མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཀརྨ་བསམ་འགྲུབ་ལགས་ཀློད་འདུག

བོད་ཀྱི་དུས་བབ།
༢༠༢༤/༡༡/༡༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་མི་ལོ་ ༡༥ བཙོན་འཇུག་ཁྲིམས་ཐག་བཅད་པའི་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་དང་གནའ་རྫས་བདག་གཉེར་བ་ཀརྨ་བསམ་འགྲུབ་ལགས་ཀློད་གྲོལ་བཏང་འདུག

བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་དང་གནའ་རྫས་སྲུང་སྐྱོབ་པ་ཀརྨ་བསམ་འགྲུབ་ལགས་ཀློད། ༢༠༢༤།༡༡།༡༨ པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་།

འདི་ག་བོད་ཀྱི་དུས་བབ་གསར་ཁང་ལ་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། རྒྱ་ནག་གཞུང་གིས་མི་ལོ་ ༡༥ བཙོན་འཇུག་ཁྲིམས་ཐག་བཅད་པའི་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་དང་གནའ་རྫས་བདག་གཉེར་བ་ཀརྨ་བསམ་འགྲུབ་ལགས་ཀློད་གྲོལ་བཏང་ཡོད་འདུག་ལ། གནས་ཚུལ་མཁོ་སྤྲོད་པས་ཁོང་བཙོན་ཁང་གང་ནས་ཀློད་ཡོད་མེད་དང་སྐུ་གཟུགས་གནས་སྟངས། འགྲོ་འདུག་ལ་རང་དབང་ཡོད་མེད་སོགས་གསལ་པོ་ཤེས་རྟོགས་མ་བྱུང་ཡང་། ཕལ་ཆེར་ཁ་སང་ཀློད་ནས་དེ་རིང་ཁྱིམ་དུ་འབྱོར་ཡོད་ཚོད་འདུག་ཅེས་བརྗོད་བྱུང་།

ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༢༤ ཉིན་རྒྱ་ནག་ཤིན་ཅང་ཡན་ཆི་རྫོང་ཁྲིམས་ཁང་གིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཀརྨ་བསམ་འགྲུབ་ལགས་ལ་ལོ་ ༡༥ ཡི་བཙོན་འཇུག་ཁྲིམས་ཆད་དང་། མི་ལོ་ ༥ རིང་ཆབ་སྲིད་ཀྱི་ཁེ་དབང་འཕྲོག རྒྱ་སྒོར་ ༡༠༠༠༠ ཉེས་ཆད་བཅས་བཅད་ཡོད་པ་རེད། སྐབས་དེར་ཀརྨ་བསམ་འགྲུབ་ལགས་ཀྱི་ཁྲིམས་རྩོད་པ་ཕུ་ཀྲི་ཆང་(Pu Zhiqiang)ལགས་ཀྱིས། ང་ཚོར་ཁྲིམས་ཁང་གི་ཡིག་ཆ་སྔོག་པ་དང་ཁོང་དཀར་འདོན་བྱེད་རྒྱུའི་ཁུངས་སྐྱེལ་ཡིག་ཆ་འཚོལ་རྒྱུར་དུས་ཚོད་ཀྱིས་འདང་མ་སོང་། ལྷག་པར་དུ་ཁོང་དང་ཐུག་འཕྲད་སྐབས་སུན་བཙིར་མང་བོ་བྱས་སོང་། ཞེས་དང་། ཀརྨ་བསམ་འགྲུབ་ལགས་སུ་ཁྲིམས་ཆད་ཧ་ཅང་ལྗིད་པོ་བཅད་ཡོད་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད།

ཀརྨ་བསམ་འགྲུབ་ལགས་ཕྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༣ ཉིན་འཛིན་བཟུང་བཙན་འཁྲིད་བྱས་ཡོད་ཅིང་། ཟླ་ཤས་རིང་ཤིན་ཅང་པཱ་ཀྲིག་ཟེར་བར་བཀག་ཉར་བྱས་ཏེ་སྡུག་སྦྱོང་མནར་གཅོད་དང་འདྲི་རྩད་བཙན་སྐུལ་བསམ་ཡུལ་ལས་འདས་པ་བྱས་རྗེས། ལོ་དེའི་ཕྱི་ཟླ་ ༦ ཚེས་ ༢༤ ཉིན་ཤིན་ཅང་ཡན་ཆི་རྫོང་ཁྲིམས་ཁང་གིས་ཁོང་ལ་དུར་ས་བསྔོགས་ཏེ་རིག་གཞུང་གི་ཤུལ་དངོས་བརྐུ་འཁྱེར་བྱས་ཡོད་པའི་ནག་ཉེས་བཙུགས་ཏེ་ཁྲིམས་ཐག་བཅད་ཡོད་འདུག སྤྱིར་བཏང་ཕྱི་ལོ་ ༡༩༩༨ ཙམ་ལ་ཞིན་ཅང་ནས་ཁོང་ལ་ནག་ཉེས་དེ་བཙུགས་ཡོད་ཀྱང་ཕྱིས་སུ་དཀར་འདོན་བྱས་ཟིན་པ་ཞིག་ཡིན་འདུག

བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་རིན་ཆེན་བསམ་འགྲུབ་ལགས།

ཀརྨ་བསམ་འགྲུབ་ལགས་ཀྱི་སྤུན་རིན་ཆེན་བསམ་གྲུབ་དང་འཆི་མེད་རྣམ་རྒྱལ་གཉིས་ཕྱི་ལོ་ ༢༠༠༩ ཟླ་ ༨ པའི་ནང་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་ལས་ཀ་བྱས་པའི་ཉེས་མིང་འོག་རིན་ཆེན་བསམ་གྲུབ་ལགས་ལ་ལོ་ ༥ བཙོན་འཇུག་ཁྲིམས་ཐག་བཅད་དེ་ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༨ ཉིན་ལྷ་སའི་བཙོན་ཁང་ཞིག་ནས་ཀློད་ཡོད་པ་དང་། འཆི་མེད་རྣམ་རྒྱལ་ལགས་ལོ་གཅིག་དང་ལོ་ཕྱེད་ཙམ་རིང་ངལ་རྩོལ་བསྒྱུར་བཀོད་ཁང་དུ་བཅུག་ཡོད་པ་རེད།

ད་ལྟ་རང་ལོ་ ༥༦ ཙམ་ཡིན་པའི་ཀརྨ་བསམ་འགྲུབ་ལགས་ནི་བོད་གོ་འཇོ་རྫོང་བསམ་འཕེལ་ཡུལ་ཚོ་སྡོམ་པ་གྲོང་རྡལ་ནས་ཡིན་ལ། ཁོང་སྤུན་གསུམ་གྱིས་ཨ་ཆུང་སེང་གེ་གནམ་རྫོང་གི་དྭང་བླངས་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཞེས་པ་ཞིག་ཆེད་འཛུགས་བྱས་ཤིང་། རིན་ཆེན་བསམ་འགྲུབ་དང་འཆི་མེད་རྣམ་རྒྱལ་གཉིས་ཀྱིས་རྒྱ་ནག་གི་ལས་བྱེད་ཚོས་ཡུལ་དེའི་རི་སྐྱེས་སྲོག་ཆགས་རྣམས་ལ་གནོད་འཚེ་གཏོང་གི་ཡོད་པའི་གནད་དོན་ཞུ་གཏུགས་བྱས་རྗེས།  རྒྱ་ནག་གཞུང་གིས་ཁྲིམས་འགལ་ཐོག་ནས་ཁོང་གཉིས་ཀྱིས་ཁོར་ཡུག་དང་འབྲེལ་བའི་གནས་ཚུལ་བསྡུ་རུབ་བྱས་ཤིང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་ལས་ཀ་བྱས་ཚུལ་གྱི་ནག་ཉེས་བཙུགས་ཡོད་པ་རེད།

འབྲེལ་ཡོད་གནས་ཚུལ། ཀརྨ་བསམ་འགྲུབ་ལ་ལོ་ ༡༥ བཙོན་ཐག་བཅད་པ།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

དཔའ་བོའི་མངོན་འདོད་རྒྱུན་མཐུད་ཀྱི་ཟས་བཅད་ངོ་རྒོལ་སྤེལ་མགོ་བཙུགས།

སྐར་མ ༣ སྔོན་ལ།
Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

ཆུ་ཚོད་ ༡༨ སྔོན་ལ།
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese