མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ཡུལ་ནང་བོད་དོན་ལས་འགུལ་ཐོག་དམ་དྲག་བྱ་རྒྱུ་ཡིན་ཟེར།

བོད་ཀྱི་དུས་བབ།
༢༠༢༤/༡༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

བལ་ཡུལ་གཞུང་གིས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་རྒྱབ་སྐྱོར་བྱས་ཏེ། བལ་ཡུལ་ནང་རྒྱ་ནག་ཁ་བྲལ་གྱི་ལས་འགུལ་ཐོག་དམ་དྲག་དང་ཐའེ་ཝན་རང་བཙན་ལ་ངོ་རྒོལ་ཡོད་སྐོར་བརྗོད་འདུག

File picture of Chinese President Xi Jinping and Nepal Prime Minister K.P. Sharma Oli. | Photo Credit: Getty Images

ཟླ་འདིའི་ཕྱི་ཚེས་ ༢ ནས་ ༥ བར་ཉིན་གྲངས་བཞིའི་རིང་བལ་ཡུལ་གྱི་སྲིད་བློན་ཤར་མཱ་ཨོ་ལི་(K P Sharma Oli ) རྒྱ་ནག་ཏུ་གཞུང་འབྲེལ་སྐོར་སྐྱོད་འགྲོ་བཞིན་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༣ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་བལ་ཡུལ་གྱི་སྲིད་བློན་ཤར་མཱ་ཨོ་ལི་ཡིས་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་དང་སྲིད་བློན་ལི་ཆང་གཉིས་ལ་ཐུག་འཕྲད་བྱས་ཡོད་ཅིང་། རྒྱ་ནག་གཞུང་གིས་བལ་ཡུལ་ནང་འཛུགས་སྐྲུན་ཡར་རྒྱས་ཆེད་རྒྱ་སྒོར་ས་ཡ་ ༥༠༠ ཡི་རོགས་སྐྱོར་གནང་རྒྱུ་ཡིན་ཞིང་། བལ་ཡུལ་གཞུང་གིས་བལ་ཡུལ་ནང་བོད་དོན་ལས་འགུལ་སྤེལ་རྒྱུ་བཀག་སྡོམ་བྱ་རྒྱུ་བསྐྱར་དུ་ཁས་ལེན་བྱས་འདུག

སྐབས་དེར་བལ་ཡུལ་དང་རྒྱ་ནག་ཟུང་འབྲེལ་གྱིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། བལ་ཡུལ་གཞུང་གིས་བོད་རང་སྐྱོང་ལྗོངས་སམ་བོད་ཀྱི་གནད་དོན་ནི་རྒྱ་ནག་གི་ནང་སྲིད་ཡིན་པས། བལ་ཡུལ་ནང་རྒྱ་ནག་དང་ཁ་བྲལ་གྱི་ལས་འགུལ་གཅིག་ཀྱང་སྤེལ་གྱི་མི་འཇུག་པའི་ཁས་ལེན་བསྐྱར་དུ་བྱས་འདུག་པ་མ་ཟད། རྒྱ་ནག་གཅིག་གི་སྲིད་ཇུས་ལ་ངོས་འཛིན་གྱིས་ཐའེ་ཝན་ནི་ཁ་བྲལ་ཐབས་མེད་པའི་རྒྱ་ནག་གི་ཆ་ཤས་ཡིན་ཞིང་། ཐའེ་ཝན་གྱི་རང་བཙན་ལ་ངོ་རྒོལ་དང་རྒྱ་ནག་གཅིག་གྱུར་ཡོང་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན་སྐོར་སོགས་བརྗོད་འདུག

ད་དུང་སྐབས་དེར་རྒྱ་ནག་དང་བལ་ཡུལ་གྱི་འབྲེལ་ལམ་ཡར་རྒྱས་སླད་དོན་ཚན་དགུ་ཡོད་པའི་གྲོས་མཐུན་ཞིག་ལ་མིང་རྟགས་བརྒྱབ་ཡོད་ཅིང་། གྲོས་མཐུན་དེའི་ནང་དུ་དཔལ་འབྱོར་དང་འཕྲུལ་རིག་མཉམ་ལས་བྱེད་པའི་གན་རྒྱ་དང་། བལ་ཡུལ་གྱི་ཊོ་ཁ་ནས་ཅ་ཧཱ་རི་ (Tokha-Chhahare) བར་གྱི་ས་འོག་ཕུག་ལམ་གྱི་བརྗེ་ལེན་ཡི་གེ ཚོང་འབྲེལ་མཉམ་ལས་གོང་སྤེལ་གྱི་གན་རྒྱ། བལ་ཡུལ་ནས་རྒྱ་ནག་ཏུ་ནང་འདྲེན་བྱེད་པའི་མ་ཧ་ཤ་ཚོང་འབྲེལ། ཕྱི་ལོ་ ༢༠༢༤ ནས་ ༢༠༢༩ བར་གྱི་འཛུགས་སྐྲུན་ལས་གཞི། དཔལ་འབྱོར་དང་འཕྲུལ་རིག་རོགས་སྐྱོར། རྒྱལ་ཚོགས་ཀྱི་རིག་དངོས་ཤུལ་བཞག་ཁོངས་སུ་ཡོད་པའི་ཐོག་བརྩེགས་དགུ་ཅན་གྱི་བྷ་སན་ཌི་པུར་ (Basantpur) ཕོ་བྲང་བསྐྱར་སྐྲུན་གྲུབ་པའི་ལག་འཁྱེར་རྩིས་སྤྲོད། དང་བླངས་རྒྱ་ཡིག་དགེ་རྒན་གྱི་གན་རྒྱ། བལ་ཡུལ་གྱི་བརྙན་འཕྲིན་ཁང་དང་རྒྱ་ནག་གི་དྲ་བརྙན་ཚོགས་པའི་གན་རྒྱ་བཅས་ཡོད་འདུག

ཐུག་འཕྲད་སྐབས་ཞི་ཅིན་ཕིན་གྱིས། སང་ལོ་རྒྱ་ནག་དང་བལ་ཡུལ་རྒྱལ་ཁབ་གཉིས་ཀྱི་བར་འབྲེལ་ལམ་བཙུགས་ནས་ལོ་ངོ་ ༧༠ འཁོར་གྱི་ཡོད་པར་བརྟེན། རྒྱ་ནག་གིས་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ཀྱི་འབྲེལ་ལམ་གནས་བབ་སྲུང་སྐྱོབ་བྱ་རྒྱུ་ཡིན་པ་མ་ཟད། རྒྱ་གཞུང་གིས་བལ་ཡུལ་ནང་མཉམ་འབྲེལ་འཛུགས་སྐྲུན་དྲ་བ་བཙུགས་ཏེ། རྒྱུད་གཅིག་ལམ་གཅིག་དང་མཉམ་ལས་འཛུགས་སྐྲུན། མཐའ་མཚམས་ཀྱི་འགག་སྒོ།  འགྲིམ་འགྲུལ། གློག་དྲ། འཕྲིན་གཏོང་སོགས་ཀྱི་ཐོག་ཤུགས་རྒྱག་རྒྱུ་ཡིན་ལ།  བལ་ཡུལ་དེ་སྐམ་སའི་འབྲེལ་མཐུད་རྒྱལ་ཁབ་ཏུ་བསྒྱུར་རྒྱུ་ཡིན་པ་མ་ཟད། ཕྱི་ལོ་ ༢༠༢༥ ལོར་རྒྱ་ནག་ཏུ་བལ་ཡུལ་གྱི་ཡུལ་སྐོར་ལོ་རུ་སྲུང་གཙི་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལུགས་བརྗོད་ཡོད་འདུག

བལ་ཡུལ་གྱི་སྲིད་བློན་ཤར་མཱ་ཨོ་ལི་ཡིས། རྒྱ་གཞུང་གིས་བལ་ཡུལ་དེ་སྐམ་སའི་སྒོ་བཀག་རྒྱལ་ཁབ་ནས་སྐམ་སའི་འབྲེལ་མཐུད་རྒྱལ་ཁབ་ཏུ་བསྒྱུར་བར་རོགས་རམ་བྱས་པ་དང་། བལ་ཡུལ་གྱིས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་རྩ་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་སྐོར་དང་། ཕྱིའི་རྒྱལ་ཁབ་ཁག་གིས་བལ་ཡུལ་རྒྱལ་ཁབ་ཀྱི་མངའ་ཁོངས་སྤྱད་དེ་རྒྱ་ནག་ལ་ངོ་རྒོལ་བྱེད་པ་དང་། རྒྱ་ནག་གི་ཁེ་ཕན་ལ་གནོད་འཚེ་གཏོང་བ། རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱ་རྒྱུ། རྒྱ་ནག་དང་མཉམ་དུ་ཕྱོགས་མང་པོའི་མཉམ་ལས་ཐོག་ཤུགས་རྒྱག་རྒྱུ་ཡིན་སྐོར་བརྗོད་འདུག

ཉེ་སྔོན་ཕྱི་ཟླ་ ༡༠ པའི་ནང་ནེའུ་ཡོག་དུས་བབ་ཀྱིས། རྒྱ་ནག་གི་ལྕགས་རི་རིང་པོ་གསར་པས་བལ་ཡུལ་ཐོག་གྲིབ་ནག་འཁོར་དུ་བཅུག་ཅེས་པའི་སྙན་ཐོ་ཞིག་བཏོན་ཏེ། རྒྱ་ནག་གཞུང་གིས་བོད་བལ་ས་མཚམས་ཧེམ་ལ་(Himla)རྫོང་ཁོངས་སུ་རྒྱ་ནག་གཞུང་གིས་ལྕགས་རི་གསར་རྒྱག་བྱས་ཏེ། མཐའ་མཚམས་དམག་དཔུང་འགྲེམས་འཇོག་བྱས་ཡོད་པ་མ་ཟད། ས་གནས་མི་མང་གིས་རྒྱ་ནག་ཁོང་ཚོའི་ས་ཁོངས་སུ་བཙན་འཛུལ་བྱས་ཏེ་དཀའ་རྙོག་བཟོ་ཡི་འདུག་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་ཀྱང་། བལ་གཞུང་གིས་རྒྱ་ནག་གཞུང་ལ་བསྟུན་ཤེས་བྱས་ཏེ་དཀའ་ངལ་སེལ་ཐབས་བྱེད་ཀྱི་མེད་པའི་ངོས་འཛིན་ཡོང་གི་ཡོད་པ་རེད།

ཤར་མཱ་ཨོ་ལི་ཡིས་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡༥ ཉིན་ནས་བལ་ཡུལ་གྱི་སྲིད་བློན་གསར་པའི་ལས་ཁུར་དམ་འབུལ་བྱས་ཤིང་། དེ་ནི་ཁོ་པ་བལ་ཡུལ་གྱི་སྲིད་བློན་དུ་འདེམས་ཐེངས་བཞི་པར་གྱུར་ཡོད་པ་རེད། ཕྱི་ལོ་ ༢༠༡༥ ལོར་ཁོ་བལ་ཡུལ་གྱི་སྲིད་བློན་ཡིན་སྐབས། ཁོས་རྒྱ་ནག་དང་ལྷན་དུ་མཉམ་འབྲེལ་གྱི་འབྲེལ་བ་ཤུགས་ཆེན་བཟུང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༧ ལོར་བལ་ཡུལ་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ཚོང་འབྲེལ་ལས་གཞིའི་ནང་ཞུགས། ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༦ པར་ཁོས་རྒྱ་ནག་དང་ལྷན་དུ་གཞིས་ཀ་རྩེ་ནས་བལ་ཡུལ་གྱི་རྒྱལ་སའི་བར་མེ་འཁོར་ལྕགས་ལམ་མཐུད་རྒྱུའི་གན་རྒྱ་བཞག  ཁོ་ནི་རྒྱ་གར་ཐོག་ཆབ་སྲིད་ཀྱི་ལངས་ཕྱོགས་མཁྲེགས་པོ་འཛིན་མཁན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་སྟབས། ཟླ་འདིའི་ཕྱི་ཚེས་ ༢ ཉིན་རྒྱ་ནག་གོ་ལའི་དུས་བབ་ཀྱིས། ཁོའི་ད་ལན་གྱི་གཞུང་འབྲེལ་སྐོར་སྐྱོད་སྐབས་རྒྱ་གར་གཞུང་འབྲེལ་མི་སྣ་མང་པོས་དོ་སྣང་དང་མི་དགའ་བའི་རྣམ་འགྱུར་བསྟན་ཡོད་ལུགས་སོགས་བརྗོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༦ སྔོན་ལ།
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཆུ་ཚོད་ ༡༧ སྔོན་ལ།
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

༢༠༢༦/༠༨/༢༥
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༢༥
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

༢༠༢༦/༠༨/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese