མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་ས་ཆར་ཐེ་གཏོགས་བྱེད་མཚམས་འཇོག་དགོས་པའི་ལས་འགུལ་སྤེལ་གྱིན་འདུག

བོད་ཀྱི་དུས་བབ།
༢༠༢༤/༡༠/༣༡
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་གི་བཟོ་ཚོང་ཁང་དང་མ་རྐང་འཇོག་མཁན་རྣམས་ཀྱིས་རྒྱ་གཞུང་གི་ཧྭ་ཏིན་ཆུ་གློག་བཟོ་ཚོང་ལ་རོགས་འདེགས་བྱས་ཏེ་བོད་ཀྱི་ཁོར་ཡུག་གཏོར་སྐྱོན་གཏོང་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས་འདུག

ཨོ་གླིང་བོད་དོན་ལས་འགུལ་ལྷན་ཁང་གི་པར།

རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་པ་ནས་བཟུང་བོད་ནང་གི་གཏེར་ཁ་སྔོག་འདོན་དང་། ཆུ་རགས་དང་གཞུང་ལམ་སོགས་ཀྱི་འཛུགས་སྐྲུན་རྒྱ་བསྐྱེད་ཀྱིས་ས་གནས་བོད་ཀྱི་ཁོར་ཡུག་དང་། ཤུལ་བཞག་རིག་གནས། བོད་མི་མང་གི་འཚོ་བར་ཉེན་ཁ་བཟོ་བཞིན་ཡོད་ཅིང་། རྒྱ་ནག་གིས་འཛུགས་སྐྲུན་དེ་དག་བརྒྱུད་ཐོན་ཁུངས་ལ་སྟངས་འཛིན་དང་ས་ཆའི་བདག་དབང་ལ་དབང་སྒྱུར་སྲིད་ཇུས་ཀྱི་དམིགས་ཡུལ་འགྲུབ་ཐབས་བྱེད་བཞིན་ཡོད་པ་མ་ཟད།  དེས་བོད་ཀྱི་སྣོད་བཅུད་དང་། གནའ་བོའི་ཤུལ་བཞག་རིག་གནས་ཀྱི་གནས་ཆེན། མི་མང་གི་འཚོ་སྡོད་ཐོབ་ཐང་བཅས་ལ་གནོད་སྐྱོན་ཚབས་ཆེན་བཟོ་བཞིན་ཡོད་སྟབས། ཨོ་གླིང་བོད་དོན་ལས་འགུལ་ལྷན་ཁང་གིས། རྒྱལ་སྤྱིའི་བཟོ་ཚོང་ཁང་དང་མ་རྐང་འཛུགས་མཁན་རྣམས་ཀྱིས་རྒྱ་ནག་དང་མཉམ་འབྲེལ་ཐོག་བོད་ཀྱི་ཁོར་ཡུག་གཏོར་སྐྱོན་གྱི་བྱ་སྤྱོད་ལ་རམ་འདེགས་མི་བྱེད་པའི་འབོད་སྐུལ་ལས་འགུལ་སྤེལ་གྱིན་འདུག

ཐེངས་འདིའི་བོད་ཀྱི་ས་ཆར་ཐེ་གཏོགས་བྱེད་མཚམས་འཇོག་དགོས་ཞེས་པའི་ལས་འགུལ་གྱི་འབོད་སྐུལ་གཙོ་བོ་ནི། བོད་ཀྱི་ས་ཆ་བོད་མིར་བདག་གིན་ཡོད་ཅིང་། བོད་ཀྱི་ཐོན་ཁུངས་ཆུ་དང་གཏེར་རིགས་སོགས་བཀོལ་སྤྱོད་བྱེད་མིན་གྱི་ཐོབ་ཐང་བོད་མི་རང་ལ་ཡོད་པས། ནུབ་ཕྱོགས་ཀྱི་བཟོ་ཚོང་ཁང་ཁག་གིས་ད་ལྟ་བོད་མི་རྣམས་བཙན་འཛུལ་འོག་ཡོད་པའི་གནས་བབ་དང་བསྟུན། རྒྱ་ནག་དང་ལྷན་དུ་མཉམ་འབྲེལ་གྱིས་བོད་ཀྱི་ཆུ་དང་གཏེར་ཁ་སོགས་སྔོག་འདོན་བྱེད་པའི་ལས་གཞིའི་ནང་ཞུགས་ཏེ་ཁེ་ཕན་དོན་གཉེར་མཚམས་འཇོག་བྱེད་དགོས་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༢ ནང་བོད་ཁམས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་གསར་རྒྱག་དང་འབྲེལ་ནས་མི་མང་སྟོང་ཕྲག་གང་བྱུང་འཛིན་བཟུང་བྱས་ཤིང་། ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་དགོན་སྡེ་དྲུག་གཏོར་བཤིག་གཏོང་ཐབས་བྱས་པ། དེ་བཞིན་མི་མང་གནས་སྤོར་དང་དྲག་གནོན་བྱས་པའི་བརྒྱུད་རིམ་ལུང་འདྲེན་དང་སྦྲགས། དབྱིན་ཡུལ་གྱི་སི་ཁོ་རོ་ཌིར་སི་(Schroders) དང་། ཧྥ་རན་སིའི་དངུལ་ཁང་(Crédit Agricole Group)། འཇར་མན་གྱི་གློག་ཁང་(Siemens Energy) བཅས་ཀྱིས་བོད་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་གསར་རྒྱག་བྱེད་མཁན་གཙོ་བོ་རྒྱ་ནག་གི་བཟོ་གྲྭ་ཆེ་ཤོས་ཧྭ་ཏིན ་(Huadian) ཆུ་གློག་འཛུགས་སྐྲུན་ཁང་དང་ལྷན་དུ་མཉམ་འབྲེལ་གྱི་འབྲེལ་ཐག་གཅོད་དགོས་པའི་འབོད་སྐུལ་ཡང་ཞུས་འདུག་ལ།

ལས་འགུལ་གྱི་གསལ་བསྒྲགས་ནང་། ནུབ་ཕྱོགས་རྒྱལ་ཁབ་ཚོས་རྒྱ་གཞུང་གིས་བོད་ས་བཙན་བཟུང་བྱས་ཏེ་རང་བྱུང་ཐོན་ཁུངས་དང་། བསྐྱར་གསོ་མི་ཐུབ་པའི་ཁོར་ཡུག་གཏོར་སྐྱོན་སོགས་སྣང་མེད་དུ་བཏང་སྟེ། རྒྱ་ནག་དང་མཉམ་དུ་དཔལ་འབྱོར་གྱི་ཁེ་ཕན་ཆེད་མཉམ་ལས་བྱེད་བཞིན་ཡོད།   ནུབ་ཕྱོགས་རྒྱལ་ཁབ་དང་རྒྱ་ནག་གཉིས་ཀྱིས་རང་བྱུང་ཐོན་ཁུངས་ཀྱི་ནུས་སྟོབས་ལ་དོ་སྣང་བྱེད་བཞིན་པ་དེས་བོད་ཀྱི་ས་ཆ་དང་ཐོན་ཁུངས་ཀྱི་བདག་དབང་ལ་རྩིས་མེད་རྡོག་རོལ་བཏང་དང་གཏོང་མུས་ཡིན་པ་མ་ཟད། བོད་མི་ཞི་རྒོལ་བ་རྣམས་བཙོན་འཇུག་གིས་མནར་གཅོད་གཏོང་བཞིན་ཡོད། ཅེས་གསལ་འདུག

ལས་འགུལ་དེའི་ཐད་ཨོ་གླིང་གྲོས་ཚོགས་འཐུས་མི་ཟུར་བ་ལྕམ་ཇཱ་ནེ་ཌི་རེ་སི་ (Janet Rice)ལགས་ཀྱིས། བོད་ཀྱི་ཤར་ཕྱོགས་ཁུལ་སྡེ་དགེའི་སྐམ་ཐོག་ཆུ་རགས་འཛུགས་སྐྲུན་གྱི་ལས་གཞི་མཚམས་འཇོག་དགོས། འདི་ནི་བདག་དབང་གི་གནད་དོན་ཞིག་རེད། སྐམ་ཐོག་ཆུ་རགས་འཛུགས་སྐྲུན་གྱིས་གྲོང་སྡེ་མང་པོ་ཆུ་ལོག་གིས་འཁྱེར་སྲིད་པ་དང་། ཉུང་མཐར་མི་གྲངས་ ༤༠༠༠ ལྷག་རང་ཉིད་ཀྱི་ཁྱིམ་ནས་གནས་སྤོ་བྱེད་དགོས་སྲིད་པ་མ་ཟད། ལོ་ངོ་དྲུག་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་དགོན་སྡེ་མང་པོ་གཏོར་བཤིག་གཏོང་སྲིད་པ་རེད། འདི་ལོའི་ལོ་མགོར་སྐམ་ཐོག་ཆུ་རགས་གསར་རྒྱག་ལ་འདོད་པ་མེད་པའི་ཞི་བའི་ལས་འགུལ་སྤེལ་བར་བརྟེན་ནས། རྒྱ་ནག་གིས་མི་གྲངས་སྟོང་ཕྲག་མང་པོ་འཛིན་བཟུང་བྱས་ཡོད། ཆུ་རགས་དེ་དག་ནི་རྒྱ་ནག་གཞུང་གི་བཟོ་གྲྭ་ཆེ་ཤོས་ཧྭ་ཏིན་ཆུ་གློག་འཛུགས་སྐྲུན་ཚོགས་པས་རྒྱག་བཞིན་ཡོད། བོད་ནང་གི་ཆུ་རགས་དེ་དག་ནི་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་གློག་ཤུགས་བཀོལ་འདོན་བྱེད་ཆེད་དུ་བེད་སྤྱོད་བྱེད་བཞིན་ཡོད། ཅེས་དང་། ནུབ་ཕྱོགས་པའི་བཟོ་ཚོང་ཁང་རྣམས་ཀྱིས་ཧྭ་ཏིན་ཆུ་གློག་དང་འབྲེལ་ཐག་བཅད་དེ། རྒྱ་གཞུང་གིས་བོད་ནང་ཆུ་རགས་འཛུགས་སྐྲུན་རྒྱ་བསྐྱེད་མཚམས་འཇོག་བྱ་དགོས་པ་དང་། ཉེ་ལམ་རྒྱལ་ཚོགས་ཀྱིས་བོད་ནང་གི་ཆུ་རགས་འཛུགས་སྐྲུན་གྱི་སེམས་འཚབ་སྐོར་ནས་རྒྱ་གཞུང་ལ་འཕྲིན་ཡིག་བཏང་ཡོད་པ་ལྟར། མི་མང་གིས་སྟོབས་ཤུགས་ཀྱིས་ཆུ་རགས་འཛུགས་སྐྲུན་མཚམས་འཇོག་བྱེད་ཐུབ་པས། འཛམ་གླིང་མི་མང་ཡོངས་ཀྱིས་ལས་འགུལ་འདིའི་ནང་མཉམ་ཞུགས་བྱས་ཏེ་སྐམ་ཐོག་ཆུ་རགས་མཚམས་འཇོག་དང་། བོད་ཀྱི་ས་ཆ་གཏོར་བཤིག་གཏོང་མཚམས་འཇོག་དགོས་སྐོར་སོགས་བརྗོད་འདུག

ཐེངས་འདིའི་ལས་འགུལ་དེ་ནི་ཨོ་གླིང་བོད་དོན་ལས་འགུལ་ལྷན་ཚོགས་དང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་། བོད་རང་དབང་ལས་འགུལ་ཁང་། བོད་རང་བཙན་སློབ་ཕྲུག་ཚོགས་པ།  བོད་དོན་ལས་འགུལ་ལྟེ་གནས་ཁང་། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གཞན་བཅས་ཐུན་མོང་གིས་གོ་སྒྲིག་གནང་ཞིང་། ད་ལྟ་ཆར་ལས་འགུལ་དེར་དྲ་ཐོག་ནས་མཚན་རྟགས་བསྐྱོན་པའི་རྒྱབ་སྐྱོར་འཚོལ་བཞིན་འདུག་ལ། ལས་འགུལ་གྱི་དྲ་ཐག་ཀྱང་སྒོ་ཕྱེས་ནས་བཞག་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

ཆུ་ཚོད་ ༡༢ སྔོན་ལ།
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese