མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་དྲ་ཐོག་ཐ་སྙད་བཀོལ་སྤྱོད་བྱེད་སྟངས་ལ་དམ་དྲག་བྱེད་མུས་ཡིན་པར་སེམས་འཚབ་བསྟན།

བོད་ཀྱི་དུས་བབ།
༢༠༢༤/༡༠/༢༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་པེན་རྩོམ་པ་པོ་མཐུན་ཚོགས་ནས་རྒྱ་ནག་གིས་དྲ་ཐོག་ཐ་སྙད་བཀོལ་སྤྱོད་བྱེད་སྟངས་ལ་དམ་དྲག་བྱེད་མུས་ཡིན་པར་སེམས་འཚབ་བསྟན།

‘He Xie’ (River Crabs) by Ai Weiwei. Image credit Ross Holder.

ཁ་སང་ཕྱི་ཚེས་ ༢༤ ཉིན་རྒྱལ་སྤྱིའི་པེན་རྩོམ་པ་པོ་མཐུན་ཚོགས་ (PEN International) ནས་རྒྱ་ནག་གིས་དྲ་ཐོག་ནས་ཐ་སྙད་བེད་སྤྱོད་གཏོང་སྟངས་ཐད་དམ་དྲག་བྱེད་བཞིན་པར་སེམས་འཚབ་ཡོད་པའི་སྙན་ཐོ་ཞིག་བཏོན་པའི་ནང་། ཉེ་ལམ་རྒྱ་ནག་གཞུང་གིས་དྲ་ཐོག་སྐད་ཡིག་བཀོལ་སྤྱོད་ཚད་ལྡན་བཟོ་རྒྱུའི་ལས་འགུལ་གསར་པ་ཞིག་སྤེལ་ཡོད་པ་དེས་དྲ་ཐོག་གི་ཚིག་དང་ཚིག་གྲུབ་ལ་ཞིབ་བཤེར་ཤུགས་ཆེན་བྱས་ཏེ། དྲ་ཐོག་ཏུ་ཐ་སྙད་བཀོལ་སྤྱོད་བྱེད་སྟངས་ཐད་སྔར་ལྷག་གིས་དམ་དྲག་བྱས་ཏེ་སྨྲ་བརྗོད་རང་དབང་དང་བསམ་བློའི་རང་དབང་ལ་དྲག་གནོན་བྱེད་ཀྱིན་ཡོད་པའི་སེམས་འཚབ་བསྟན་པ་མ་ཟད། རྒྱ་ནག་གཞུང་གིས་མང་ཚོགས་ཀྱི་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ལ་བརྩི་བཀུར་བྱ་དགོས་པ་དང་། དྲ་ཐོག་གི་བསམ་ཚུལ་མི་མཐུན་པ་རྣམས་ལ་བཀག་སྡོམ་བྱེད་པའི་ཐབས་ལམ་ལག་བསྟར་བྱེད་བཞིན་པ་དེ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས་འདུག

དེ་འབྲེལ་རྒྱལ་སྤྱིའི་པེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཡིག་སྒྱུར་དང་སྐད་ཡིག་གི་ཐོབ་ཐང་ཚན་པའི་འགན་འཛིན་ཨུར་ཛི་ (Urtzi Urrutikoetxea) ལགས་ཀྱིས། རྒྱ་ནག་གཞུང་གིས་དྲ་ཐོག་ནས་སྐད་ཡིག་དང་ཐ་སྙད་བཀོལ་སྤྱོད་བྱེད་སྟངས་ཐོག་ཚོད་འཛིན་དང་དམ་དྲག་བྱས་ཏེ། དྲ་ཐོག་གི་གཏམ་གླེང་ལ་སྟངས་འཛིན་བྱེད་པའི་ཐབས་ལམ་གསར་པ་དེས་སྨྲ་བརྗོད་རང་དབང་ལ་གནོད་སྐྱོན་བཟོ་བ་དང་། རྒྱ་ནག་གི་སྐད་ཡིག་ལ་ཉེན་ཁ་བཟོ་ཡི་ཡོད། དེ་ཡང་རྩོམ་པ་པོ་ཨོར་ཝལ་ (Orwell) གྱིས་ ༡༩༨༤ ཞེས་པའི་སྒྲུང་གཏམ་ནང་། སྐད་ཡིག་ཉུང་དུ་བཏང་ནས་སྟངས་འཛིན་ཆེ་རུ་གཏོང་ཐབས་བྱེད་པ་དེས་ང་ཚོའི་བསམ་བློ་གསར་པ་སྐྱེད་སྲིང་དང་བསམ་བློ་གསར་པ་བརྗོད་པའི་ནུས་པར་ཉེན་ཁ་བཟོ་ཡི་ཡོད། འཛམ་གླིང་གནམ་གཤིས་འགྱུར་ལྡོག་དང་མིས་བཟོས་རིག་ནུས་ལྟ་བུའི་དཀའ་ངལ་ལ་གདོང་ལེན་བྱེད་པར་བསམ་བློ་གསར་གཏོད་དང་། བསམ་ཚུལ་བརྗེ་རེས་བྱ་རྒྱུ་དེ་གལ་ཆེན་པོ་ཡིན་པའི་དུས་སྐབས་སུ། སྐད་ཡིག་བེད་སྤྱོད་བྱེད་སྟངས་ལ་ཚད་བཀག་བཟོས་ཚེ། རྒྱ་ནག་སྤྱི་ཚོགས་ལ་སྔོན་དཔག་བྱེད་ཐབས་བྲལ་བའི་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་སྲིད་པ་རེད། ཅེས་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་རྒྱ་གཞུང་གིས་དྲ་རྒྱའི་འཛིན་སྐྱོང་དང་ཤེས་རིག་ལྷན་ཁང་གཉིས་མཉམ་འབྲེལ་ཐོག་དྲ་ཐོག་ཏུ་དྲ་རྒྱ་སྤྱོད་མཁན་རྣམས་ཀྱིས་རྒྱ་གཞུང་གི་བཀག་སྡོམ་ལས་གཡོལ་ཆེད་བེད་སྤྱོད་བྱེད་བཞིན་པའི་ཐ་སྙད་དང་། གབ་ཚིག གསང་ཚིག་བཅས་བེད་སྤྱོད་བྱེད་བཞིན་པར་དམ་དྲག་བྱ་རྒྱུའི་འཆར་གཞི་ཡོད་ཅིང། དེ་ནི་རྒྱ་གཞུང་དྲ་རྒྱའི་འཛིན་སྐྱོང་ཁང་གི་དུས་མཚམས་སུ་གཙང་གསལ་ཟེར་བའི་ལས་འགུལ་སྤེལ་བཞིན་པའི་ཆ་ཤས་ཤིག་རེད་ལ།  དྲ་ཐོག་གི་གལ་གནད་དང་རྩོད་གཞི་ཅན་གྱི་གནས་ཚུལ་ལ་ཁ་གཏད་གཅོག་པའི་ཆེད་དུ་རེད།  ཉེ་བའི་འདི་དག་གི་རིང་ལ་རྒྱ་གཞུང་གིས་བརྒྱུད་ལམ་ཁག་ཏུ་གབ་ཚིག་བཤད་པར་བཀག་སྡོམ་བྱས་དང་བྱེད་མུས་ཡིན་པ་རེད།

རྒྱ་གཞུང་གིས་དྲ་རྒྱ་བཀག་སྡོམ་ཆེད་མེ་འགོག་ཆེན་མོའི་སྲིད་ཇུས་ (Great Firewall) ལག་བསྟར་བྱེད་མགོ་བརྩམས་པ་ནས། རྒྱ་ནག་ནང་དྲ་རྒྱ་སྤྱོད་མཁན་རྣམས་ཀྱིས་ཆབ་སྲིད་ཀྱི་ཚོར་བ་ཡོད་པའི་ཐ་སྙད་ཞིག་བེད་སྤྱོད་བྱེད་པར་རྒྱ་གཞུང་གི་བཀག་སྡོམ་དང་མཉམ་དུ་ཞི་མི་དང་ཙི་ཙིའི་སྒྲུང་ལྟར་འཐབ་རྩོད་རྒྱུན་རིང་བྱས་ཡོད། ཐ་སྙད་རིགས་གཅིག་ནི་རྒྱུན་རིང་པོ་བཀག་སྡོམ་བྱས་ཡོད། དཔེར་ན་ཆབ་སྲིད་ཀྱི་དོན་རྐྱེན་གལ་ཆེན་བྱུང་བ་དང་། དུས་རྒྱུན་ཆབ་སྲིད་ཀྱི་ཚོར་བ་སློང་བའི་མི་སྣ་དང་བརྗོད་གཞི་བཅས་བཀག་སྡོམ་བྱེད་ཀྱི་ཡོད།  ལོ་འགའ་ཤས་ནང་དུ་བཀག་སྡོམ་བྱས་པའི་ཐ་སྙད་ཁྲོད་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་རྩོམ་པ་པོ་ལིའུ་ཞའོ་པོ་(刘晓波)བཙོན་ཁང་དུ་འདས་གྲོངས་སུ་གྱུར་བའི་རྗེས་སུ་ཁོང་གི་མཚན་དང་། གཞན་ཡང་ཕྱི་ལོ་ ༢༠༡༣ དང་ ༢༠༡༧ ལོར་སྒྲུང་གཏམ་ནང་གི་མི་སྣ་ཝི་ནི་ཞོང་(维尼熊) གཉིས་ནི་དྲ་རྒྱའི་ནང་སྲིད་འཛིན་ཞི་ཅིན་ཕིན་ལ་འཕྱ་སྨོད་བྱེད་པའི་བརྡ་ཆད་དུ་གྱུར་ཡོད།  རྒྱ་གཞུང་གིས་དྲ་རྒྱའི་བཀག་སྡོམ་ཤུགས་ཆེན་བྱས་པ་དང་བསྟུན་ནས། རྒྱ་ནག་ནང་དྲ་རྒྱ་སྤྱོད་མཁན་རྣམས་ཀྱིས་རྒྱ་མིའི་རིག་གཞུང་དང་སྲོལ་རྒྱུན་ཁྲོད་ཀྱི་སྐད་ཡིག་དང་ཚིག་རྩལ་གྱི་ཐབས་ལམ་གསར་བ་བེད་སྤྱོད་བྱས་ཡོད་པ་མ་ཟད། བཀག་སྡོམ་བྱས་པའི་ཐ་སྙད་དང་བརྗོད་པ་དེའི་ཚབ་ཏུ་སྒྲ་གདངས་གཅིག་པའི་གབ་ཚིག་བེད་སྤྱོད་བྱེད་བཞིན་ཡོད་པ་རེད།

དྲ་ཐོག་གི་ཐ་སྙད་བཀོལ་སྤྱོད་བྱེད་སྟངས་ཐད་བཀག་སྡོམ་དང་ཞིབ་བཤེར་ཤུགས་ཆེན་བྱེད་བཞིན་ཡོད་པར་བརྟེན། རྒྱ་ནག་ནང་གི་སྤྱི་ཚོགས་དྲ་རྒྱ་བེད་སྤྱོད་བྱེད་མཁན་རྣམས་ཀྱིས་དེ་སྔ་ནས་དར་ཁྱབ་ཆེ་བའི་རྒྱ་ནག་གི་རིག་གཞུང་དང་། སྐད་ཡིག་དང་ཚིག་རྒྱན་གསར་གཏོད་སོགས་ལ་བརྟེན་ནས་བཀག་སྡོམ་བྱས་པའི་ཚིག་དང་ཚིག་གྲུབ་ཀྱི་ནང་དུ་ཡོད་པའི་ཡི་གེ་རྣམས་སྒྲ་གདངས་གཅིག་པའམ། དེ་དང་འདྲ་བའི་ཡི་གེ་གཞན་གྱིས་བརྗེ་སྒྱུར་བྱས་ཏེ་རྒྱ་གཞུང་གི་བཀག་སྡོམ་ལ་གཡོལ་ཐབས་བྱེད་ཀྱི་ཡོད་འདུག

ཕྱི་ལོ་ ༢༠༠༤ ལོར་རྒྱ་གཞུང་གིས་རྒྱ་ནག་ནང་བརྟན་ལྷིང་མིན་པའི་སྤྱི་ཚོགས་ཀྱི་གནད་དོན་ཁག་བཀག་སྡོམ་བྱེད་ཐབས་སུ། སྤྱི་ཚོགས་འཆམ་མཐུན་ (和谐社会) ཞེས་པའི་འབོད་ཚིག་ཅིག་སྲིད་ཇུས་ཀྱི་ཆ་ཤས་སུ་གཏན་འབེབས་བྱས་ཤིང་། ཕྱིས་སུ་འབོད་ཚིག་དེ་རྒྱ་ནག་མི་མང་གི་བསམ་ཚུལ་དང་ལངས་ཕྱོགས་སོགས་བཀག་སྡོམ་བྱེད་པའི་ཚབ་མཚོན་གྱི་ཚིག་ལྟ་བུ་ཆགས། དེ་ལ་བརྟེན་ནས། རྒྱ་ནག་གི་མི་མང་པོས་དྲ་རྒྱའི་ཁོར་ཡུག་བཀག་སྡོམ་དང་འབྲེལ་བའི་གནས་ཚུལ་གླེང་སློང་བྱེད་སྐབས། དྲ་ལམ་ཁག་ཏུ་མངོན་གསལ་ཆེ་ཤོས་བེད་སྤྱོད་བྱེད་བཞིན་པའི་ཚིག་གཅིག་ནི་སྡིག་སྲིན་ (河蟹) ཞེས་པའི་ཚིག་དེ་ཡིན་ཞིང་། སྡིག་སྲིན་ཞེས་པའི་ཚིག་དེ་ནི་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་ཚིག་སྤྱི་ཚོགས་འཆམ་མཐུན་ (和谐社会)  ལས་འཆམ་མཐུན་ (和谐) ཞེས་པ་དང་ནང་དོན་མི་འདྲ་ཡང་སྒྲ་གདངས་གཅིག་མཚུངས་ཡིན་པས་བེད་སྤྱོད་གཏོང་གི་ཡོད་པ་རེད།

སྤྱི་ཚོགས་དྲ་རྒྱ་སྤྱོད་མཁན་ཚོས་དྲ་ལམ་ཁག་ཏུ་གབ་ཚིག་རིགས་བེད་སྤྱོད་བྱས་པ་དེས་ཁོང་ཚོར་སྨྲ་བརྗོད་རང་དབང་དང་བསམ་བློའི་རང་དབང་ལོངས་སུ་སྤྱོད་འདོད་ཡོད་པ་མཚོན་པ་མ་ཟད། རྒྱ་ནག་གཞུང་གིས་དྲ་རྒྱའི་རང་དབང་ལ་དམ་དྲག་དང་བཀག་སྡོམ་ཤུགས་ཆེན་བྱེད་ཀྱིན་ཡོད་པའང་མཚོན་གྱི་ཡོད། རྒྱ་ནག་ནང་གི་དྲ་ཐོག་དཔྱད་བརྗོད་པ་ཁག་ཅིག་གིས། ཞི་ཅིན་ཕིན་གྱི་སྲིད་དབང་འོག་དྲ་ཐོག་ནས་སྐད་ཡིག་བེད་སྤྱོད་བྱེད་པར་དམ་དྲག་ཇེ་ཆེར་གཏོང་བ་དེ་ལ་རྩོམ་རིག་གི་ཞིབ་དཔྱོད་གསར་པ་ (new literary inquisition) ཞེས་བཏགས་ཡོད་ལ། དེ་ནི་རྒྱ་གཞུང་གིས་བསམ་བློའི་ཐོག་ནས་དབང་སྒྱུར་བྱེད་དེ། རྒྱ་ནག་དང་ལྟ་སྤྱོད་མི་མཐུན་པ་རྣམས་བཀག་སྡོམ་བྱེད་ཐབས་སུ་དྲག་གནོན་བྱེད་བཞིན་པ་ཞིག་ལ་གོ་ཡི་ཡོད་སྐོར་རྗོད་ཀྱིན་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་ (Geneva Forum 2026) ཀྱི་མཇུག་སྡོམ་མཛད་སྒོ་སྐབས། པར་བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས། ༢༠༢༦།༢།༡༠
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་སྟེང་༧གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་བ་ནས་མེད་པ་གསལ་འདེབས་གནང་།

སྐར་མ ༤༥ སྔོན་ལ།
༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ས་གནས་བོད་མི་རྣམས་ཀྱིས་ཞི་བདེའི་གོམ་བགྲོད་པ་རྣམ་པར་ཕེབས་བསུ་ཞུས། རྭ་རྒྱ་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་གི་ངོ་དེབ་ཀྱི་པར།
Mobile App

ཨ་རིའི་ནང་གི་ཞི་བདེའི་གོམ་བགྲོད་པ་རྣམས་ལ་༧གོང་ས་མཆོག་ནས་གསུང་འཕྲིན་ཞིག་བསྩལ་གནང་ཡོད་འདུག

༢༠༢༦/༠༢/༡༠
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༢།༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད།

༢༠༢༦/༠༢/༡༠
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

༢༠༢༦/༠༢/༠༩
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

༢༠༢༦/༠༢/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་བཀོད། ལྡི་ལི་དོན་གཅོད་ཀྱི་སྐུ་པར། ༢༠༢༦།༠༢།༠༩
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད།

༢༠༢༦/༠༢/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese