མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ཀོས་ཀྲོའུ་ཞིང་ཆེན་དམར་ཤོག་དྲུང་ཆེ་སུང་ཀྲི་ཀང་ལ་སྲོག་ཁྲིམས་གཅོད་རྒྱུ་ཡིན་འདུག 

བོད་ཀྱི་དུས་བབ།
༢༠༢༤/༡༠/༣༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་སྐབས་ ༡༣ པའི་དཔལ་འབྱོར་དང་དངུལ་རྩིས་ཁང་གི་འགན་འཛིན་གཞོན་པ་སུང་ཀྲི་ཀང་གིས་ལྐོག་རྔན་རྒྱ་སྒོར་ས་ཡ་ ༨ བླངས་བའི་ནག་ཉེས་འོག་སྲོག་ཁྲིམས་གཅོད་རྒྱུ་ཡིན་པ་ལོ་གཉིས་ཕྱིར་འགྱངས་བྱས་ཡོད་འདུག

དྲ་ལམ་གྱི་པར།

ཞི་ཅིན་ཕིན་གཞུང་གིས་སྟག་དང་སྦྲང་མ་ལེབ་རྡུང་གི་སྲིད་ཇུས་ཟེར་བའི་མིང་འོག་ནས་རྒྱ་ནག་དང་། རྒྱའི་བཙན་བཟུང་འོག་ཡོད་པའི་བོད་དང་ལྷོ་སོག  ཡུ་གུར་སོགས་ཀྱི་དཔོན་རིགས་མང་པོ་ཞིག་ལ་ལྐོག་ཟ་རུལ་སུངས་དང་ལྐོག་རྔན་བླངས་བ། དམར་ཤོག་གཞུང་ལ་བློ་སེམས་མི་དཀར་བ་སོགས་ཀྱི་ནག་ཉེས་འོག་ཁྲིམས་ཆད་ཕོག་གི་ཡོད་པ་ལྟར། ཁ་སང་ཟླ་འདིའི་ཕྱི་ཚེས་ ༢༩ ཉིན་ཐིན་ཅིན་གྲོང་ཁྱེར་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་གཉིས་པ་ཟེར་བས། རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་ ༡༣ པའི་དཔལ་འབྱོར་དང་དངུལ་རྩིས་ཁང་གི་འགན་འཛིན་གཞོན་པ་དང་། ཀོས་ཀྲོའུ་ཞིང་ཆེན་དམར་ཤོག་དྲུང་ཆེ་སུང་ཀྲི་ཀང་གིས་ལྐོག་རྔན་རྒྱ་སྒོར་ས་ཡ་ ༨ ལྷག་བླངས་བའི་ནག་ཉེས་བཙུགས་ཏེ་སྲོག་ཁྲིམས་བཅད་ཡོད་ཀྱང་ལོ་གཉིས་རིང་ཕྱིར་འགྱངས་བྱས་ཡོད་ཚུལ་བསྒྲགས་འདུག

ཐེན་ཅིན་གྲོང་ཁྱེར་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་གཉིས་པ་ཟེར་བས།  སུང་ཀྲི་ཀང་གིས་ཕྱི་ལོ་ ༢༠༠༢ ལོ་ནས་ ༢༠༢༣ ལོའི་ཟླ་ ༨ བར་ཧུའུ་པེ་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་དྲུང་ཡིག་དང་། ཨན་ཧེ་ཞིང་ཆེན་གྱི་མགོ་ཁྲིད་གཞོན་པ། རྒྱ་ནག་འཛུགས་སྐྲུན་ཡར་རྒྱས་ཚན་པའི་འགན་འཛིན་གཞོན་པ། ཀོས་ཀྲོའུ་ཞིང་ཆེན་གྱི་མགོ་ཁྲིད་དང་དམར་ཤོག་ཚོགས་པའི་དྲུང་ཡིག རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་ ༡༣ པའི་དཔལ་འབྱོར་དང་དངུལ་རྩིས་རྒྱུན་ལས་ཁང་གི་འགན་འཛིན་གཞོན་པ་སོགས་ཀྱི་གཞུང་འབྲེལ་གོ་གནས་བེད་སྤྱོད་ལོག་པར་བཏང་སྟེ་མི་སྒེར་གྱི་ཁེ་ལས། ལས་གྲྭ་འགན་ལེན། གོ་གནས་སྤར་བ། ཁེ་ཕན་དོན་གཉེར་ཟེར་བ་སོགས་བྱས་ནས་ལྐོག་རྔན་ཁྱོན་རྒྱ་སྒོར་ས་ཡ་ ༨ འབུམ་ ༡༨  བླངས་ཡོད་པའི་ནག་ཉེས་བཙུགས་འདུག

སུང་ཀྲི་ཀང་ནི་ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་ཧི་ནན་ཞིང་ཆེན་ཞང་ཡང་ནས་སྐྱེས་ཡོད་ཅིང་། ཕྱི་ལོ་ ༡༩༧༣ ལོར་ཝུའུ་ཧན་ལྕགས་རིགས་སློབ་གླིང་ཁང་དུ་ལྕགས་རིགས་ཆེད་ལས་ཐོག་སློབ་གཉེར་བྱས། ཕྱི་ལོ་ ༡༩༧༦ ལོར་རྒྱ་ནག་དམར་ཤོག་ཚོགས་པའི་ནང་དུ་ཞུགས།  ཕྱི་ལོ་ ༡༩༧༩ ལོ་ནས་ ༡༩༨༠ ལོར་བར་ཀྲུང་ནན་གཏེར་ལས་ལྕགས་རིགས་མཐོ་སློབ་ཀྱི་ཁེ་ལས་དོ་དམ་པའི་འོས་སྦྱོང་བྱས། ཕྱི་ལོ་ ༡༩༨༥ ལོར་ཝུའུ་ཧན་གྲོང་ཁྱེར་མི་དམངས་སྲིད་གཞུང་དུ་ལས་ཀ་བྱས། ཕྱི་ལོ་ ༡༩༨༦ ནས་ ༡༩༨༧ བར་ཝུའུ་ཧན་གྲོང་ཁྱེར་དཔལ་འབྱོར་འཆར་བཀོད་ཁང་དུ་འགན་འཛིན་གཞོན་པ་བྱས། ཕྱི་ལོ་ ༡༩༩༣ ནས་ ༡༩༩༧ བར་ཝུའུ་ཧན་མཐོ་སློབ་ནས་དཔལ་འབྱོར་རིག་པའི་འབུམ་རམས་པའི་ལག་འཁྱེར་བླངས། ཧུའུ་པེ་ཞིང་ཆེན་དུ་ལོ་ངོ་༢༠ ལྷག་ལས་ཀ་བྱས་མྱོང་བ་དང་། ཡིས་ཁྲང་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་དང་། ཧུ་པེ་ཞིང་ཆེན་དམར་ཤོག་ཚོགས་པའི་དྲུང་ཆེ་བཅས་ཀྱི་གོ་གནས་བཟུང་།

ཕྱི་ལོ་ ༢༠༠༦ ལོར་ཨན་ཧེ་ཞིང་ཆེན་དམར་ཤོག་ཚོགས་པའི་རྒྱུན་ལས་དང་། ཨན་ཧེ་ཞིང་ཆེན་མགོ་ཁྲིད་གཞོན་པའི་འགན་འཁུར་ཡོད་འདུག ཕྱི་ལོ་ ༢༠༡༠ ལོའི་མཇུག་ཏུ་པེ་ཅིན་དུ་སྤོས་ཏེ་རྒྱལ་ཡོངས་འཕེལ་རྒྱས་དང་བཅོས་བསྒྱུར་ལྷན་ཁང་གི་གཞོན་འགན་དང་། རྒྱལ་ཡོངས་འཕྲོད་བསྟེན་དང་བཟའ་རིགས་ལྷན་ཁང་གི་འགན་འཛིན་གཞོན་པ་སོགས་བྱས།  ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༡༠ པར་ཀོས་ཀྲོའུ་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་གཞོན་པ་དང་། ཀོས་ཀྲོའུ་ཞིང་ཆེན་གྱི་མགོ་ཁྲིད། ༢༠༡༧ ལོའི་ཟླ་ ༧ པར་ཀོས་ཀྲོའུ་ཞིང་ཆེན་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་བཞག་བྱས་ཡོད་འདུག ཕྱི་ལོ  ༢༠༢༠ ལོའི་ཟླ་ ༡༡ ནང་དུ་སུང་ཀྲི་ཀང་ལས་གནས་ནས་ཕྱིར་ཕུད་བཏང་ཡོད་འདུག

ཕྱི་ལོ་ ༢༠༢༣ ལོའི་ཟླ་ ༨ པར་སུང་ཀྲི་ཀང་ལ་ཞིབ་བཤེར་བྱེད་བཞིན་ཡོད་པའི་གསལ་བསྒྲགས་བྱས་ཤིང་། འདི་ལོའི་ཕྱི་ཟླ་ ༢ པའི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མིའི་ཁོངས་ནས་ཕྱིར་ཕུད་བཏང་། གསལ་བསྒྲགས་ནང་སུང་ཀྲི་ཀང་རྒྱ་ནག་གཞུང་གི་གལ་ཆེའི་ཐག་གཅོད་ལག་བསྟར་མ་བྱས་པ་དང་། ལས་གནས་ཀྱི་སྐབས་སུ་རྒྱ་གཞུང་གི་བྱ་སྤྱོད་དང་འགལ་ཏེ་མི་སྒེར་གྱི་བུ་ལོན་བརྒྱུད་ནས་ཁེ་བཟང་བླངས་པ་དང་།  རྒྱ་གཞུང་གི་ཞིབ་བཤེར་ལ་ངོ་རྒོལ་བྱས་པ། ཁྲིམས་དཔྱད་ལས་དོན་ལ་ཐེ་གཏོགས་བྱས་པ། ལྐོག་རྔན་མང་པོ་བླངས་བ་སོགས་ཀྱི་ནག་ཉེས་བཙུགས་ཡོད་འདུག

གསར་འགོད་པ། བྱམས་པ་ཆེ་རིང་།

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༣ སྔོན་ལ།
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese