མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨུ་རུ་སུའི་ཁྲིམས་ཁང་ཞིག་གིས་གྷུ་གྷལ་ལ་ཨ་སྒོར་དབང་པོ་ཉི་ཤུའི་དངུལ་ཆད་བཅད།

བོད་ཀྱི་དུས་བབ།
༢༠༢༤/༡༡/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཡུ་ཊུབ་ནང་ཨུ་རུ་སུའི་གཞུང་འབྲེལ་བརྙན་འཕྲིན་ཁང་དང་གསར་འགྱུར་བརྒྱུད་ལམ་ཁག་ ༡༧ བཀག་སྡོམ་བྱས་པར་ཨུ་རུ་སུས་གྷུ་གྷལ་ལ་ཨ་སྒོར་དབང་པོ་ ༢༠ ཡི་ཉེས་ཆད་བཅད།

A Russian court has imposed the fine on the US Tech giant

དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར། ཡུ་ཊུབ་ (Youtube) ནང་ཨུ་རུ་སུའི་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ ༡༧ བཀག་སྡོམ་བྱས་པར་བརྟེན། ཨུ་རུ་སུའི་ཁྲིམས་ཁང་ཞིག་གིས་གྷུ་གྷལ་ (Google) ཚོང་ལས་ཁང་ནས་ཨ་སྒོར་དབང་པོ་ཉི་ཤུའི་ (decillion) ཉེས་ཆད་སྤྲོད་དགོས་པའི་ཐག་གཅོད་བྱས་ཡོད་འདུག

རྒྱལ་སྤྱིའི་དངུལ་གྱི་ཐེབས་རྩ་ (International Monetary Fund) ཡིས་ཚོད་དཔག་བྱས་པ་ལྟར་ན། ད་ལན་ཨུ་རུ་སུའི་ཁྲིམས་ཁང་གིས་གྷུ་གྷལ་ཚོང་ལས་ཁང་ལ་ཨ་སྒོར་དབང་པོ་ ༢༠ (decillion) ཡི་ཉེས་ཆད་འགེལ་བ་དེ་ནི། གྷུ་གྷལ་གྱི་ད་ལྟའི་ཁྲོམ་རའི་མ་གནས་ཁྲག་ཁྲིག་ཆེན་མོ་ (trillion) ༢ ལྷག་ཙམ་དང་། འཛམ་གླིང་ཧྲིལ་པོའི་ཐོན་སྐྱེད་སྤྱི་འབོར་ (GDP) ཨ་སྒོར་ཁྲག་ཁྲིག་ཆེན་མོ་ ༡༡༠ ལས་བརྒལ་བའི་ཉེས་ཆད་ཅིག་ཡིན་འདུག

ཕྱི་ཟླ་ ༡༠ ཚེས་ ༢༨ ཉིན་ཨུ་རུ་སུའི་ཁྲིམས་ཁང་ཞིག་གིས་ཡུ་ཊུབ་ནང་ཨུ་རུ་སུའི་རྒྱལ་ཡོངས་བརྙན་འཕྲིན་ཁང་ (Zvezda) དང་། ཨུ་རུ་སུའི་མི་མང་བརྙན་འཕྲིན་ཁང་ (Public Television of Russia)། ཨུ་རུ་སུའི་རྒྱལ་ཡོངས་རྩེད་རིགས་བརྙན་འཕྲིན་ཁང་ (National Sports TV Channel)། གྲོས་ཚོགས་ཀྱི་བརྙན་འཕྲིན་ (Parliamentary Television) དེ་བཞིན་རྒྱུ་ལམ་གཅིག་ (Channel One)། དང་སྒྱུ་རྩལ་དོ་ར་ (GPM Entertainment Television) བརྙན་འཕྲིན་སོགས་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་དང་བརྙན་འཕྲིན་ཁང་ཁག་ ༡༧ བཀག་སྡོམ་བྱས་པའི་ཉེས་མིང་གཡོགས་ཏེ། ཨ་སྒོར་དབང་པོ་ ༢༠ ཡི་ཉེས་ཆད་ཁྲིམས་ཐག་བཅད་འདུག

དེ་འབྲེལ་ཨུ་རུ་སུའི་གསར་ཁང་ (TASS) གིས་གནས་ཚུལ་སྤེལ་བའི་ནང་། གྷུ་གྷལ་གྱིས་དུས་ཡུན་ཟླ་དགུ་ནང་ཚུད་དུ་ཉེས་ཆད་མ་སྤྲད་ཚེ།  ཉིན་རེར་ཨ་སྒོར་ ༡༠༢༥ འཕར་གྱི་ཡོད་ཅིང་། དེ་བཞིན་བདུན་ཕྲག་རེར་དངུལ་འབོར་དེ་གཉིས་ལྡབ་འཕར་གྱི་ཡོད་སྐོར་སོགས་གསལ་འདུག་ལ། ཨུ་རུ་སུར་ཡོད་པའི་ (RBC) གསར་ཁང་དུ་གནས་ཚུལ་ཐོན་པའི་ནང་། དེ་སྔ་ཡུ་ཊུབ་ནང་ཨུ་རུ་སུའི་གཞུང་འབྲེལ་བརྙན་འཕྲིན་ཁང་དང་གསར་འགྱུར་བརྒྱུད་ལམ་ཁག་ཅིག་བཀག་སྡོམ་བྱེད་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་ཡང་། གྷུ་གྷལ་ཚོང་ལས་ཁང་གིས་ཨུ་རུ་སུའི་གསར་འགྱུར་བརྒྱུད་ལམ་ཁག་མུ་མཐུད་བཀག་སྡོམ་བྱས་རྐྱེན། ད་རེས་ཉེས་ཆད་བཏང་བ་ཞིག་ཡིན་སྐོར་བརྗོད་འདུག

ཨུ་རུ་སུའི་བརྙན་འཕྲིན་ཁང་ (Tsargrad TV) དང་། གསར་ལས་ཁང་ (RIA FAN) གཉིས་ཀྱིས་ཁྲིམས་དང་ཚོང་དོན་གྱི་སྒྲིག་གཞི་འགལ་བའི་རྐྱེན་གྱིས། གྷུ་གྷལ་གྱིས་ཡུ་ཊུབ་ནང་བཀག་སྡོམ་བྱས་ཡོད་པར་བརྟེན། ཕྱི་ལོ་ ༢༠༢༠ ཟླ་ ༨ པའི་ནང་ཨུ་རུ་སུའི་བརྙན་འཕྲིན་ཁང་ (Tsargrad) ཟེར་བས་མོ་སི་ཁོ་ཁྲིམས་ཁང་ (Moscow City Arbitration Court) དུ་གྷུ་གྷལ་ཚོང་ལས་ཁང་ཁྲིམས་གཏུགས་ཐོག་མར་བྱས་ཤིང་། ཡུ་ཊུབ་ནང་བཀག་སྡོམ་བྱས་པའི་ཐག་གཅོད་དེ་ཕྱིར་འཐེན་བྱེད་དགོས་པའི་རྩོད་གཞི་བཏོན་ཡོད་པ་རེད། ༢༠༢༡ ལོའི་མགོ་སྟོད་དུ་ཁྲིམས་ཁང་དེས་གྷུ་གྷལ་གྱིས་ ((Tsargrad) བརྙན་འཕྲིན་ཁང་གི་ཡུ་ཊུབ་མིང་བྱང་བཀག་སྡོམ་ཕྱིར་འཐེན་གྱི་ཐག་གཅོད་མ་བྱས་ཚེ། ཉེས་ཆད་གཅོད་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག

འོན་ཀྱང་། ཕྱི་ལོ་ ༢༠༢༢ ཟླ་ ༢ པའི་ནང་ཨུ་རུ་སུས་ཡུ་ཁུ་རེན་ནང་བཙན་འཛུལ་བྱས་པ་ནས་བཟུང་། ཡུ་ཊུབ་ཀྱིས་ཨུ་རུ་སུའི་བརྙན་འཕྲིན་ཁང་ (Russia 24) དང་། ཨེན་ཊི་ཝི་ (NTV) སོགས་བཀག་སྡོམ་བྱས་པ་མ་ཟད། རིམ་པས་ཨུ་རུ་སུའི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་དང་བརྙན་འཕྲིན་ཁང་མང་པོ་ཞིག་བཀག་སྡོམ་བྱས་པར་བརྟེན། ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༢ པའི་ནང་ཨུ་རུ་སུའི་རྒྱལ་ཡོངས་ཚོང་(Federal Antimonopoly Service) གིས། གྷུ་གྷལ་ཚོང་ལས་ཁང་གིས་དབང་ཆ་བཀོལ་སྤྱོད་བྱས་ཏེ། འགྲན་རྩོད་ཀྱི་ཁེ་དབང་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་ལ་རྡོག་རོལ་བཏང་བའི་སྐྱོན་བརྗོད་དང་སྦྲགས།  གྷུ་གྷལ་ཚོང་ལས་ཁང་ལ་ཐོག་མར་ཨུ་སྒོར་ཐེར་འབུམ་ ༢ དང་ཕྱིས་སུ་ཉེས་ཆད་དུས་ཐོག་ཏུ་སྤྲད་མེད་པའི་རྐྱེན་གྱིས་ཨུ་སྒོར་ཐེར་འབུམ་ ༤ བར་སྤར་ཡོད་པ་ལྟར། ཟླ་གཅིག་གི་རྗེས་སུ་ཨུ་རུ་སུའི་བརྙན་འཕྲིན་ཁང་ (Tsargrad) ལ་གྷུ་གྷལ་ཚོང་ལས་ཁང་གིས་ཨུ་སྒོར་ཐེར་འབུམ་ ༡ སྤྲད་ཡོད་ཚུལ་ཨུ་རུ་སུའི་གསར་ལས་ཁང་དེས་བརྗོད་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese