མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཕྱི་སྲིད་བློན་ཆེན་དག་གིས་བོད་དོན་གླེང་སློང་བྱས། 

བོད་ཀྱི་དུས་བབ།
༢༠༢༤/༡༡/༢༧
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཕྱི་སྲིད་བློན་ཆེན་རྣམས་ཀྱི་ཚང་འཛོམས་ཐོག་བོད་དང་ཤར་ཊུ་ཀི་སི་ཐན་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐད་ལ་གླེང་སློང་བྱས་འདུག

G7 foreign ministers pose for a group photo in Rome on November 26 2024

ཟླ་འདིའི་ཕྱི་ཚེས་ ༢༥ དང་ ༢༦ བར་ཉིན་གྲངས་གཉིས་རིང་ཡུ་རོབ་ཀྱི་ལྷོ་རྒྱུད་ཨི་ཊ་ལི་རྒྱལ་ཁབ་ཏུ་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་བདུན་ (G7) གྱི་ཕྱི་སྲིད་བློན་ཆེན་རྣམས་ཚང་འཛོམས་ཀྱི་ཚོགས་འདུ་ཞིག་འདུ་སྐོང་བྱས་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༢༦ ཉིན་གྱི་དགོང་མོར་ཨ་རིའི་རྒྱལ་སྲིད་ལས་ཁུངས་ཀྱིས་ཤོག་གྲངས་ ༡༥ ཅན་གྱི་སྟོབས་ཆེན་བློན་ཆེན་བདུན་གྱི་མཉམ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་ཡོད་པའི་ཁྲོད། བོད་དང་། ཤར་ཊུ་ཀི་སི་ཐན་ཚུད་པའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐད་ལ་སེམས་འཚབ་ཆེན་པོས་གླེང་སློང་གནང་ཡོད་སྐོར་གསལ་འདུག

སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཕྱི་སྲིད་བློན་ཆེན་རྣམས་ཀྱི་མཉམ་འབྲེལ་བསྒྲགས་གཏམ་ཁྲོད། ང་ཚོས་བོད་དང་། ཤར་ཊུ་ཀི་སི་ཐན་ཚུད་པའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐད་ལ་སེམས་འཚབ་དང་། ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཇེ་སྡུག་ཏུ་འགྲོ་མུས་ཡིན་པར་སེམས་ངལ་ཆེན་པོས་གླེང་སློང་བྱས་ཡོད། ང་ཚོས་རྒྱ་ནག་གཞུང་གིས་སྟོབས་ཆེན་རྒྱལ་ཁབ་བདུན་ཚུད་པའི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་མཐའ་སྲུང་དང་བདེ་འཇགས་ལ་གནོད་འཚེ་མི་གཏང་རྒྱུར་རེ་སྐུལ་ཞུ་ཡི་ཡོད། ཅེས་གསལ་འདུག

ཡང་བསྒྲགས་གཏམ་ནང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཏང་བའི་ཉེས་མིང་གཡོགས་ཏེ། ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ ༤༥ ལ་ཁྲིམས་འགལ་བཙོན་འཇུག་ཁྲིམས་ཐག་བཅད་དེ་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་རྩིས་མེད་རྡོག་རོལ་བཏང་བར་བློ་ཕམ་ཆེན་པོ་ཡོད་པའི་སྐོར་དང་། ཨེ་ཤ་ཡའི་ལྷོ་རྒྱུད་རྒྱལ་ཁབ་མཐུན་ཚོགས་(ASEAN) ཁག་གི་མཉམ་འབྲེལ་ཁྲིམས་སྒྲིག་ལ་ངོས་ལེན་དང་རྒྱབ་སྐྱོར་ཚད་ལྡན་གྱི་ཐོག་ནས། ཨེ་ཤ་ཡའི་མཚོ་གླིང་རྒྱལ་ཁབ་ཁག་དང་། ལྷག་པར་རྒྱ་གར་ཞི་བདེ་རྒྱ་མཚོ་ཁུལ་དུ་བརྟན་བརླིང་ཡོང་རྒྱུ། དེ་བཞིན་སྟོབས་ཆེན་རྒྱལ་ཁབ་བདུན་གྱིས་ཨ་ཧྥི་རི་ཁའི་རྒྱལ་ཁབ་དག་ལ་ཐུན་མོང་གི་རྒྱབ་སྐྱོར་དང་རོགས་འདེགས་བྱ་རྒྱུར་མོས་མཐུན་ཡོད་པའི་ཁར། བརྟན་བརླིང་དང་ཞི་བདེ་ལྡན་པའི་ངང་ནས་ཨ་ཧྥི་རི་ཁ་གླིང་ཆེན་འཕེལ་རྒྱས་གཏོང་བར་རོགས་འདེགས་བྱ་རྒྱུ་ཡིན་སྐོར་སོགས་གསལ་འདུག

དེ་བཞིན་ད་ལན་ཉིན་གྲངས་གཉིས་རིང་འདུས་པའི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཕྱི་སྲིད་བློན་ཆེན་གྱི་ཚང་འཛོམས་སྟེང་། ད་ལྟ་དཀྱིལ་ཤར་ཨེ་ཤ་ཡར་འབྱུང་མུས་ཡིན་པའི་དམག་འཁྲུག་དང་། ཨུ་རུ་སུས་ཡུ་ཁེ་རིན་ལ་བཙན་འཛུལ་དང་བྱང་ཀོ་རི་ཡས་ཨུ་རུ་སུར་མངགས་པའི་རོགས་དམག་གི་གནད་དོན། སྟོབས་ཆེན་རྒྱལ་ཁབ་བདུན་གྱི་མཉམ་འབྲེལ་ལས་དོན། རྒྱ་གར་ཞི་བདེ་རྒྱ་མཚོའི་བརྟན་བརླིང་། རྒྱ་ནག་གིས་ལྷོ་ཨེ་ཤ་ཡའི་མཚོ་གླིང་རྒྱལ་ཁབ་ཁག་ཏུ་དབང་ཤུགས་སྐྱེད་ཐབས་བྱེད་མུས་ཡིན་པའི་གནད་དོན། སྐྱབས་བཅོལ་གནས་སྤོར་དང་འཚོ་ཐབས་སོགས་ཀྱི་ཐད་ལ་གླེང་སློང་བྱས་འདུག

འདི་ལོའི་ཕྱི་ཟླ་ ༩ ནང་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཕྱི་ལོ་ ༢༠༢༤ ལོའི་རྒྱ་ནག་དང་ཨ་ཧྥི་རི་ཁའི་མཉམ་ལས་གླེང་སྟེགས་ (Forum on China–Africa Cooperation) ཀྱི་ཚོགས་ཆེན་དེའི་ཐོག་ཨ་ཧྥི་རི་ཁའི་རྒྱལ་ཁབ་ལྔ་བཅུ་ལྷག་གི་མགོ་ཁྲིད་མཉམ་ཞུགས་ཀྱིས། ཕྱོགས་གཉིས་མཉམ་ལས་ཀྱི་སྟོབས་ཤུགས་ལས་གླིང་ཆེན་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཁག་འཕེལ་རྒྱས་སུ་གཏང་རྒྱུའི་གླེང་སློང་ཤུགས་ཆེན་བྱས་ཏེ། རྒྱ་ནག་གིས་འབྱུང་འགྱུར་མི་ལོ་གསུམ་ནང་རྒྱ་སྒོར་ཐེར་འབུམ་ ༣༦༠ (ཨ་སྒོར་ཐེར་འབུམ་ ༥༠།༧༢) ལྷག་བཏང་ནས་རོགས་རམ་བྱ་རྒྱུ་ཡིན་པའི་ཁྲོད། རྒྱ་སྒོར་ཐེར་འབུམ་ ༧༠ ལྷག་ཡུལ་དེར་རྒྱ་ནག་གི་བཟོ་ཚོང་ཁང་འཛུགས་སྐྲུན་དང་དམག་དོན་གྱི་ལས་གཞིའི་ཆེད་རོགས་རམ་བྱས་ཡོད་པས། རྒྱ་ནག་ནང་དཔལ་འབྱོར་ཉམས་ཉེས་འགྲོ་མུས་ཡིན་པའི་སྐབས་དེར། གླིང་ཆེན་ཨ་ཧྥི་རི་ཁར་མ་འཇོག་ཆེན་པོ་བྱས་ཏེ་རྒྱ་ནག་གི་དཔལ་འབྱོར་ཉམས་ཉེས་ཀྱི་དཀའ་ཁག་སེལ་ཐབས་དང་། ལྷག་པར་རྒྱུད་གཅིག་ལམ་གཅིག་གི་སྲིད་ཇུས་སྤེལ་གང་ཐུབ་བྱེད་མུས་ཡིན་པས། འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་བདུན་གྱིས་ཀྱང་ཨ་ཧྥི་རི་ཁར་རྒྱ་ནག་གི་དབང་ཤུགས་སྐྱེད་པར་འགོག་རྒོལ་གང་ཐུབ་དང་། མཉམ་འབྲེལ་གྱི་ཐོག་ནས་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཁག་ལ་རོགས་འདེགས་བྱ་རྒྱུའི་མོས་མཐུན་བྱུང་འདུག

ད་ལྟ་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་བདུན་(G7) གྱི་ཚོགས་མིའི་ཁོངས་སུ་ཁེ་ན་ཌ་དང་། ཧྥ་རན་སི། འཇར་མི་ནི། ཨི་ཊ་ལི། ཉི་ཧོང་། དབྱིན་ཡུལ། ཡུ་རོབ་མཐུན་ཚོགས་བཅས་ཡོད་ཅིང་། ལྷན་ཚོགས་དེའི་དགོས་དམིགས་གཙོ་བོ་ནི། རྒྱལ་ཁབ་ཕན་ཚུན་བར་གྱི་མཉམ་འབྲེལ་གྱི་ཚོང་འབྲེལ་ལས་དོན་གོང་མཐོར་དང་། ཁྲིམས་མཐུན་གྱི་དཔྱ་ཁྲལ་ཆག་ཡང་། བཅོས་མའི་རིག་ནུས་ཀྱི་ནུས་པ་མཐོར་འདེགས། གནས་སྤོར་དང་ཡུལ་སྐོར་གྱི་གནས་བབ་ཇེ་ལེགས་སུ་གཏོང་ཐབས། དེ་བཞིན་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་དང་དུག་རླངས་གཙང་སེལ་གྱི་མཉམ་ལས་གོང་སྤེལ་གཏོང་ཐབས་བཅས་ཡིན་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༢༤ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese