མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཌོ་ནལ་ཊོམ་ཕུར་ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་རྒྱལ་ཁ་ཐོབ།

བོད་ཀྱི་དུས་བབ།
༢༠༢༤/༡༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༢༤ ལོའི་ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་ཁྲོད་སྤྱི་མཐུན་ཚོགས་པའི་འོས་མི་སྲིད་འཛིན་ཟུར་པ་ཌོ་ནལ་ཊོམ་ཕུར་སྐབས་ ༤༧ པའི་ཨ་རིའི་སྲིད་འཛིན་རྒྱལ་ཁ་ཐོབ།

ཌོ་ནལ་ཊོམ་ཕུར་ཨ་རིའི་སྲིད་འཛིན་གྱི་རྒྱལ་ཁ་ཐོབ། པར་བོད་ཀྱི་དུས་བབ་ཀྱིས་སྒྲིག་བཟོ་བྱས། 

ཁ་སང་དང་དེ་རིང་ཉིན་གཉིས་རིང་ཨ་རི་གཙོ་བྱས་པའི་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་འཛམ་གླིང་གི་སྟོབས་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་ཆེན་མོའི་སྐོར་ལ་ཚ་ཚ་འུར་འུར་དུ་གླེང་སློང་དང་བརྒྱུད་འགོད་བྱེད་བཞིན་ཡོད་པ་ལྟར།  དེ་རིང་ཨ་རིའི་འོས་བསྡུ་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༤ ལོའི་ཨ་རིའི་སྲིད་འཛིན་གྱི་རྒྱལ་ཡོངས་འོས་བསྡུའི་ཁྲོད། དམངས་གཙོ་ཚོགས་པའི་འོས་མི་ཀརྨ་ལ་ཧན་རེ་སིར་འོས་གྲངས་ ༢༢༦ དང་། སྤྱི་མཐུན་ཚོགས་པའི་འོས་མི་སྲིད་འཛིན་ཟུར་པ་ཊོམ་ཕུ་ལ་འོས་གྲངས་ ༢༩༥ ཐོབ་སྟེ། ཊོམ་ཕུ་སྐབས་ ༤༧ པའི་ཨ་རིའི་སྲིད་འཛིན་དུ་འོས་འདེམས་བྱུང་བ་ཡོངས་བསྒྲགས་བྱས། ད་སྔ་བར་གྲོས་ཚོགས་གོང་འོག་གཉིས་ལས་དམངས་གཙོ་ཚོགས་པར་འོས་གྲངས་ ༤༤ དང་སྤྱི་མཐུན་ཚོགས་པར་འོས་གྲངས་ ༥༢ བཅས་ཆགས་ཏེ་གྲོས་ཚོགས་གོང་མ་སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཡོད་ཀྱང་། གྲོས་ཚོགས་འོག་མའི་འོས་གྲངས་ད་དུང་རྩིས་བཤེར་བྱེད་བཞིན་པ་ཡིན་འདུག

ཨ་རིའི་ནེའུ་ཡོག་དུས་བབ་ཀྱིས་འོས་བསྡུའི་གྲུབ་འབྲས་ཕྱི་བསྒྲགས་བྱས་པ་ལྟར་ན། ཨ་རིའི་མངའ་སྡེ་ ༥༠ ཁྲོད་ཌོ་ནལ་ཊོམ་ཕུར་མངའ་སྡེ་  ༢༧ ནང་ནས་རྒྱལ་ཁ་ཐོབ་ནས་འོས་གྲངས་ ༧༢༦༢༣༨༨༢ ཆགས།  ། ཀརྨ་ལ་ཧན་རེ་སིར་མངའ་སྡེ་ ༡༧ ནང་ནས་རྒྱལ་ཁ་ཐོབ་ནས་འོས་གྲངས་ ༦༧༩༢༧༩༨༩ ཆགས། ཨ་རིའི་འོས་བསྡུ་ལྷན་ཚོགས་ནི་ཨ་རིའི་བཅའ་ཁྲིམས་ལྟར། མངའ་སྡེ་རེ་ནས་གྲོས་ཚོགས་འཐུས་མིའི་ཞབས་འགྱག་གི་གྲངས་རིམ་ལྟར་བསྐོ་གཞག་བྱེད་སྲོལ་ཡོད་པ་དང་། ཨ་རིའི་མངའ་སྡེ་ ༥༠ ནང་འོས་བསྡུ་ལྷན་ཚོགས་ལ་ཁྱོན་འཐུས་མི་ ༥༣༨ དང་སྲིད་འཛིན་གྱི་འོས་བསྡུའི་རྒྱལ་ཁ་འཐོབ་པར་འཐུས་མི་ ༢༧༠ ཡི་རྒྱབ་སྐྱོར་འཐོབ་དགོས་ཀྱི་ཡོད་པ་ཞིག་ཡིན་འདུག

ཨ་རིའི་སྲིད་འཛིན་གྱི་འོས་བསྡུས་འཛམ་གླིང་ནང་ཤུགས་རྐྱེན་ཆེན་པོ་སྤྲོད་ཀྱིན་ཡོད་པའི་རྒྱུ་རྐྱེན་ནི། སྲིད་འཛིན་གྱི་འོས་མིའི་ཆབ་དཔལ་རིག་གསུམ་སོགས་ཀྱི་ལྟ་བ་ལངས་ཕྱོགས་ལ་རག་ལས་ཡོད་ཅིང་། འདི་ལོའི་འོས་བསྡུའི་ཁྲོད་བརྗོད་གཞི་བཅུ་གཅིག་ཐོག་འོས་མི་གཉིས་ཀྱི་ལྟ་བ་ལངས་ཕྱོགས་གཞིར་བཟུང་གིས། མི་མང་ནས་འོས་འཕངས་ཡོད་ལ། དེའི་ཁྲོད་ཁྲོམ་རའི་མ་གནས་ཐད། ཀརྨ་ལ་ཧན་རེ་སི་ཡིས། ངལ་རྩོལ་མི་མང་གི་ཟས་རིགས་དང་སྡོད་ཁང་གི་རིན་བབ་མར་བཅག་རྒྱུ་ཡིན་པ་མ་ཟད། ཉིན་རེའི་དམའ་མཐའི་ཐོབ་ཕོག་སྤར་རྩིས་ཡོད། ཨ་རིའི་འབྱོར་ལྡན་བཟོ་ཚོང་ཁང་ཁག་གི་དཔྱ་ཁྲལ་སྤར་རྩིས་ཡོད་ཅིང་། མི་སེར་དཀྱུས་མའི་ཁྱིམ་ཚང་ཁག་ལ་དཔྱད་ཁྲལ་གུ་ཡངས་སུ་གཏོང་རྒྱུའི་ཁས་ལེན་བྱསཡོད།

དེ་བཞིན། ཧན་རེ་སིས་ཁྲིམས་ལུགས་གཏན་འབེབ་ཀྱིས་མངལ་སྤྲུམ་གྱི་ཐོབ་ཐང་ཆ་ཚང་སྤྲོད་རྒྱུ་དང་། མེག་སི་ཁོ་བརྒྱུད་ནས་ཨ་རིར་གནས་སྦོར་བྱེད་བཞིན་པ་དག་གི་ཆེད་དུ་མ་དངུལ་བསྡུ་འགོད་བྱས་ཏེ། ཨ་རིའི་བྱང་ཕྱོགས་ཀྱི་འབྲེལ་ཡོད་ས་གནས་ཁག་ཏུ་ཁྲིམས་འགལ་ཐོག་གནས་སྤོར་བའི་ལས་དོན་སྒྲུབ་མཁན་དག་ལ་གདོང་ལེན་བྱ་རྒྱུ་ཡིན་པ་མ་ཟད། ཕྱི་སྲིད་དང་འབྲེལ་ནས་ཨ་རིས་མུ་མཐུད་ཡོ་ཁུ་རེན་ལ་རྒྱབ་སྐྱོར་བྱ་རྒྱུ་དང་དམིགས་བསལ་དུས་རབས་ཉེར་གཅིག་པའི་ཨ་རྒྱ་གཉིས་ཀྱི་འགྲན་རྩོད་ཁྲོད་རྒྱ་ནག་ལ་རྒྱལ་ཁ་སྤྲོད་རྒྱུ་མིན་པ་གསལ་འདོན་བྱས་ཡོད་ལ། ཚོང་འབྲེལ་གྱི་ཐོག་ནས་རྒྱ་ནག་ནས་ནང་འདྲེན་བྱས་པའི་དངོས་ཟོག་ཐོག་དཔྱ་ཁྲལ་སྤར་རྩིས་ཡོད། ཧན་རེ་སིས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་ཇུས་ལ་རྒྱབ་སྐྱོར་བྱས་ཏེ། གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་དཀའ་ངལ་རིགས་སེལ་ཐབས་བྱ་རྒྱུ་ཡིན་འདུག

ཌོ་ནལ་ཊོམ་ཕུས། ཨ་རིའི་ནང་ཁྲོམ་རའི་མ་གནས་དང་འབྲེལ་བའི་དཀའ་ངལ་མེད་པར་བཟོ་ཐབས་སུ། སྣུམ་གྱི་ཐོན་ཁུངས་ཇེ་མང་དུ་གཏོང་རྒྱུ་དང་ཡིག་ཆ་མེད་པའི་གནས་སྤོར་བ་དག་ཕྱིར་ཕུད་བཏང་སྟེ་ཨ་རིའི་མི་མང་ཡོངས་ནས་སྡོད་ཁང་དང་དངོས་ཟོག་སོགས་ཉོ་ཚོང་ཐུབ་པར་བཟོ་རྒྱུ་ཁས་ལེན་བྱས་ཡོད། ཚོང་འབྲེལ་དང་འབྲེལ་ནས་ནང་འདྲེན་བྱས་པའི་ཚོང་ཟོག་ཐོག་ཁྲལ་སྤར་ཏེ་ཨ་རིའི་མི་མང་ལ་ཨ་སྒོར་ཁྲི་ཁྲག་མང་པོའི་དཔྱད་ཁྲལ་ཆག་ཡངས་གཏོང་རྒྱུ་དང་།  གནས་སྦོ་སྲིད་ཇུས་ཐད་ཊོམ་ཕུས་མེག་སི་ཁོ་བརྒྱུད་ནས་གནས་སྤོ་བྱེད་མཁན་བཀག་འགོག་གི་ཆེད་དུ་རྩིག་གྱང་རྒྱག་རྒྱུ་མ་ཟད། ཆབ་སྲིད་ཚོགས་པ་སྣ་མང་གི་ཐོག་ནས་ཁྲིམས་ལུགས་གཏན་འབེབ་ཀྱིས་གནས་སྤོར་བ་བཀག་སྡོམ་བྱ་རྒྱུ་དང་ལྷག་པར་དུ་ཨ་རིའི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་ཡིག་ཆ་ངེས་གཏན་མེད་པའི་གནས་སྤོར་བ་འབོར་ཆེན་ཕྱིར་ཕུད་གཏོང་རྒྱུ་ཡིན་འདུག

དེ་བཞིན་ཕྱི་སྲིད་དང་འབྲེལ་ནས། ཊོམ་ཕུས་ཨ་རི་འཛམ་གླིང་ཡུལ་ལུང་གང་གི་དམག་འཁྲུག་སོགས་ཀྱི་དཀྱིལ་འཁོར་ནས་ཕྱིར་འཐེན་བྱ་རྒྱུ་དང་། ཁོ་སྲིད་འཛིན་ཆགས་རྗེས་ཀྱི་ཆུ་ཚོད་ ༢༤ ནང་ཚུད་དུ་ཡོ་ཁུ་རེན་དང་ཨུ་རུ་སུའི་བར་གྲོས་མོལ་བརྒྱུད་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་ཁས་ལེན་བྱས་ཡོད། འོན་ཀྱང་། གྷ་རྫའི་དམག་འཁྲུག་ཐོག་ཨི་ཟི་རལ་ལ་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་བསྟན་པ་ལས། གྷ་རྫའི་དམག་འཁྲུག་སེལ་ཐབས་ཐད་སྐད་ཆ་དམིགས་བསལ་བཤད་མེད་པ་རེད། ཚོང་འབྲེལ་ཐད་ཕྱི་ཕྱོགས་ནས་ནང་འདྲེན་བྱས་པའི་ཚོང་ཟོག་ཚང་མའི་ཐོག་དཔྱ་ཁྲལ་བརྒྱ་ཆ་ ༡༠ ནས་ ༢༠ བར་སྤར་རྩིས་ཡོད། ཚན་རིག་གིས་སྒྲུབ་བཞིན་པའི་གནམ་གཤིས་འགྱུར་ལྡོག་ལ་ཡིད་ཆེས་མེད་ཁར། ཁོས་སྔོན་མ་ཁོར་ཡུག་སྲུང་དང་འབྲེལ་བའི་ཚོགས་པ་ཁག་ ༡༠༠ ལྷག་སྒོ་བརྒྱབ་ཡོད་ལ། ད་རེས་ཀྱང་དེ་བཞིན་བྱ་རྒྱུའི་འཆར་གཞི་ཡོད།

ཊོམ་ཕུས་ཕྱི་ལོ་ ༢༠༢༠ ལོའི་འོས་བསྡུའི་མཇུག་འབྲས་ལ་ངོས་ལེན་བྱས་མེད་ཁར། ཁོས་རང་ཉིད་ཀྱི་རྒྱབ་སྐྱོར་བ་དག་ཕོ་བྲང་དཀར་པོ་གཏོར་བཅོམ་གཏོང་བར་མངགས་ཡོད་ལ། ད་རེས་ཀྱང་རང་ཉིད་ལ་ཕམ་ཁ་བྱུང་ཚེ། འོས་བསྡུའི་གྲུབ་འབྲས་ལ་ངོས་ལེན་བྱ་རྒྱུ་མིན་ཞེས་ཁ་གསལ་བཟོས་ཡོད་པས། ཁོ་ནི་ཨ་རིའི་ལོ་རྒྱུས་ནང་འོས་བསྡུའི་གྲུབ་འབྲས་ཁས་ལེན་མི་བྱེད་པའི་སྲིད་འཛིན་ཁོ་ན་དེ་ཡིན་པ་རེད།

དབྱེ་ཞིབ་པ་མང་པོས། ཊོམ་ཕུས་སྔོན་མ་ནང་ལྟར་ཨ་རི་གཙོ་བཟུང་གིས་སྲིད་ཇུས་ཤིག་བཟུང་ཞིང་། རང་ཉིད་ཀྱི་བཀག་རྡོ་ལྟ་བུར་གྱུར་བའི་ཨ་རིའི་མང་གཙོའི་ལམ་ལུགས་ལ་རྨ་ཁ་བཟོ་ཉེན་ཆེ་བ་མ་ཟད། ཨ་རིའི་སྣེ་ཁྲིད་པའི་འཛམ་གླིང་གི་སྣང་ཚུལ་ལ་འགྱུར་ལྡོག་འགྲོ་སྲིད་སྐོར་སོགས་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

ཆུ་ཚོད་ ༦ སྔོན་ལ།
Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༢༣ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༢༤ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

༢༠༢༦/༠༤/༡༥
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

༢༠༢༦/༠༤/༡༥
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

༢༠༢༦/༠༤/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese