མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིས་རྒྱ་ནག་གི་འཕྲུལ་རིག་བཟོ་ཚོང་ཁང་ ༡༤༠ བཀག་སྡོམ་བྱ་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༤/༡༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཨ་རི་དང་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་བདེ་འཇགས་ལ་ཉེན་ཁ་ཡོད་པའི་ངོས་འཛིན་འོག་རྒྱ་ནག་གི་འཕྲུལ་རིག་བཟོ་ཚོང་ཁང་ ༡༤༠ བཀག་སྡོམ་བྱ་རྒྱུ་ཡིན་འདུག

Flags of China and U.S. are displayed on a printed circuit board with semiconductor chips, in this illustration picture taken February 17, 2023. REUTERS/Florence Lo/Illustration/File Photo

དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཨ་རིས་གཞུང་འབྲེལ་གྱི་ཐོག་ནས་རྒྱ་ནག་གི་ནང་འདྲེན་དང་ཕྱིར་ཚོང་གློག་རྡུལ་འཕྲུལ་རིག་བཟོ་ཚོང་ཁང་  ༡༤༠ བཀག་སྡོམ་བྱ་རྒྱུའི་ཐག་གཅོད་བྱས་ཡོད་ཅིང་། བཟོ་ཚོང་ཁང་དེ་དག་གིས་རྒྱ་ནག་དམར་ཤོག་ཚོགས་པའི་བཀོད་འདོམས་གཞིར་བཟུང་རྒྱ་ནག་གི་སྔོན་ཐོན་ཕྲ་གློག་གི་དམིགས་ཡུལ་སྒྲུབ་ཀྱི་ཡོད་སྟབས། དེས་ཨ་རི་དང་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་བདེ་འཇགས་ལ་ཉེན་ཁ་བཟོ་ཡི་ཡོད་སྐོར་བརྗོད་འདུག

དེ་འབྲེལ་རོའུ་ཊར་གསར་ཁང་གི་གནས་ཚུལ་ལྟར་ན། ཐེངས་འདིར་ཨ་རིའི་ཚོང་འབྲེལ་ལྷན་ཁང་གིས་བཀག་སྡོམ་བྱས་པའི་རྒྱ་ནག་གི་འཕྲུལ་རིག་བཟོ་ཚོང་ཁང་ཁག་གི་ཁྲོད་དུ། རྒྱ་ནག་གཞུང་འབྲེལ་གྱི་འཕྲུལ་རིག་བཟོ་ཚོང་ཁང་ (Naura Technology Group) དང་སྒེར་གཉེར་འཕྲུལ་རིག་བཟོ་ཚོང་ཁང་(Wise Road Capital) ། དེ་བཞིན།  (Wingtech Technology Co) སོགས་ཡོད་འདུག་ལ། བཀག་སྡོམ་དེ་ནི་རྒྱ་ནག་གིས་རྒྱལ་སྤྱིའི་ཁྲོམ་རའི་ཁྲོད་སྣེ་ཁྲིད་བྱེད་ཐབས་སུ་བརྩོན་པའི་གློག་ཀླད་ཀྱི་གཞི་རྩའི་བྱེད་ནུས་མཐུད་སྦྲེལ་བྱེད་པའི་ཅིབ་སེ་ (chip) མ་ལག་བཟོ་སྐྲུན་ཁང་ ༡༠༠ ལྷག་དང་མཉེན་ཆས་ཀྱི་རིགས། ཕྱེད་ཁྲིད་གློག་གི་སྦྱོར་བཟོ་ (semiconductor fabrication plants) དང་ཕྱེད་ཁྲིད་ཡོ་བྱད་བཟོ་གྲྭ་ ༢༤ ལྷག  དེ་བཞིན་མིས་བཟོས་རིག་ནུས་ལ་མཁོ་བའི་རྒྱུ་ཆ། འཕྲུལ་རིག་བཟོ་ཚོང་གི་མ་འཛུགས་ཚོང་ལས་ཁང་སོགས་བཀག་སྡོམ་བྱེད་ཆེད་དུ་ཡིན་པ་རེད།

ད་ལྟའི་ཆར་རྒྱ་ནག་གི་འཕྲུལ་རིག་བཀག་སྡོམ་གྱི་གནད་དོན་དང་འབྲེལ་ནས། རྒྱ་ནག་ཙམ་མིན་པར་རྒྱ་ནག་གི་འཕྲུལ་རིག་ཐོན་སྐྱེད་དང་འབྲེལ་ཆགས་ཀྱི་རྒྱལ་སྤྱིའི་འཕྲུལ་རིག་བཟོ་ཚོང་མང་དག་ཅིག་ལ་ཟ་དང་ཟུར་ནས་དཀའ་ངལ་འཕྲད་ཀྱི་ཡོད་ཅིང་། དེ་དག་གི་ཁྲོད་དུ་ལྷོ་ཀོ་རི་ཡའི་སཱམ་ཟཱ་ (Samsung) དང་འཇར་མན་གྱི་ (Siemens) འཕྲུལ་རིག་བཟོ་ཚོང་ཁང་། ནེ་ཐི་ལན་ཌིའི་ (ASM International) རྒྱལ་སྤྱིའི་འཕྲུལ་རིག་བཟོ་ཚོང་ཁང་སོགས་ཡོད་འདུག

གནད་དོན་དེའི་ཐད་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལིན་ཇེན་ཟེར་བས། ཨ་རིའི་བྱ་སྤྱོད་དེས་རྒྱལ་སྤྱིའི་ཚོང་གི་སྒྲིག་ལམ་ལ་ཁྱད་གསོད་དང་ཚོང་འབྲེལ་གྱི་ལམ་སྲོལ་ལ་གཏོར་སྐྱོན་བཏང་ཡོད། ཅེས་ལན་འདེབས་བྱས་འདུག་པ་མ་ཟད། རྒྱ་ནག་གིས་ཀྱང་རང་གི་འཕྲུལ་རིག་བཟོ་ཚོང་ཁང་དེ་དག་གི་ཐོབ་ཐང་དང་མངོན་འདོད་སྲུང་སྐྱོབ་བྱ་རྒྱུ་ཡིན་པ་སོགས་ནན་བརྗོད་བྱས་འདུག

དབྱེ་ཞིབ་པས། ཨ་རིའི་རྒྱ་ནག་གི་འཕྲུལ་རིག་འཕེལ་རྒྱས་ཀྱི་མདུན་ལམ་བཀག་འགོག་བྱེད་དོན་ནི། ཕྱོགས་གཅིག་ནས་རྒྱ་ནག་གི་འཕྲུལ་རིག་ཕྱིར་ཚོང་གིས་ཨ་རི་གཙོ་བྱས་པའི་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་བདེ་འཇགས་ལ་ཉེན་ཁ་བསྐྲུན་གྱི་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་རྒྱ་ནག་གིས་རྒྱལ་ཁབ་གཞན་གྱི་སྔོན་ཐོན་འཕྲུལ་རིག་གི་བྱེད་ནུས་ལ་བརྟེན་ནས་རྒྱ་ནག་གི་དམག་ཤུགས་རྒྱ་སྐྱེད་གཏོང་ཐབས་བྱེད་བཞིན་པ་སོགས་བཀག་སྡོམ་བྱེད་ཆེད་ཡིན་སྐོར་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གིས་ “བོད་ཞི་བའི་བཅིངས་འགྲོལ་” ཞེས་པའི་ལོ་ངོ་ ༧༥ འཁོར་བའི་དུས་དྲན་ལ་དགག་ལན་དང་ཐ་སྙད་དབྱེ་ཞིབ།

ཆུ་ཚོད་ ༡༡ སྔོན་ལ།
བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་བཞིན་པ། ༢༠༢༦།༠༥།༢༢ བོད་ཀྱི་དཔེ་མཛོད་ཁང་གི་པར།
Mobile App

བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༦/༠༥/༢༢
བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས། ༢༠༢༦།༥།༢༡བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས།

༢༠༢༦/༠༥/༢༢
Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

༢༠༢༦/༠༥/༢༢
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

༢༠༢༦/༠༥/༢༡
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

༢༠༢༦/༠༥/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese