མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་ལས་བྱེད་བདུན་གྱི་བོད་དོན་དྲིལ་བསྒྲགས།

བོད་ཀྱི་དུས་བབ།
༢༠༢༤/༡༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་དང་ལས་བྱེད་བདུན་གྱིས་བཞུགས་སྒར་དྷ་རམ་ས་ལ་ནས་ལྡི་ལི་བར་བོད་ནང་གི་བོད་ཕྲུག་དང་ཁོར་ཡུག་ལ་འཇིགས་སྣང་སྐྱེད་པའི་གནས་སྟངས་ཞེས་པའི་སྐོར་སྐྱོད་ལས་འགུལ་ཞིག་སྤེལ་བཞིན་འདུག

དབུས་བུད་མེད་ལྷན་ཚོགས་ཀྱིས་དྷ་ས་ནས་ལྡི་ལི་བར་བོད་དོན་ལས་འགུལ་སྤེལ་བཞིན་འདུག དུས་བབ་ཀྱི་པར། ༢༠༢༤།༡༡།༡༤

དེ་རིང་རྒྱ་གར་རྒྱལ་ཡོངས་བྱིས་པའི་ཉིན་མོ་དང་བསྟུན། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ཉིན་གྲངས་བདུན་རིང་བཞུགས་སྒར་དྷ་རམ་ས་ལ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བར་བོད་ནང་གི་བོད་ཕྲུག་དང་ཁོར་ཡུག་ལ་འཇིགས་སྣང་སྐྱེད་པའི་གནས་སྟངས་ཞེས་པའི་བོད་དོན་དྲིལ་བསྒྲགས་ཀྱི་སྐོར་སྐྱོད་ཞིག་མགོ་བཙུགས་ཡོད་ཅིང་། ཐེངས་འདིའི་སྐོར་སྐྱོད་ནང་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་ལྔ་དང་ལས་བྱེད་གཉིས་བཅས་ཁྱོོན་བུད་མེད་བདུན་འདུག ཁོང་ཚོས་རྒྱ་གར་གྱི་ཨོ་ན་དང་། ཅན་དྷི་སྒར། ཨམ་བྷ་ལ། པ་ནི་པ་ཌི་སོགས་ཀྱི་ས་གནས་སུ་སྐོར་སྐྱོད་གནང་རྒྱུ་ཡིན་འདུག་ལ། སྦག་སྦག་གིས་སྐོར་སྐྱོད་ཐུབ་ཚོད་ཅིག་ལ་སོང་རྗེས་རླངས་འཁོར་ནང་དུ་འགྲོ་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་།

ཐེངས་འདིའི་བོད་དོན་དྲིལ་བསྒྲགས་སྐོར་ལ་དབུས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས་ཀྱིས་འདི་གའི་གསར་འགོད་པར། བོད་ནང་གི་བོད་ཕྲུག་ཚོར་དཀའ་ངལ་འཕྲད་བཞིན་ཡོད་པ་མ་ཟད། རྒྱ་གཞུང་གིས་ཆུ་རགས་འཛུགས་སྐྲུན་གྱིས་བོད་ཀྱི་གཙང་བོ་ཁ་བསྒྱུར་བྱེད་པ་དང་། གནམ་གཤིས་འགྱུར་ལྡོག་གི་རྐྱེན་གྱིས་ཆུ་ལོག་གི་དཀའ་ངལ་སྤྲོད་བཞིན་ཡོད། ཅེས་དང་།  ཐེངས་འདིར་བོད་དོན་སྐོར་སྐྱོད་ཀྱི་ཞུ་གཏུགས་བྱེད་ས་གཙོ་བོ་རྒྱ་གར་གཞུང་ཆགས་ཡོད་ཅིང་། རྒྱ་གར་གྱི་སྲིད་བློན་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིན་དང་མཇལ་འཕྲད་ཡང་ཡང་གནང་ཡོད་ཀྱང་། བོད་དོན་ཐོག་བཀའ་མོལ་ཅི་ཡང་གནང་གི་མེད་པས། སྲིད་བློན་གྱི་གོ་གནས་སུ་ཡང་བསྐྱར་ཕེབས་པ་དང་བསྟུན་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིན་དང་མཉམ་དུ་བོད་དོན་བཀའ་མོལ་གནང་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། དེ་བཞིན་ང་ཚོ་རྒྱ་གར་གྱི་སྤྱི་ཚོགས་ནང་དུ་ཞུགས་ཏེ་རྒྱ་གར་མི་མང་ལ་དེང་རབས་ཀྱི་དྲ་ལམ་སོགས་ཀྱི་ཐོག་ནས་རྒྱ་གར་གྲོས་ཚོགས་འཐུས་མི་དང་རྫོང་དཔོན་སོགས་ལ་བོད་དོན་ཐོག་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་དང་གོ་རྟོགས་སྤེལ་བཞིན་ཡོད། ཅེས་འགྲེལ་བརྗོད་གནང་བྱུང།

དབུས་བུད་མེད་ལྷན་ཚོགས་ཀྱི་དེ་འབྲེལ་བསྒྲགས་གཏམ་ནང་།   རྒྱ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་སྟེ་བོད་ཀྱི་ཆོས་དང་རིག་གཞུང་རྩ་གཏོར་གཏོང་ཐབས་ཀྱི་སྲིད་ཇུས་སྤེལ་བཞིན་ཡོད་སྐོར་དང་། བོད་ནང་གི་བྱིས་པ་ལོ་ ༡༨ མན་གྱི་གྲྭ་བཙུན་རྣམས་བཙན་གྱིས་དགོན་པ་ནས་ཕྱིར་ཕུད་བཏང་སྟེ་རྒྱ་གཞུང་གི་བཅའ་སྡོད་སློབ་གྲྭར་འཇུག་བཞིན་ཡོད་པ་མ་ཟད། བོད་ཀྱི་བྱིས་པ་བཞི་ལས་གསུམ་ཁྱིམ་མི་དང་ཁ་བྲལ་ཏེ་བཅའ་སྡོད་སློབ་གྲྭར་བཅུག་ཡོད་པ་སོགས་འཁོད་འདུག

དབུས་བུད་མེད་ལྷན་ཚོགས་ཀྱིས་དྷ་ས་ནས་ལྡི་ལི་བར་བོད་དོན་ལས་འགུལ་སྤེལ་བཞིན་འདུག དུས་བབ་ཀྱི་པར། ༢༠༢༤།༡༡།༡༤

དེ་བཞིན་རྒྱ་ནག་གིས་བོད་བཙན་བཟུང་མ་བྱས་གོང་ཧི་མ་ལ་ཡའི་རི་རྒྱུད་དུ་རྒྱ་ནག་གི་དྲག་ཆས་དམག་དཔུང་གཅིག་ཀྱང་འགྲེམས་འཇོག་བྱས་མྱོང་མེད་ཀྱང་།  ད་ལྟའི་ཆར་རྒྱ་གར་མཐའ་མཚམས་སུ་བར་སྟོང་མེད་པར་ཛ་དྲག་གི་གནས་སྟངས་ཆགས་ནས་དམག་འཁྲུག་འབྱུང་ཉེན་ཆེ་བ་དང་། རྒྱ་ནག་གཞུང་གིས་མཐའ་མཚམས་སུ་མྱུར་བགྲོད་གཞུང་ལམ་གསར་རྒྱག་དང་གངས་དཀར་ཏི་སིར་གནས་སྐོར་དུ་འགྲོ་བ་སོགས་བཀག་སྡོམ་བྱེད་བཞིན་ཡོད་པ་བཅས་ནི་སེམས་འཚབ་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་སྐོར་སོགས་བཀོད་འདུག

ཐེངས་འདིའི་ལས་འགུལ་གྱི་འབོད་ཚིག་དོན་ཚན་གསུམ་ནི་རྒྱ་ནག་དམར་གཞུང་གིས་བོད་ནང་བཙན་རྒྱལ་རིང་ལུགས་ཀྱི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་ཀྱི་གནད་དོན་ཐད་རྒྱ་གར་གཞུང་གིས་གླེང་མོལ་གནང་སྟེ་བོད་ཕྲུག་ལ་སྲུང་སྐྱོབ་དགོས་པ་དང་།  རྒྱ་གཞུང་གིས་བོད་ནང་འཕེལ་རྒྱས་ལ་ཁ་གཡར་བའི་ལས་གཞི་ཁག་ཅིག་གིས་བོད་ཀྱི་ཁོར་ཡུག་ཉམས་རྒུད་དུ་འགྲོ་བཞིན་ཡོད་པས་བོད་ནང་གི་གནོད་འཚེ་སེལ་དགོས། དེ་བཞིན་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བའི་བྱ་སྤྱོད་ལ་ཛ་དྲག་གི་ཐབས་ཤེས་འདོན་དགོས་པའི་འབོད་སྐུལ་བཅས་ཞུས་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བསམ་ཚུལ།

སྤེན་པ་ཚེ་རིང་ལ་འོས་ཐོབ་བརྒྱ་ཆ་ ༦༠ ཡན་ལོན་ཡོད་དམ་མེད།

ཆུ་ཚོད་ ༤ སྔོན་ལ།
Front Slider

ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟཊ་ཕུལ།

ཆུ་ཚོད་ ༤ སྔོན་ལ།
ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་དུ་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟགས་འབུལ་ལམ་ཞུས། ༢༠༢༦།༥།༡ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཇོ་ནང་གཞིས་བྱེས་གཉིས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༦ སྔོན་ལ།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་གནས་བརྟན་སྡེ་བའི་ལུགས་ཀྱི་ས་ག་ཟླ་བར་འཚམས་འཕྲིན་མཛད།

ཆུ་ཚོད་ ༦ སྔོན་ལ།
Myanmar state TV
State TV broadcast a picture of the Nobel laureate in confinement
Mobile App

ལྕམ་ཨང་སན་སུའུ་སྐྱིད་ལགས་བཟང་བཙོན་དུ་བཞག་ཡོད་ལུགས་བསྒྲགས།  

ཆུ་ཚོད་ ༧ སྔོན་ལ།
Front Slider

གློ་སྒྲིག་གི་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པ།

༢༠༢༦/༠༤/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese