མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་ལུས་རྩལ་པ་གཉིས་ལ་གསེར་གྱི་རྟགས་མ་ཐོབ།

བོད་ཀྱི་དུས་བབ།
༢༠༢༤/༡༠/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༢༤ ལོའི་རྒྱ་ནག་རྒྱལ་ཡོངས་འགྲན་རྒྱུག་ཁྲོད་བོད་ཀྱི་ལུས་རྩལ་པ་ཚེ་རིང་མཚོ་མོ་དང་གཡང་འཛིན་ལྷ་མོ་གཉིས་ལ་གསེར་གྱི་རྟགས་མ་ཐོབ་འདུག

དྲ་ལམ་གྱི་པར།

ཉེ་ལམ་རྒྱ་ནག་ཨན་ཧེ་ཞིང་ཆེན་ཧོང་ཧྲན་གྲོང་ཁྱེར་དུ། ཕྱི་ལོ་ ༢༠༢༤ ལོའི་རྒྱ་ནག་རྒྱལ་ཡོངས་ཀྱི་ས་ཚིགས་དང་པོའི་མུ་འབྲེལ་རྒྱང་རྒྱུག་འགྲན་ཚོགས་བསྡུས་ཡོད་ཅིང་། ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ཐོག་རྒྱ་ནག་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ཁག་ནས་ཡོང་བའི་ལུས་རྩལ་པ་ ༡༧༨ མཉམ་ཞུགས་བྱས་ཡོད་པའི་ཁྲོད། བོད་པའི་ལུས་རྩལ་པ་ཚེ་རིང་མཚོ་མོར་བུད་མེད་ཚོགས་ཆུང་གི་སྤྱི་ལེ་བཅུའི་འགྲན་རྒྱུག་ནང་གསེར་གྱི་རྟགས་མ་ཐོབ་ཡོད་པ་དང་། ལུས་རྩལ་པ་བཀྲ་ཤིས་རྡོ་རྗེ་དང་བཀྲ་ཤིས་ཚེ་རིང་གཉིས་ལ་སྐྱེས་པའི་ཚོགས་ཆུང་གི་སྤྱི་ལེ་བཅུའི་འགྲན་རྒྱུག་ཁྲོད་ཨང་བདུན་པ་དང་བརྒྱད་པ་ཐོབ་ཡོད་འདུག

དེ་བཞིན་ཁྲང་ཧྲ་འགྲན་ཁུལ་གྱི་ས་ཚིགས་བཞི་པའི་ལམ་ཕྱེད་རྒྱང་རྒྱུག་འགྲན་སྡུར་ནང་རྒྱ་ནག་རྒྱལ་ཡོངས་ཀྱི་ལུས་རྩལ་ ༤༨ འགྲན་ཞུགས་བྱས་ཡོད་པའི་ཁྲོད། བུད་མེད་ཚོགས་ཆུང་གི་འགྲན་སྡུར་ནང་བོད་པའི་ལུས་རྩལ་པ་གཡང་འཛིན་ལྷ་མོས་ཆུ་ཚོད་ ༡ དང་། སྐར་མ་ ༡༧། སྐར་ཆ་ ༢༦ ། གྱི་གྲུབ་འབྲས་བླངས་ཏེ་གསེར་གྱི་རྟགས་མ་ཐོབ་ཡོད་པ་དང་། དོན་གྲུབ་ཚེ་རིང་ལ་སྐྱེས་པའི་ཚོགས་ཆུང་གི་ཨང་གཉིས་པ། བཀྲ་ཤིས་ཆོས་སྐྱིད་ལ་བུད་མེད་ཚོགས་ཆུང་གི་ཨང་ལྔ་པ་བཅས་ཐོབ་ཡོད་འདུག

ད་ལན་གྱི་གསེར་གྱི་རྟགས་མ་འདི་ནི་བོད་ཀྱི་རྒྱུག་རྩལ་བ་ཚེ་རིང་མཚོ་མོ་ལགས་ལ་འདི་ལོར་གསེར་གྱི་གཟེངས་རྟགས་ཐོབ་པ་ཐེངས་གསུམ་པ་དེ་ཡིན་པ་རེད། ཕྱི་ཟླ་ ༩ ཚེས་ ༢༢ ཉིན་རྒྱ་ནག་ཧོ་པེ་ཞིང་ཆེན་ཧིང་ཧྲུས་གྲོང་ཁྱེར་དུ། ཕྱི་ལོ་ ༢༠༢༤ ལོའི་རྒྱ་ནག་རྒྱལ་ཡོངས་ཀྱི་ས་ཚིགས་གཉིས་པའི་རྒྱང་རྒྱུག་འགྲན་སྡུར་ཁྲོད། ཚེ་རིང་མཚོ་མོས་ཆུ་ཚོད་ ༢ དང་། སྐར་མ་ ༢༦། སྐར་ཆ་ ༤༧ ། གྱི་གྲུབ་འབྲས་བླངས་ཏེ་གསེར་གྱི་རྟགས་མ་ཐོབ་ཡོད་པ་དང་།  དེ་ནི་རྒྱ་ནག་རྒྱལ་ཡོངས་བུད་མེད་རུ་ཁག་འགྲན་སྡུར་གྱི་ཟིན་ཐོ་གསར་བ་བཏོད་ཡོད་འདུག

དེ་བཞིན་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༢༨ ནས་ ༣༠ ཉིན་གྲངས་གསུམ་རིང་རྒྱ་ནག་ཧྲན་ཏུང་ཞིང་ཆེན་རི་ཀྲའོ་གྲོང་ཁྱེར་དུ། ཕྱི་ལོ་ ༢༠༢༤ ལོའི་རྒྱ་ནག་རྒྱལ་ཡོངས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་རྟིང་རྩོད་འགྲན་སྡུར་ཁྲོད། རྒྱ་ནག་རྒྱལ་ཡོངས་ཀྱི་ལུས་རྩལ་པ་གྲངས་ ༩༠༠ ལྷག་གིས་འགྲན་སྡུར་བྱས་ཡོད་པའི་ཁྲོད།  བོད་ཀྱི་ལུས་རྩལ་པ་ཚེ་རིང་མཚོ་མོས་བུད་མེད་ཀྱི་འགྲན་རྒྱུག་སྨི་ ༥༠༠༠ ལས་སྐར་མ་ ༡༥ དང་སྐར་ཆ་ ༣༨ ། གྲངས་ཆུང་ ༧༢ ཀྱི་གྲུབ་འབྲས་བླངས་ཏེ་གསེར་གྱི་རྟགས་མ་ཐོབ་ཡོད་འདུག

ཕྱི་ཟླ་ ༤ ཚེས་ ༡༣ ཉིན་ནས་ཉིན་གཉིས་རིང་རྒྱ་ནག་ཀྲེ་ཅང་ཧང་ཀྲོའུ་གྲོང་ཁྱེར་དུ། རྒྱ་ནག་རྒྱལ་ཡོངས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་བྱ་དགའ་ཆེན་མོའི་འགྲན་སྡུར་ནང་།  རྒྱ་ནག་གི་ཞིང་ཆེན་དང་གྲོང་ཁྱེར་ ༣༡ ནས་ཡོང་བའི་ཆེད་ལས་ལུས་རྩལ་པ་ ༡༠༠༠ ལྷག་འགྲན་ཞུགས་བྱས་ཡོད་པའི་ཁྲོད། བོད་རང་སྐྱོང་ལྗོངས་ཟེར་བ་ནས་ལུས་རྩལ་པ་ ༡༩ འགྲན་ཞུགས་ཡོད་ཅིང་། སྐབས་དེར་བོད་ཀྱི་ལུས་རྩལ་པ་ཚེ་རིང་མཚོ་མོས་བུད་མེད་ཀྱི་སྨི་ ༡༠༠༠༠ གི་འགྲན་སྡུར་ནང་སྐར་མ་༣༢ དང་སྐར་ཆ་ ༤༥ ། གྲངས་ཆུང་ ༤༩ གྲུབ་འབྲས་བླངས་ཏེ་ཨང་གཉིས་པ་ཐོབ་ཡོད་འདུག

བོད་ཀྱི་ལུས་རྩལ་པ་ཚེ་རིང་མཚོ་མོ་ནི་ཕྱི་ལོ་ ༡༩༩༧ ལོར་བོད་གཞིས་ཀ་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་དུ་སྐྱེས་ཡོད་ཅིང་། ཕྱི་ལོ་ ༢༠༡༡ ལོར་བོད་རང་སྐྱོང་ལྗོངས་ཟེར་བའི་ལུས་རྩལ་ལག་རྩལ་སློབ་གླིང་གི་རྒྱང་རྒྱུག་འབྲིང་བའི་སྡེ་ཁག་ནས་སྦྱོང་བརྡར་བྱས་ཏེ། ཁུལ་དེའི་འབྲིང་རྒྱུག་རུ་ཁག་གི་རྐང་འཛིན་པ་དང་བུད་མེད་རུ་ཁག་གི་རུ་དཔོན་གྱི་འགན་འཁུར་ཡོད་ཅིང་། བུད་མེད་རྒྱང་རྒྱུག་སྨི་ ༥༠༠༠ དང་སྨི་ ༡༠༠༠༠ ཡི་ཟིན་ཐོ་འཁོད་འདུག ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་རྒྱལ་ཡོངས་མཆོང་རྒྱུག་འཕེན་གསུམ་གྱི་བུད་མེད་ཀྱི་རྒྱང་རྒྱུག་སྨི་ ༥༠༠༠ གི་འགྲན་སྡུར་ནང་སྐར་མ་ ༡༦ དང་སྐར་ཆ་ ༣༦ ། གྲངས་ཆུང་ ༨༣ གྲུབ་འབྲས་བླངས་ཏེ་རྒྱལ་ཁ་ཐོབ་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

ང་ཚོས་ད་ལྟ་སུ་ཡི་ལོ་རྒྱུས་ཉར་ཚགས་བྱེད་བཞིན་ཡོད།

ཆུ་ཚོད་ ༢༡ སྔོན་ལ།
རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese