མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀ་རིང་གི་དུད་ཁྱིམ་མང་པོ་བཙན་གྱིས་གནས་སྤོར་གཏོང་གིན་འདུག

བོད་ཀྱི་དུས་བབ།
༢༠༢༤/༡༡/༢༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་མདོ་སྨད་ཡ་རྫི་རྫོང་ཀ་རིང་ཡུལ་ཚོའི་ཡ་ཀ་དང་བིས་ཚང་སྡེ་བ་གཉིས་ཀྱི་ཕྱེད་ཀ་ས་གནས་གཞན་དུ་གནས་སྤོར་དགོས་བཙན་བཀའ་བཏང་འདུག

པར་འབྲེལ་ཡོད་ནས་མཁོ་སྤྲོད་གནང་།

དེ་རིང་འདི་གའི་གསར་འགོར་པར་གནས་ཚུལ་འབྱོར་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༡༠ ཟླ་མཇུག་ཙམ་ནས་རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་ཡ་རྫི་ (རྒྱ་སྐད་དུ་ཞིན་ཧྭ།) རྫོང་ཀ་རིང་བོད་རིགས་ཞང་ཁོངས་ཀྱི་གནས་རི་ཨ་མྱེས་ར་སྟོད་ཉིལ་སྲིད་རབས་བཤད་ནས། རི་འདབས་ཀྱི་ཡ་ཀ་སྡེ་བ་དང་བིས་ཚང་སྡེ་བ་གཉིས་ཀྱི་ཕྱེད་ཀ་ས་གནས་གཞན་དུ་སྤོར་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་དང་། ཨ་མྱེས་ར་སྟོད་ནི་ཀ་རིང་ལུང་པའི་གནས་རི་གཙོ་བོ་ཡིན་པ་དང་། ཀ་རིང་ལུང་པར་ཁྱོན་ས་མ་འབྲོག་གི་སྡེ་བ་ཆེ་ཆུང་ ༢༢ ཡས་མས་ཤིག་དང་། ཡ་ཀ་སྡེ་བར་དུད་ཁྱིམ་  ༢༠༠ ཡས་མས་དང་། བིས་ཚང་སྡེ་བར་དུད་ཁྱིམ་ ༡༠༠ ལྷག་ཡོད་པའི་གྲས་ནས་བརྒྱ་ཆའི་སུམ་བཅུ་ལྷག་ཨ་མྱེས་ར་སྟོད་གནས་རིའི་རི་འདབས་དང་རི་སྟེང་དུ་འཁེལ་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས། གནས་སྤོར་དུད་ཁྱིམ་སོ་སོར་གནས་སྤོར་གྱི་འདེམ་ཀ་གཉིས་ལས་མེད་པ་དང་། དེ་ལས་གཅིག་ནི་རྒྱ་ནག་གཞུང་གིས་གནས་སྤོར་ཁྱིམ་ཚང་རེར་ཁ་གསབ་རོགས་དངུལ་རྒྱ་སྒོར་ཁྲི་ ༡༥ སྤྲོད་རྒྱུ་དང་། ཡང་ན་ཡ་རྫི་རྫོང་ཐོག་ཏུ་རྒྱལ་ཁབ་ཀྱིས་ལས་པའི་ཁང་ཆུང་ཁག་ཅིག་གི་ནང་སྤོར་དགོས་པ། འདེམ་ཀ་དེ་གཉིས་ལས་གཅིག་མ་མ་གཏོགས་འདེམ་མི་ཆོག་པ་སྟེ། སྒོར་མོ་ལེན་མཁན་ལ་སྡོད་ཁང་མེད་པ་དང་། སྡོད་ཁང་ལེན་མཁན་ལ་སྒོར་མོ་མེད་པར་མ་ཟད། རང་ཡུལ་གྱི་སྡོད་ཁང་དང་ས་ཞིང་ཚང་མ་འདོར་དགོས་པའི་གནས་སྟངས་བྱུང་འདུག ཅེས་བརྗོད་བྱུང་།

ས་གནས་ཡུལ་མི་ཚོས་བརྗོད་པའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་ཁག་གིས། ལོ་གཅིག་གཉིས་ཀྱི་སྔོན་ནས་གནས་རི་དེར་ཚན་རིག་རྟོག་ཞིབ་དང་སྔོག་འདོན་ཚོད་ལྟ་བྱས་ཡོད་ནའང་། ད་བར་དུ་རྒྱབ་རི་དེ་གར་གཏེར་རྫས་ཅི་ཞིག་ཡོད་མེད་སྡེ་མི་སུས་ཀྱང་ཤེས་རྟོགས་ཐུབ་མེད་པ་རེད་ལ། བཤད་སྲོལ་ལ་རྒྱབ་རིའི་ཁོག་པར་མཆོད་རྟེན་བརྒྱད་ཡོད་པ་རེད་ཟེར་སྲོལ་ཡོད་ནའང་། མཆོད་རྟེན་དེ་དག་གི་རིན་ཐང་དང་ལོ་རྒྱུས་ཁ་གསལ་ཞིག་མེད་ཅིང་། ཡང་གནས་རི་དེའི་སྟེང་དུ་རྡེའུ་འབུམ་ཞིག་ཡོད་པ་དང་། དེ་གར་རིག་གནས་གསར་བརྗེའི་སྐབས་སུ་དཔེ་ཆ་དང་མཆོད་རྫས་རྩ་ཆེན་མང་པོ་གཏེར་དུ་སྦལ་བར་བཤད་སྲོལ་འདུག་ནའང་།  རྒྱ་ནག་གིས་རྒྱབ་རི་དེ་སྔོག་འདོན་བྱེད་དོན་ནི་བཤད་སྲོལ་དུ་མཆོད་རྟེན་དེ་དག་མ་ཡིན་པར་གཏེར་རྫས་རིགས་ཤིག་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་འདུག

ད་སྔར་ཡ་ཀ་སྡེ་བའི་དུད་ཁྱིམ་ཁ་ཤས་ཤིག་འུ་ཐུག་ནས་ཡ་རྫི་རྫོང་གི་རྒྱལ་ཁབ་ཀྱི་ཁང་པ་ཟེར་བའི་ཁང་ཆུང་དེ་དག་གི་ནང་སྤར་ཟིན་པ་དང་། ཁྱིམ་ཚང་ཁ་ཤས་གནས་སྐབས་སུ་རང་སར་བསྡད་ཡོད་ནའང་། སྡེ་བ་དེའི་རྒྱབ་རིའི་ངོས་ཕྱོགས་ཀྱི་དུད་ཁྱིམ་ཚང་མ་ངེས་པར་དུ་གནས་སྤོར་དགོས་ཀྱི་ཡོད་པས། རྒྱལ་ཁབ་ཀྱིས་སྟེར་ཟེར་བའི་རྒྱ་སྒོར་ཁྲི་༡༥ ཙམ་གྱིས་ས་གནས་གཞན་དུ་ཁང་ས་ཉོ་སྤྱད་དང་འཛུགས་སྐྲུན་གྱི་འགྲོ་གྲོན་ལ་མི་འདང་བའི་དཀའ་ངལ་དང་། ལྷག་པར་དུ་མང་ཚོགས་ཀྱི་འཚོ་རྟེན་གཙོ་བོ་ས་ཞིང་འདོར་དགོས་པའི་རྐྱེན་གྱིས། གནས་སྤོར་ཡང་མ་ཐུབ་པ་དང་སྡོད་དུའང་མ་བཅུག་པའི་དཀའ་ངལ་འཕྲད་འདུག

ཡ་རྫི་རྫོང་ཀ་རིང་ཞང་གི་ཡ་གི་དང་མ་གི་སྡེ་བ་གཉིས་གྱི་འཚོ་རྟེན་གཙོ་བོ་ཞིང་ལས་ཡིན་པ་དང་། འབྲུ་རིགས་ལ་གྲོ་ནས་སྲན་གསུམ་དང་། ཟར་མ་དང་ལོ་དཀར་སོགས་འདེབས་ལས་བྱེད་ཀྱི་ཡོད་པ་དང་། ཡུལ་མི་ཚོར་ས་ཞིང་གི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༢༤ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese