མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་དབུས་དམག་སྲིད་ལས་ཁུངས་ཀྱི་མགོ་ཁྲིད་མེའོ་ཧྭར་འདྲི་རྩད་བྱེད་ཀྱིན་འདུག

བོད་ཀྱི་དུས་བབ།
༢༠༢༤/༡༡/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དམར་ཤོག་ཚོགས་པའི་དམག་སྲིད་ལས་ཁུངས་གལ་ཆེ་ཤོས་ཀྱི་མགོ་ཁྲིད་མེའོ་ཧྭ་ཡིས་སྒྲིག་འགལ་ཚབས་ཆེན་བྱས་པའི་ཉེས་མིང་འོག་ལས་གནས་ནས་ཕྱིར་ཕུད་བཏང་སྟེ་ཞིབ་བཤེར་བྱེད་བཞིན་འདུག

Miao Hua is under investigation and been suspended from duty. Photo: Handout 28/11/2024

དེ་རིང་རྒྱ་ནག་གཞུང་འབྲེལ་གྱིས་བསྒྲགས་པའི་གནས་ཚུལ་ལྟར་ན།  རྒྱ་ནག་དབུས་དམག་སྲིད་ལྷན་ཁང་གི་དམག་ཇུས་ཚན་པའི་འགན་འཛིན་མེའོ་ཧྭ་ཡིས་སྒྲིག་འགལ་ཚབས་ཆེན་བྱས་པའི་ཉེས་མིང་ལས་གནས་ནས་ཕྱིར་ཕུད་བཏང་སྟེ་ཞིབ་བཤེར་བྱེད་བཞིན་ཡོད་འདུག་ལ། རྒྱ་ནག་གིས་སྒྲིག་འགལ་ཚབས་ཆེན་བསགས་པ་ཞེས་པ་ནི་ལྐོག་ཟ་རུལ་སུངས་ཀྱི་གོ་དོན་དུ་བེད་སྤྱོད་བྱེད་ཀྱི་ཡོད་པ་རེད།

དེ་འབྲེལ་རྒྱ་ནག་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་ཝོ་ཆིན་ཟེར་བས་གསར་འགོད་ལྷན་ཚོགས་ཤིག་གི་སྟེང་།  མེའོ་ཧྭ་ཡིས་སྒྲིག་འགལ་ཚབས་ཆེན་བྱས་ཡོད་པས་ལས་གནས་ནས་ཕྱིར་ཕུད་བཏང་སྟེ་ཞིབ་བཤེར་བྱ་རྒྱུ་ཡིན་པའི་ཐག་གཅོད་བླངས་ཡོད། ཅེས་བརྗོད་པ་ལས། མེའོ་ཧྭ་ཡི་ནག་ཉེས་ཀྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་བརྗོད་མེད་པ་རེད།

མེའོ་ཧྭ་ཕྱི་ཟླ་ ༡༠ ཚེས་ ༧ ཉིན་ཡུ་གུར་རང་སྐྱོང་ཁུལ་ཟེར་བའི་དམག་སྟོན་དུས་ཆེན་ཞིག་གི་སྟེང་ཆེས་མཐའ་མ་མཐོང་ཞིང་། དེ་ནས་བཟུང་གོ་ཚོར་མེད་པར་གྱུར་ཡོད་འདུག་ལ། མེའོ་ཧྭ་འཛིན་བཟུང་ཞིབ་བཤེར་འོག་ཡོད་པའི་ཐོག་གཅོད་དེ་ནི། ཁ་སང་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཏུན་ཅིན་འཛིན་བཟུང་འོག་ཡོད་པའི་གནས་ཚུལ་ཕྱིར་གྱར་མ་ཐག་ཏུ་བྱུང་བ་ཞིག་ཆགས་ཡོད། འོན་ཀྱང་། དེ་རིང་གི་གསར་འགོད་ལྷན་ཚོགས་སྐབས། རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་ཝོ་ཆིན་ཟེར་བས་རྒྱལ་སྲུང་བློན་ཆེན་ཏུན་ཅིན་ལ་ཞིབ་བཤེར་བྱེད་བཞིན་པའི་གནས་ཚུལ་དེ་ནི་གཞི་རྩ་མེད་པའི་དཀྲོག་གཏམ་ཞིག་སྐོར་གསལ་འདེབས་བྱས་ཡོད་འདུག

མེའོ་ཧྭས་རྒྱ་ནག་དམར་ཤོག་ཚོགས་པའི་དམག་ཁུལ་དམག་དོན་ཨུ་ཡོན་ལྷན་ཁང་གི་དམག་སྲིད་ལས་དོན་ཚོགས་པའི་སྣེ་ཁྲིད་ཅིང་། དེ་ནི་རྒྱ་ནག་གི་དམག་སྲིད་ཀྱི་དབུས་ལས་ཁུངས་གལ་ཆེ་ཤོས་དེ་ཡིན་པ་རེད།

མེའོ་ཧྭ་ནི་ད་ལྟ་རང་ལོ་ ༦༩ ཡིན་ཞིང་ལོ་ ༡༤ སྟེང་ནས་བཅིངས་གྲོལ་དམག་ཁོངས་སུ་ཞུགས། ཕྱི་ལོ་ ༢༠༡༠ ནས་ ༢༠༡༤ བར་བོད་དང་ཡུ་གུར་ཐོག་ལྟ་རྟོག་བྱེད་པའི་ནུབ་རྒྱུད་ལན་ཀྲོའུ་ (Lanzhou )དམག་ཁོངས་སུ་ཞུགས་ཏེ། དམག་ཁུལ་དེའི་དམར་ཤོག་མགོ་ཁྲིད་ཆགས། ཕྱི་ལོ་ ༢༠༡༤ ལོ་ནས་མི་དམངས་བཅིངས་གྲོལ་དམག་གི་མཚོ་དམག་གི་ཁོངས་སུ་ཞུགས་ཤིང་། ཕྱི་ལོ་ ༢༠༡༥ ལོར་བཅིངས་གྲོལ་དམག་གི་དམག་སྤྱི་གཞོན་ཤོས་སུ་གྱུར། ཕྱི་ལོ་ ༢༠༡༧ ལོ་ནས་རྒྱ་ནག་དམར་ཤོག་ཚོགས་པའི་དམག་ཁུལ་དམག་དོན་ཨུ་ཡོན་ལྷན་ཁང་གི་དམག་སྲིད་ལས་དོན་ཚོགས་པའི་མགོ་ཁྲིད་དུ་བསྐོས།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

སྐར་མ ༢༨ སྔོན་ལ།
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

༢༠༢༦/༠༨/༡༨
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese