མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཚོ་སྔོན་ཚེ་རིང་ལགས་འཛིན་བཟུང་བཀག་ཉར་འོག་བཅུག་འདུག

བོད་ཀྱི་དུས་བབ།
༢༠༢༤/༡༠/༣༠
Share on FacebookShare on TwitterShare on EmailShare on Whatsapp

རྔ་བ་ཁུལ་ཁྱུང་མཆུ་རྫོང་ཚ་རུ་མ་ཡུལ་ཚོའི་རྡོ་བྱེ་སྔོག་འདོན་གཏུག་བཤེར་བྱས་པ་དང་འབྲེལ། ད་ལྟ་མཚོ་སྔོན་ཚེ་རིང་ལགས་ཁྱུང་མཆུ་རྫོང་ཐོག་ཏུ་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

མཚོ་སྔོན་ཚེ་རིང་གིས་ཁྱུང་མཆུའི་ཚ་རུ་མ་སྡེ་བའི་གཏེར་ཁ་སྔོག་འདོན་དང་འབྲེལ་བའི་གནད་དོན་གཏུག་བཤེར།

དེ་རིང་འདི་གའི་གསར་འགོད་པར་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན།  ཉེ་ལམ་བོད་རྔ་བ་ཁུལ་ཁྱུང་མཆུ་རྫོང་ཚ་རུ་མ་སྡེ་བའི་ཡུལ་མི་གཞོན་སྐྱེས་མཚོ་སྔོན་ཚེ་རིང་ལགས་ཀྱིས། ཚ་རུ་མ་སྡེ་བའི་རྡོ་བྱེ་སྔོག་འདོན་བྱེད་བཞིན་པའི་གནས་སྟངས་ཞུ་གཏུག་གི་བརྙན་ཞིག་སྤྱི་ཚོགས་དྲ་ལམ་དུ་བཀྲམས་རྗེས། མཚོ་སྔོན་ཚེ་རིང་ཚུད་པའི་ཚ་རུ་མ་སྡེ་བའི་ཡུལ་མི་འགར་རྒྱའི་ཉེན་རྟོག་པས་འདྲི་རྩད་བྱས་ཡོད་ཀྱང་། དེ་རིང་བོད་ནང་གི་འབྲེལ་ཡོད་ཅིག་གིས་འདི་གའི་གསར་འགོད་པར་བརྗོད་དོན་ལྟར་ན། ཚ་རུ་མ་སྡེ་བའི་སྡེ་མི་གཞན་རྣམས་ཕྱིར་རང་ཁྱིམ་དུ་ལོག་ཡོད་ཀྱང་། མཚོ་སྔོན་ཚེ་རིང་ལགས་ཁྱུང་མཆུ་རྫོང་ཁུལ་དུ་འཛིན་བཟུང་བཀག་ཉར་འོག་བཞག་ཡོད་འདུག

འབྲེལ་ཡོད་བོད་མི་དེས། མཚོ་སྔོན་ཚེ་རིང་བཟུང་ནས་བཀག་ཉར་འོག་བཞག་འདུག ད་ལྟ་ཁྱུང་མཆུ་རྫོང་ཐོག་ཏུ་བཀག་ཉར་བྱས་འདུག འོན་ཀྱང་། ཁྱིམ་མི་དང་སྡེ་མི་ཚོས་མཚོ་སྔོན་ཚེ་རིང་གང་མགྱོགས་ཀློད་གྲོལ་གཏོང་བའི་རེ་བ་བྱེད་བཞིན་འདུག་ལ། གཅིག་བྱས་ན་སང་ཉིན་གནངས་ཉིན་ཀློད་གྲོལ་གཏོང་སྲིད་པ་རེད། ཅེས་བརྗོད་བྱུང་།

འདི་གའི་གསར་ཁང་ལ་འབྱོར་བའི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་ཁྱུང་མཆུ་རྫོང་ཉེན་རྟོག་པས། མཚོ་སྔོན་ཚེ་རིང་ཚུད་པའི་ཚ་རུ་མ་སྡེ་བའི་ཡུལ་མི་འགའ་རྫོང་ཐོག་ཏུ་འབོད་འགུག་གིས་འདྲི་རྩད་བྱས་རྗེས། ཁོང་ཚོ་ཚང་མ་ཕྱིར་ཀློག་གྲོལ་བཏང་ཡོད་ཀྱང་། སྐབས་དེར་མཚོ་སྔོན་ཚེ་རིང་ལགས་ཀྱི་གནས་སྟངས་ཁ་གསལ་མེད་པ་མ་ཟད། ཁོང་གི་སྤྱི་ཚོགས་བརྒྱུད་ལམ་མགྱོགས་འཕྲིན་ (Kuaishou) དང་དེའི་སྟེང་དུ་སྤེལ་བའི་ཞུ་གཏུག་གི་བརྙན་དང་སྐད་འཕྲིན་སོགས་བཀག་སྡོམ་བྱས་ཏེ་མཐོང་རྒྱུ་མེད་པར་བཟོས་ཡོད་ལ། ད་ལྟ་མཚོ་སྔོན་ཚེ་རིང་ལགས་ཀྱི་མགྱོགས་འཕྲིན་ཁ་བྱང་ (搓俄) ཞེས་པ་འཚོལ་ཞིབ་བྱས་ནའང་མཐོང་རྒྱུ་མིན་འདུག

ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་མཚོ་སྔོན་ཚེ་རིང་ལགས་ཀྱིས། རང་ཉིད་ཀྱི་མགྱོགས་འཕྲིན་ (Kuaishou) སྟེང་སྐར་མ་ལྔ་མ་ཟིན་ཙམ་གྱི་གཏུག་བཤེར་བརྙན་ཞིག་སྤེལ་ཏེ། ཕྱི་ལོ ༢༠༢༣  ཟླ ༥ ནས་བཟུང་ཨན་ཧྭི་འཛུགས་སྐྲུན་ཚད་ཡོད་སྤྱི་གཉེར་ཁང་ 安徽先河建筑工程又很公司གིས། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཁྱུང་མཆུ་རྫོང་གི་ཚ་རུ་མ་སྡེ་བའི་གཞུང་ལམ་གསར་བཟོའི་སྐབས་སུ། ཁྲིམས་འགལ་གྱིས་ལམ་འགྲམ་རྡང་ཆུ་གཙང་པོའི་ཆུ་གཞུང་སྔོག་འདོན་བྱས་ཏེ་རྡོ་བྱེ་དབོར་འདྲེན་བྱས་ཡོད་སྟབས། དེས་ཡུལ་དངོས་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད་པ་མ་ཟད། རྡོ་བྱེ་ཤུགས་ཆེན་སྔོག་འདོན་བྱས་རྐྱེན་ཉེ་འཁོར་གྱི་རྒྱུགས་ཆུར་གནོད་སྐྱོན་དང་ཡུལ་མིའི་སྡོད་གནས་སོགས་ལ་ཉེན་ཁ་བཟོས་ཡོད་པ་གླེང་སློང་ཁ་གསལ་བྱས་ཡོད།

ཚ་རུ་མ་ཡུལ་ཚོའི་བོད་མི་ཚོས་ས་གནས་སུ་གནོད་སྐྱོན་ཐེབས་པའི་འདྲ་པར་དང་། གློག་བརྙན་སོགས་མཁོ་སྤྲོད་བྱས་པའི་ཐོག་ནས་ཚ་རུ་མའི་སྲིད་གཞུང་དང་། ཁྱུང་མཆུ་རྫོང་སྒྲིག་ཁྲིམས་ལྷན་ཁང་། ཁྱུང་མཆུ་རྫོང་གི་སྐྱེ་ཁམས་ཁོར་ཁུག་ལྷན་ཁང་། ཁྱུང་མཆུ་རྫོང་གི་ཆུ་དོན་ལྷན་ཁང་། རྔ་བ་ཁུལ་གྱི་ཆུ་དོན་ལྷན་ཁང་། རྔ་བ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་དང་འབྲེལ་ཡོད་ཀྱི་ལྷན་ཁང་སོགས་ལ་གཏུག་བཤེར་བྱས་ཡོད་ཀྱང་། འབྲེལ་ཡོད་ལས་ཁུངས་གཅིག་གིས་ཀྱང་ལན་འདེབས་བྱས་མེད་པ་རེད་ལ། ཕྱི་ལོ་ ༢༠༢༣ ཟླ་  ༩ ནང་ཚ་རུ་མའི་ཡུལ་མི་ཚོས་ཨན་ཧྭི་འཛུགས་སྐྲུན་ཚད་ཡོད་སྤྱི་གཉེར་ཁང་ཐོག་མར་གཏུག་བཤེར་བྱས་ཤིང་། སྐབས་དེར་ཁྱུང་མཆུ་རྫོང་སྐྱེ་ཁམས་ཁོར་ཡུག་ལྷན་ཁང་གིས་གནོད་སྐྱོན་ཐེབས་ཡུལ་དུ་བརྟག་དཔྱད་བྱས་ཡོད་ཀྱང་། བརྟག་དཔྱད་དང་ཐག་གཅོད་བྱས་པའི་མཇུག་འབྲས་སོགས་གང་ཡང་བསྒྲགས་མེད་པ་རེད།  ཕྱི་ལོ་ ༢༠༢༣ ལོའི་ཟླ་ ༡༠ ནས་ ༡༢ བར་ཚ་རུ་མའི་བོད་མི་ཚོས་རྔ་བ་ཁུལ་ཆུ་དོན་ལས་ཁུངས་ལ་ཐག་གཅོད་མཇུག་འབྲས་སྐོར་ནས་གསལ་བཤད་ལན་འདེབས་ཡོང་བའི་ཞུ་སྐུལ་བྱས་ཀྱང་མཇུག་འབྲས་བརྡ་ལན་གང་ཡང་བྱུང་རེད་པ་རེད།

ཉེ་ལམ་འདི་གའི་གསར་འགོད་པར་ཚ་རུ་མ་སྡེ་བའི་རྡོ་བྱེ་སྔོག་འདོན་བྱས་པའི་གནད་དོན་དེ་ནི། རྔ་བ་ཁུལ་དང་གཞུང་རིམ་པའི་འཛུགས་སྐྲུན་ལས་འཆར་ཁྲོད་བྱུང་བ་ཞིག་ཡིན་པས། ཨན་ཧྭི་འཛུགས་སྐྲུན་ཚད་ཡོད་སྤྱི་གཉེར་ཁང་གིས་ཁྲིམས་འགལ་ཐོག་ཚ་རུ་མའི་རྡོ་བྱེ་སྔོག་འདོན་བྱས་པ་བདེན་ནའང་། ཚ་རུ་མ་ཡུལ་མིའི་གཏུག་བཤེར་ལ་གྲུབ་འབྲས་ཐོན་ཁག་པོ་ཆགས་ཡོད་པ་མ་ཟད། ཨན་ཧྭི་འཛུགས་སྐྲུན་ཚད་ཡོད་སྤྱི་གཉེར་ཁང་གིས་ས་ཁུལ་དེར་རྡོ་བྱེ་ཙམ་མིན་པའི་གཏེར་ཁ་གཞན་ཞིག་སྔོག་འདོན་བྱེད་བཞིན་ཡོད་པར་དོགས་གཞི་ཡོད་སྐོར་འབྲེལ་ཡོད་ཅིག་གིས་བརྗོད་བྱུང་།

མཚོ་སྔོན་ཚེ་རིང་ལགས་ནི་ད་ལྟ་རང་ལོ་ ༢༩ ཡིན་ཞིང་། ཕ་ཕུར་ཁོ་དང་མ་དབང་སྒྲོན་གཉིས་ཀྱི་བུ་གཅིག་པུ་དེ་ཡིན་ལ། ཕ་ཕུར་ཁོ་ནི་ལོ་ ༦༠ ཡས་མས་ཙམ་དང་མ་དབང་སྒྲོན་ནི་ལོ་ལྔ་བཅུའི་ནང་ཙམ་ཡིན། མཚོ་སྔོན་ཚེ་རིང་ནི་དུས་རྒྱུན་སྤྱི་པའི་ལས་དོན་ཐོག་འགན་འཁུར་མཁན་ཞིག་ཡིན་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

The Dalai Lama directs a peace sign toward the head table, where U.S. President Barack Obama was seated, during the National Prayer Breakfast in Washington, Feb. 5, 2015.
Mobile App

བོད་སྐོར་གླེང་ཚན་བརྒྱད།  ཡང་སྲིད་གནད་དོན་སྐོར།

ཆུ་ཚོད་ ༢༡ སྔོན་ལ།
བོད་ནང་གི་བོད་མི་མང་པོ་ཞིག་གིས་སྦྲ་ཆེན་གྱི་ས་ཡོམ་ཐད་ཀྱི་དྲིལ་བསྒྲགས་བརྙན་ཐུང་ལ་སྐྱོན་བརྗོད་བྱེད་ཀྱིན་འདུག ོར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༡།༡༢
Mobile App

བོད་ནང་གི་བོད་མི་མང་པོ་ཞིག་གིས་སྦྲ་ཆེན་གྱི་ས་ཡོམ་ཐད་ཀྱི་དྲིལ་བསྒྲགས་བརྙན་ཐུང་ལ་སྐྱོན་བརྗོད་བྱེད་ཀྱིན་འདུག 

ཆུ་ཚོད་ ༢༢ སྔོན་ལ།
པར་དྲ་ལམ་ནས་བླངས། བོད་ཀྱི་དུས་བབ་ཀྱིས་བཟོ་བསྒྲིགས་བྱས།
Mobile App

རྒྱ་ནག་གི་མེ་ཤུགས་འཕུར་མདའི་ཆག་རོ་བོད་ཁུལ་དུ་ལྷུང་།

༢༠༢༦/༡༡/༡༢
Front Slider

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་གོམ་བགྲོད་ལས་འགུལ་མཇུག་བསྒྲིལ།

༢༠༢༦/༡༡/༡༢
བོད་ཀྱི་དུས་བབ་ཀྱིས་པར་བསྒྲིགས།
Mobile App

དབྱིན་ཡུལ་སྐུ་ཚབ་དོན་གཅོད་གསར་པ་ཞིག་བསྐོ་གཞག་བྱས་འདུག

༢༠༢༦/༡༡/༡༢
འཕྲོད་བསྟེན་བཀའ་བློན་མཆོག་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཁག་ཏུ་འཚམས་གཟིགས་ལ་ཕེབས། པར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ནས་བླངས།
གསར་འགྱུར།

འཕྲོད་བསྟེན་བཀའ་བློན་མཆོག་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཁག་ཏུ་འཚམས་གཟིགས་སུ་ཕེབས། 

༢༠༢༦/༡༡/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese