར་འགོད་གསལ་བསྒྲགས་སྟེང་། ཉེ་ལམ་རྒྱ་གར་དང་རྒྱ་ནག་གཉིས་ཀྱིས་ཧིན་བོད་ས་མཚམས་རྩོད་རྙོག་དང་འབྲེལ་ནས་གླེང་སློང་ཐེངས་མང་བྱས་རྗེས། རྒྱལ་ཁབ་གཉིས་ཀས་ལ་དྭགས་ཤར་ཕྱོགས་ཁུལ་གྱི་ས་མཚམས་སུ་དམག་མི་སྐོར་སྲུང་བྱེད་ཕྱོགས་ཐད་ལ་མོས་མཐུན་བྱུང་བ་མ་ཟད། དེའི་རྐྱེན་གྱིས་ཕྱི་ལོ་ ༢༠༢༠ ནས་རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་དང་འབྲེལ་བའི་གནད་དོན་དེ་དག་ཞི་འགྲིག་བྱུང་ཡོད། ཅེས་སོགས་བརྗོད་འདུག

དེ་འབྲེལ་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་རྗེ་ཤང་ཀཱར་ (Jaishankar) ལགས་ཀྱིས། ཕྱི་ལོ་ ༢༠༢༠ ཟླ་ ༩ པ་ནས་བཟུང་རྒྱ་གར་དང་རྒྱ་ནག་གཉིས་དབར་ས་མཚམས་རྩོད་རྙོག་སྐོར་ལ་གྲོས་མོལ་ཐེངས་མང་བྱས་པར་བརྟེན། ཕྱོགས་གཉིས་ནས་ས་མཚམས་ཁུལ་དུ་ཞི་བདེ་བརྟན་རླིང་དང་འགྲིག་འཇགས་ཡོང་རྒྱུའི་ཐག་གཅོད་བྱས་ཡོད་པ་ལྟར། ད་ལྟའི་ཆར་རྒྱ་དཀར་ནག་གཉིས་ཀས་ལ་དྭགས་ཀྱི་ས་མཚམས་ཁུལ་དུ་མཐའ་སྲུང་དམག་མི་འཇོག་རྒྱུའི་ཐད་མོས་མཐུན་བྱུང་ཡོད་པ་ནི་དོན་འབྲས་བཟང་པོ་ཞིག་ཡིན་པ་མ་ཟད། ས་མཚམས་ཁུལ་དུ་ཞི་འཇམ་ཡོང་རྒྱུའི་གཞི་རྩ་ཞིག་བསྐྲུན་ཡོད། ཅེས་བརྗོད་འདུག

འདི་ལོའི་ཕྱི་ཟླ་ ༨ པའི་ནང་། འདས་པའི་ལོ་ངོ་བཞིའི་རིང་རྒྱ་གར་དང་རྒྱ་ནག་གཉིས་ཀྱིས་ས་མཚམས་དཀའ་རྙོག་སྐོར་ལ་གྲོས་མོལ་བྱས་ཏེ། ཕྱོགས་གཉིས་ནས་གནད་ཡོད་མི་སྣ་དང་དམག་དོན་དང་འབྲེལ་ནས་གྲོས་མོལ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་མུ་མཐུད་བྱ་རྒྱུའི་ཐག་གཅོད་དང་། རྩོད་རྙོག་ཞི་འགྲིག་དང་ས་མཚམས་སུ་ཞི་བདེ་བསྐྲུན་རྒྱུའི་མོས་མཐུན་བྱུང་ཡོད་པ་ལྟར། ཕྱི་ཟླ་ ༩ ཚེས་ ༡༣ ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས། རྒྱ་ནག་གིས་གྷལ་ཝན་ལུང་གཞུང་ཚུད་པའི་ལ་དྭགས་ཤར་ཕྱོགས་ཁུལ་གྱི་ས་མཚམས་ཁག་བཞིའི་ནང་ཡོད་པའི་དམག་དཔུང་ཕྱིར་འཐེན་བྱས་ཡོད་ཚུལ་བསྒྲགས་པ་དང་། རྒྱ་དཀར་ནག་གཉིས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་ཡོང་རྒྱུའི་ཐད་མཉམ་ལས་བྱ་རྒྱུའི་ཐག་གཅོད་བྱས་ཡོད་ཚུལ་སོགས་བརྗོད་འདུག

ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༥ ཉིན་བོད་དང་རྒྱ་གར་གྱི་ས་མཚམས་སུ་ཁེལ་བའི་གྷལ་ཝན་ལུང་གཞུང་དུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་བར་དྲག་པོའི་འཁྲུག་འཛིང་ཤོར་ཏེ། རྒྱ་གར་གྱི་མཐའ་སྲུང་དམག་མི་ ༢༠ དང་ཉུང་མཐར་རྒྱ་ནག་གི་མཐའ་སྲུང་དམག་མི་ ༤ ཡི་ཚེ་སྲོག་ཤོར་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད། སྐབས་ཐོག་དེར་རྒྱ་ནག་ཕྱོགས་ནས་ཤི་རྨས་ཀྱི་གྲངས་འབོར་གསང་བ་བྱས་ཡོད་ཀྱང་ཕྱིས་སུ་རྒྱ་དམག་ཀྱང་གང་ཙམ་ཤི་རྨས་བྱུང་ཡོད་པའི་གནས་ཚུལ་ཐོན་ཡོད་ཀྱང་། རྒྱ་ནག་གཞུང་ཕྱོགས་ནས་གནས་ཚུལ་དེ་རིགས་རྫུན་མ་ཡིན་སྐོར་བརྗོད་ནས་ཕྱིར་བསྒྲགས་བྱས་མེད་པ་རེད། དེ་དང་འབྲེལ་ནས་རྒྱ་གར་གྱིས་རྒྱ་ནག་གི་ཁ་པར་མཉེན་ཆས་མང་པོ་བཀག་འགོག་དང་། རྒྱ་ནག་གི་ཚོང་ཟོག་བཙོང་མཚམས་འཇོག་པ། རྒྱ་ནག་གི་རྒྱ་གར་ནང་ཡོད་པའི་སྤྱི་གཉེར་ཁང་སོགས་རྒྱ་གར་གྱི་གཞུང་ལམ་དང་འཛུགས་སྐྲུན་ཆེ་ཁག་གི་ནང་དུ་ཞུགས་མི་ཆོག་པ་སོགས་ཀྱི་ལས་འགུལ་རིམ་པར་སྤེལ་ཡོད་པ་མ་ཟད། རྒྱ་དཀར་ནག་གི་གདོང་ཐུག་དང་འབྲེལ་ནས་རྒྱ་གར་ནང་བོད་དོན་གླེང་སློང་དང་རྒྱ་གར་གྱིས་རྒྱ་ནག་གཅིག་གི་སྲིད་ཇུས་རྩིས་མེད་གཏོང་དགོས་པའི་བསམ་ཚུལ་ཤུགས་ཆེན་ཡོང་ཡོད་འདུག་ལ། ཕྱོགས་གཉིས་བར་ཐེངས་མང་པོར་གྲོས་མོལ་བྱས་ཡོད་ཀྱང་དོན་འབྲས་དེ་ཙམ་ཐོན་མེད་པར་བརྟེན། དམར་འཛིང་དེ་བྱུང་བ་ནས་བཟུང་བསྐྱར་དུ་རྒྱ་དཀར་ནག་གཉིས་བར་འཁོན་འཛིན་ཆེ་རུ་ཕྱིན་ཡོད་པ་མ་ཟད། ཕྱོགས་གཉིས་ནས་མཐའ་མཚམས་བརྟན་སྲུང་ཆེད་གཞུང་ལམ་དང་དམག་དོན་ལྟེ་གནས་སྔར་ལས་མང་པོ་འཛུགས་སྐྲུན་བྱས་ཏེ་དམག་དོན་ནུས་པ་གོང་སྤེལ་དུ་གཏོང་བཞིན་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

ཆུ་ཚོད་ ༢༠ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

༢༠༢༦/༠༣/༢༨
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

༢༠༢༦/༠༣/༢༨
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

༢༠༢༦/༠༣/༢༨
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

༢༠༢༦/༠༣/༢༨
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧

མཆན། 1

  1. པདྨ། says:
    ལོ་ 1 སྔོན།

    རྩྱ་དཀར་ནག་གཉིས་ཞི་བའི་གྲོས་མཐུན་བཞག་པའི་དོན་ཚན་གཅིག་ཀྱང་ལབ་མེད་པ་དེར་དོགས་པ་དང་སེམས་ཁྲལ་འདུག་ཨང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese