མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ཡུལ་གྱི་སྲིད་བློན་གསར་པས་སྐོར་སྐྱོད་དང་པོ་རྒྱ་ནག་ནང་བྱེད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༢༤/༡༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བལ་ཡུལ་གྱི་སྲིད་བློན་གསར་པ་ཨོ་ལི་ཡི་གཞུང་འབྲེལ་སྐོར་སྐྱོད་དང་པོ་མགོ་བཙུགས་ཏེ་རྒྱ་ནག་ནང་ཕྱིན་འདུག་ལ་བོད་བལ་ས་མཚམས་སུ་རྒྱ་ནག་གཞུང་གིས་སིམ་འཛུལ་ཧམ་ཟོས་བྱས་ཏེ་ས་གནས་མི་མང་ལ་དཀའ་རྙོག་བཟོ་ཡི་ཡོད་པའི་གནད་དོན་སོགས་གླེང་སློང་བྱ་རྒྱུ་ཡིན་མིན་བཤད་མི་འདུག

Prime Minister of Nepal K.P. Sharma Oli departs for Beijing on a four-day official visit to China, in Kathmandu, Nepal, on December 2, 2024. | Photo Credit: PTI

རྒྱ་ནག་གི་སྲིད་བློན་ལི་ཆང་ (Li Qiang) གིས་མགྲོན་འབོད་བྱས་ཏེ། དེ་རིང་ཕྱི་ཚེས་ ༢ ནས་ ༥ བར་བལ་ཡུལ་གྱི་སྲིད་བློན་ཤར་མཱ་ཨོ་ལི་(K P Sharma Oli ) རྒྱ་ནག་ལ་གཞུང་འབྲེལ་སྐོར་སྐྱོད་དུ་འགྲོ་ཡི་ཡོད་འདུག  ད་ཐེངས་ཁོས་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་དང་། སྲིད་བློན་ལི་ཆང་། དེ་བཞིན་རྒྱ་ནག་གི་ཆེས་མཐོའི་མགོ་འཁྲིད་ཁག་ཅིག་དང་ཐུག་འཕྲད་བྱ་རྒྱུ་ཡིན་འདུག་ལ། རྒྱ་ནག་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་མའོ་ཉིང་(Mao Ning) ཟེར་བས་རྒྱུན་ལྡན་གྱི་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག ད་ལན་གྱི་ཕྱོགས་གཉིས་ཀྱི་མགོ་ཁྲིད་ཀྱི་ཐུག་འཕྲད་སྐབས། ཕྱོགས་གཉིས་ཀྱི་དུས་ཡུན་རིང་པོའི་ལོ་རྒྱུས་རང་བཞིན་ལྡན་པའི་མཛའ་འབྲེལ་གྱི་གནད་དོན་དང་། རྒྱུད་གཅིག་ལམ་གཅིག་གི་མཉམ་ལས་ཀྱི་ནུས་པ་སྔར་ལས་སྐྱེད་ཐབས། ཕྱོགས་གཉིས་ཀྱི་ཁེ་ཕན་ལ་དམིགས་པའི་རྒྱལ་སྤྱི་དང་ས་གནས་རིམ་པའི་གནད་དོན་ཚུད་པའི་མཉམ་ལས་དང་བརྗེ་བསྒྱུར་གྱི་ལས་དོན་ཐད་ལ་སྐད་ཆ་བཤད་རྒྱུ་ཡིན་ལ། རྒྱ་ནག་ཕྱོགས་ནས་ཐབས་ཇུས་ལྡན་པའི་མཉམ་ལས་བྱེད་པར་གྲ་སྒྲིག་ཨང་གསར་ཡོད་ལུགས་ཙམ་བརྗོད་ཡོད་པ་ལས། འདས་པའི་ལོ་ཤས་ནང་རྒྱ་ནག་གཞུང་གིས་བོད་བལ་ས་མཚམས་ཁག་བཅུ་ཙམ་གྱི་ནང་གཞུང་ལམ་དང་གྲོང་སྡེ་གསར་རྒྱག དམག་སྡེ་འདུགས་སྐྲུན་བྱས་ཏེ་མཐའ་མཚམས་ཀྱི་མི་མང་ལ་དཀའ་ངལ་འཕྲད་བཞིན་པའི་གནད་དོན་སོགས་ཀྱི་སྐོར་གླེང་རྒྱུ་ཡིན་མིན་བཤད་མི་འདུག

ཉེ་སྔོན་ཕྱི་ཟླ་ ༡༠ པའི་ནང་ནེའུ་ཡོག་དུས་བབ་ཀྱིས་རྒྱ་ནག་ལྕགས་རི་རིང་པོ་གསར་པས་བལ་ཡུལ་ལ་གྲིབ་མ་འཁོར་དུ་བཅུག་ཅེས་པའི་སྙན་ཐོ་ཞིག་བཏོན་ཏེ་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ཁྱབ་སྤེལ་ཆེན་པོ་ཕྱིན་ཡོད་པ་རེད། སྙན་ཐོ་དེའི་ནང་དུ་རྒྱ་ནག་གཞུང་གིས་བོད་བལ་ས་མཚམས་ཧེམ་ལ་(Himla)རྫོང་ཁོངས་སུ་རྒྱ་ནག་གཞུང་གིས་ལྕགས་རི་གསར་རྒྱག་བྱས་ཏེ། མཐའ་མཚམས་དམག་དཔུང་འགྲེམས་འཇོག་བྱས་ཡོད་པ་མ་ཟད། ས་མཚམས་ཀྱི་བཙན་བྱོལ་བོད་མི་རྣམས་ཀྱིས་རང་ཁྱིམ་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་སྒྲིག་གཤོམ་བྱེད་པར་བཀག་འགོག་བྱེད་ཀྱི་ཡོད་འདུག ས་གནས་མི་མང་གིས་རྒྱ་ནག་གཞུང་གིས་ཁོང་ཚོའི་ས་ཁོངས་སུ་བཙན་འཛུལ་བྱས་ཏེ་དཀའ་རྙོག་བཟོ་གི་འདུག་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་ཀྱང་། བལ་གཞུང་གིས་རྒྱ་ནག་གཞུང་ལ་བསྟུན་ཤེས་བྱས་ཏེ་དཀའ་ངལ་སེལ་ཐབས་བྱེད་ཀྱི་མེད་པའི་ངོས་འཛིན་ཡོང་གི་ཡོད་པ་རེད།

རྒྱ་ནག་གཞུང་གིས་དཀའ་རྙོག་བཟོ་བཞིན་པའི་བོད་བལ་ས་མཚམས་ཁག་ཅིག པར། indiatoday.in

ཤར་མཱ་ཨོ་ལི་ཡིས་འདི་ལོའི་ཕྱི་ཟླ ༧ ཚེས་ ༡༥ ཉིན་ནས་བལ་ཡུལ་གྱི་སྲིད་བློན་ཀྱི་ལས་ཁུར་དམ་འབུལ་བྱས་ཤིང་། དེ་ནི་ཁོ་པ་བལ་ཡུལ་གྱི་སྲིད་བློན་དུ་འདེམས་ཐེངས་བཞི་པར་གྱུར་ཡོད་པ་རེད། ཕྱི་ལོ་ ༢༠༡༥ ལོར་ཁོ་བལ་ཡུལ་གྱི་སྲིད་བློན་ཡིན་སྐབས། ཁོས་རྒྱ་ནག་དང་ལྷན་དུ་མཉམ་འབྲེལ་གྱི་འབྲེལ་བ་ཤུགས་ཆེན་བཟུང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ཚོང་འབྲེལ་ལས་གཞིའི་ནང་སྔ་ཤོས་སུ་ཞུགས། ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༦ པར་ཁོས་རྒྱ་ནག་དང་ལྷན་དུ་གཞིས་ཀ་རྩེ་ནས་བལ་ཡུལ་གྱི་རྒྱལ་སའི་བར་མེ་འཁོར་ལྕགས་ལམ་མཐུད་རྒྱུའི་གན་རྒྱ་བཞག  ཁོ་ནི་རྒྱ་གར་ཐོག་ཆབ་སྲིད་ཀྱི་ལངས་ཕྱོགས་མཁྲེགས་པོ་འཛིན་མཁན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་སྟབས། དེ་རིང་རྒྱ་ནག་གོ་ལའི་དུས་བབ་ཀྱིས། ཁོའི་ད་ལན་གྱི་གཞུང་འབྲེལ་སྐོར་སྐྱོད་སྐབས་རྒྱ་གར་གཞུང་འབྲེལ་མི་སྣ་མང་པོས་དོ་སྣང་དང་མི་དགའ་བའི་རྣམ་འགྱུར་སྟོན་གྱི་ཡོད་ལུགས་སོགས་བརྗོད་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༡༩ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese