མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་ལོ་རྒྱུས་སྨྲ་བ་གྲགས་ཅན་ནོར་བྲང་ཨོ་རྒྱན་ལགས་སྐུ་གཤེགས།

བོད་ཀྱི་དུས་བབ།
༢༠༢༤/༡༡/༢༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་ལོ་རྒྱུས་སྨྲ་བ་གྲགས་ཅན་ནོར་བྲང་ཨོ་རྒྱན་ལགས་དགུང་ལོ་ ༩༢ ཐོག་བོད་ཀྱི་རྒྱལ་ས་ལྷ་ས་རུ་སྐུ་གཤེགས་པའི་གནས་ཚུལ་ཐོན་འདུག

བོད་ཀྱི་ལོ་རྒྱུས་སྨྲ་བ་གྲགས་ཅན་ནོར་བྲང་ཨོ་རྒྱན་ལགས། དྲ་ལམ་གྱི་པར།

ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་བོད་ཀྱི་ལོ་རྒྱུས་སྨྲ་བ་གྲགས་ཅན་ནོར་བྲང་ཨོ་རྒྱན་ལགས་དགུང་ལོ་ ༩༢ ཐོག་བོད་ཀྱི་རྒྱལ་ས་ལྷ་ས་ནས་སྐུ་གཤེགས་པའི་གནས་ཚུལ་ཐོན་ཡོད་ཅིང་། བོད་ནང་གི་སྙན་ངག་པ་དང་རྩོམ་པ་པོ། ཤེས་ཡོན་པ་སོགས་ཀྱི་ཁོང་གི་ཤུལ་ལུས་ནང་མི་ལ་སེམས་གསོ་དང་། ཁོང་ལ་མྱ་ངན་གྱི་སྨྲེ་ངག་འདོན་གྱི་འདུག

བོད་ནང་གི་བོད་མི་ཤེས་ཡོན་པ་ཞིག་གིས་རང་གི་སྐད་འཕྲིན་རྒྱབ་ལྗོངས་སུ་ཁོང་གི་སྐུ་པར་ཞིག་བཞག་ནས། ཕ་སྐད་གསེར་གྱི་ལྡེ་མིག་ཅན་ཚོ་རིམ་བཞིན་ནུབ་རིར་ཡིབ་ཀྱིན་འདུག གངས་ཐང་གི་གཅེས་ཕྲུག་ཚོ་ཉིན་བཞིན་འོས་འགན་སློབ་གསོའི་དབང་དུ་ཤོར། ད་ནི་དངོས་གནས་ངུ་སྙིང་འདོད་པ་ཞིག་རེད་ཨང་། ཞེས་དང་། ཡང་བོད་མི་གཞན་ཞིག་གིས། རང་གི་རིག་གཞུང་ལ་སྤྲོ་ཤུགས་ནུས་གསུམ་གྱི་དབལ་རྣོ་བའི་མཁས་པ་རྣམས་རེ་རེ་གཉིས་གཉིས་བྱས་ནས་བཞུད་འགྲོ་བ་འདི་འདྲ་སྙིང་མི་དགའ་བ་ཞིག་བཙལ་ཡང་མི་འདུག ཅེས་བྲིས་འདུག

དེ་བཞིན་བོད་མི་ཞིག་གིས། མི་འདི་ཚོ་གངས་རིའི་ཕྱི་ནང་སྲུང་བའི་ལྕགས་རི་ཡིན། ཁོ་ཚོའི་མི་ཚེ་གངས་རིའི་ཚེ་སྲོག་ལ་ཕུལ་ཡོད། གངས་རིའི་མིང་སྲིང་ཚོའི་སེམས་ནང་གི་ཕོ་རྒོད་དག་དག་ཡིན། ཕ་སྐད་ཀྱི་སྲོག་ཤིང་ཡིན་པའི་བགྲེས་པོ་ལགས། བདེ་བར་བཞུད། ཅེས་བྲིས་འདུག་ལ། བོད་ནང་གི་སྙན་ངག་པ་སྐྱབས་ཆེན་བདེ་གྲོལ་ལགས་དང་། རྩོམ་པ་པོ་དང་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་འཐབ་རྩོད་པ་ཞོགས་ལྗང་ལགས་སོགས་ཀྱིས་འདས་པོ་ཁོང་ལ་མྱ་ངན་ཞུས་འདུག

བོད་ཀྱི་ལོ་རྒྱུས་སྨྲ་བ་གྲགས་ཅན་ནོར་བྲང་ཨོ་རྒྱན་ལགས་ནི་ཕྱི་ལོ་ ༡༩༣༣ ལོར་གཞིས་རྩེ་གྲོང་ཁྱེར་གདོང་དཀར་གྲོང་ཚོའི་ཞིང་པ་འབྲིང་བའི་ཁྱིམ་ཚང་ཟངས་ལུང་པའི་ཕ་དགྲ་ལྷ་ལགས་དང་མ་སྤེན་པ་སྒྲོལ་མ་ལགས་གཉིས་ཀྱི་བུར་སྐྱེས། ༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པའི་མཚན་ཞབས་པ་རྡོ་གདན་པ་དཀའ་ཆེན་ངག་དབང་ལགས་དང་། དཀའ་ཆེན་བཟོད་པ་ལགས། དཀའ་ཆེན་པདྨ་ལགས་སོགས་མཁས་པའི་དབང་པོ་དུ་མ་བསྟེན་ནས་སུམ་རྟགས་དག་གསུམ་དང་སྙན་ངག་མེ་ལོང་མའི་གཞུང་ཁྲིད། མངོན་བརྗོད་བཅས་ཀྱི་སློབ་གཉེར་མཛད། ཕྱི་ལོ་ ༡༩༩༣ ལོར་ཁོང་དང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་གཉིས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་ཀྱི་ལོ་རྒྱུས་དེབ་ཐེར་《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་དཔེ་དེབ་དཔྱད་འདེམས་ཁྲོད་རྒྱལ་ཁབ་རིམ་པའི་བྱ་དགའ་ཐོབ་ཅིང་། ཕྱི་ལོ ༢༠༠༦ ལོར་ཀྲུང་གོ་བོད་རིག་པའི་དཔེ་དེབ་ཀྱི་བྱ་དགའ་མཐོ་ཤོས་ཇོ་མོ་གླང་མའི་དམིགས་བསལ་གྱི་བྱ་དགའ་ཐོབ་ཡོད་པ་མ་ཟད། ཁོང་གི་བརྩམས་པའི《བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཀྱི་འགྲེལ་པ་ཡིད་ཀྱི་དགའ་སྟོན་》ལ་ཐེངས་གཉིས་པའི་ཀྲུང་གོ་མི་རིགས་དཔེ་དེབ་ཀྱི་རིམ་པ་གསུམ་པའི་བྱ་དགའ་ཐོབ་པ་སོགས་རྒྱལ་ཡོངས་ཀྱི་བྱ་དགའ་མང་དག་ཅིག་ཐོབ།

གསུང་རྩོམ་ལ་«དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཀྱི་འགྲེལ་པ་ཡིད་ཀྱི་དགའ་སྟོན་»དང་། «ཆོས་རྣམ་ཀུན་བཏུས་»སྟོད་སྨད་གཉིས། «སྤྲིན་གྱི་ཕོ་ཉའི་འགྲེལ་པ་ངོ་མཚར་དགའ་སྟོན་» «དཔལ་གྲུབ་པའི་དབང་ཕྱུག་བརྩོན་འགྲུས་བཟང་པོའི་རྣམ་ཐར་» «རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་འགྲེལ་པ་ཡིད་ཀྱི་སྙེ་མ་»པོད་གཉིས། «རྗེ་ཙོང་ཁ་པའི་གསུང་རྩོམ་སྙན་ངག་ཨའི་དབྱངས་ངེས་སོགས་ཁག་གསུམ་གྱི་འགྲེལ་པ་» «བོད་སིལ་བུའི་བྱུང་བ་བརྗོད་པ་ཤེལ་དཀར་ཕྲེང་བ་» «ཆོས་རྒྱལ་དྲི་མེད་ཀུན་ལྡན་གྱི་རྟོགས་བརྗོད་བསྔགས་འོས་བསྔགས་པའི་རྩ་འགྲེལ་པད་དཀར་ཆུན་པོ་» «བོད་ཀྱི་གནའ་རབས་དཔལ་འབྱོར་ཐང་བཞིའི་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་ངོ་མཚར་མིག་འབྱེད་» «རྗེ་བཙུན་མི་ལའི་རྟོགས་བརྗོད་སྙན་ཚིག་མའི་རྩ་འགྲེལ་» «ནོར་བྲང་ཨོ་རྒྱན་གྱི་གསུང་རྩོམ་ཕྱོགས་བསྒྲིགས་» «བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་»པོད་གསུམ་ཅན་སོགས་གསུང་འབུམ་པོད་གྲངས་ཉི་ཤུ་ལྷག་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese