མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ཞིག་བཙོན་ཁང་ནས་སྨན་ཁང་དུ་བཏང་འདུག

བོད་ཀྱི་དུས་བབ།
༢༠༢༤/༡༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་ཚོགས་དང་ནོ་སྦེལ་ཞི་བདེ་ཚོགས་ཆུང་སོགས་ཀྱིས་ཕྱི་ལོ་ ༢༠༢༣ ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ཨེ་རན་གྱི་བུད་མེད་ཐོབ་ཐང་འཐབ་རྩོད་པ་ལྕམ་ནཱར་གྷེ་སི་མོ་ཧན་མཱ་དཱི་ལགས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གནང་འདུག

Nobel Peace Prize Winner Narges Mohammadi and Evin house of detention in Irag.

ཁ་སང་ཟླ་འདིའི་ཕྱི་ཚེས་ ༤ ཉིན་ཕྱི་ལོ་ ༢༠༢༣ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན། བཙོན་ཁང་དུ་ཡོད་པའི་ཨི་རན་གྱི་རང་དབང་འཐབ་རྩོད་པ་དང་། བུད་མེད་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ལྕམ་ནཱར་གྷེ་སི་མོ་ཧན་མཱ་དཱི་( Narges Mohammadi) ལགས་ལ་ནད་མནར་བྱུང་སྟེ་ཕྱི་རུ་སྨན་བཅོས་བྱེད་ཀྱི་ཡོད་འདུག་ལ། ཨི་རན་གཞུང་གིས་ལྕམ་ནཱར་གྷེ་སི་མོ་ཧན་མཱ་དཱི་ལགས་ཐེངས་ ༡༣ འཛིན་བཟུང་བཀག་ཉར་བྱས་ཏེ། ཁྱོན་ལོ་ངོ་ཧྲིལ་པོ་ ༣༡ རིང་བཙོན་འཇུག་བྱས་ཡོད་འདུག ༢༠༢༣ ལོར་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས་ཁོང་མོར་ནོ་སྦེལ་ཞི་བདེ་གཟེངས་རྟགས་དེ་ཕུལ་ཡོད་འདུག

དེའི་སྐོར་ལ་ལྕམ་ནཱར་གྷེ་སི་མོ་ཧན་མཱ་དཱི་ལགས་ཀྱི་ཁྲིམས་རྩོད་པ་མོ་སི་ཌ་ཧྥ་ནི་ལི་ལགས་ཀྱིས་རང་ཉིད་ཀྱི་ཊུ་ཝི་ཊུར་ཐོག་ཏུ། སྨན་པའི་ལམ་སྟོན་འོག མོ་ཧན་མཱ་དཱི་ལགས་ཀྱི་བཙོན་འཇུག་ཁྲིམས་ཆད་ཕྱིར་འགྱངས་ཀྱིས་ཉིན་གྲངས་ ༢༡ རིང་བཙོན་ཁང་ནས་བཏང་སྟེ་སྨན་བཅོས་བྱེད་ཀྱི་ཡོད། ཉིན་དེ་དག་རིང་ཁོང་མོའི་སྐྲན་ནད་ཕྱིར་འདོན་པ་དང་རུས་པར་གཤག་བཅོས་བྱེད་དགོས་པ་རེད། སྟབས་ལེགས་པ་ཞིག་ལ་ཁོང་མོའི་སྐྲན་ནད་ཉེན་ཁ་ཅན་དུ་གྱུར་མེད་ཀྱང་། ཟླ་གསུམ་རེའི་ནང་དུ་ཐེངས་གཅིག་ངེས་པར་དུ་བརྟག་དཔྱད་བྱེད་དུ་འགྲོ་དགོས། ཞེས་བརྗོད་འདུག

ཁོང་མོའི་ཁྱོ་ག་ཊ་གྷི་རཱ་ཧ་མཱ་ནི་(Taghi Rahmani) ལགས་དང་ཁོང་མོའི་རྒྱབ་སྐྱོར་བ་རྣམས་ཀྱིས། ཨི་རན་གཞུང་གིས་མོ་ཧན་མཱ་དཱི་ལགས་ཉིན་གྲངས་ ༢༡ རིང་ཁྲིམས་ཆད་ཕྱིར་འགྱངས་བྱས་པ་ཙམ་གྱིས་ཡོང་ཐབས་མེད་པ་ཞིག་རེད། ང་ཚོས་ཨི་རན་གཞུང་གིས་ཁོང་མོ་ཆ་རྐྱེན་ཅི་ཡང་མེད་པའི་ཐོག་ནས་འཕྲལ་དུ་བཙོན་གྲོལ་གཏང་རྒྱུ་དང་། ཉུང་མཐར་ཡང་ཟླ་གསུམ་རིང་ཁོང་མོའི་གཟུགས་པོའི་འཕྲོད་བསྟེན་ཆེད་དུ་ནད་དགོངས་སྤྲོད་དགོས། ཞེས་བརྗོད་འདུག

ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གི་འགན་འཛིན་ཇོར་ཇེན་ཝ་ཊ་ནི་ཧྥ་རེ་ཌི་ནི་སི་(Jorgen Watne Frydnes) ལགས་ཀྱིས། ང་ཚོས་ཨི་རན་གཞུང་ལ་ལྕམ་ནཱར་གྷེ་སི་མོ་ཧན་མཱ་དཱི་ལགས་འཕྲོད་བསྟེན་དཀའ་ངལ་སླད་ཉིན་གྲངས་ ༢༡ རིང་ནད་དགོངས་སྤྲད་པ་ཙམ་མ་ཡིན་པར་གཏན་དུ་བཙོན་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་ལ། ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གཙོས་འཛམ་གླིང་གི་ཚོགས་སྡེ་ཁག་ནས་རྒྱབ་སྐྱོར་བྱས་ཏེ། ཉིན་གཅིག་ཁོང་མོ་བཙོན་གྲོལ་ཐོབ་པའི་ཉིན་མོ་ཞིག་ཤར་བའི་རེ་བ་བྱེད་བཞིན་ཡོད། ཅེས་བརྗོད་འདུག  དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་མགྲིན་ཚབ་པས། ཨི་རན་གཞུང་གིས་ལྕམ་མོ་ཧན་མཱ་དཱི་ལགས་མྱུར་དུ་བཙོན་གྲོལ་གཏོང་དགོས་པ་མ་ཟད། ཁྲིམས་མཐུན་གྱི་སྒོ་ནས་རང་དབང་གི་རྣམ་འགྱུར་སྟོན་མཁན་དང་། འགྲོ་བ་མིའི་ཐོབ་ཐང་ལོངས་སྤྱོད་བྱས་ཏེ་བཙོན་འཇུག་བཀག་ཉར་བྱས་ཡོད་པའི་ཨི་རན་གྱི་བུད་མེད་དང་སྐྱེས་པ་ཚང་མ་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

ལྕམ་ནཱར་གྷེ་སི་མོ་ཧན་མཱ་དཱི་ལགས་ནི་ཕྱི་ལོ་ ༡༩༧༢ ལོར་ཨི་རན་གྱི་ (Zanjan) མངའ་ཁོངས་སུ་སྐྱེས་ཤིང་(Qazvin) གཙུག་ལག་སློབ་ཆེན་ནས་དངོས་ཁམས་ཚན་རིག་ཐོག་སློབ་གཉེར་བྱས། ཁོང་མོས་སློབ་ཆེན་འགྲིམས་བཞིན་པའི་སྐབས་ནས་བཟུང་ཨི་རན་ནང་ཆོས་ལུགས་ཀྱི་བཀག་རྒྱའི་འོག་བུད་མེད་ཀྱི་ཐོབ་ཐང་བཀག་འགོག་བྱེད་བཞིན་པའི་སྐོར་ལ་རྩོམ་ཡིག་མང་པོ་ཞིག་སྤེལ་ཡོད་ཅིང་། བུད་མེད་ཀྱི་ཐོབ་ཐང་དང་འབྲེལ་བའི་ལས་འགུལ་མང་པོ་སྤེལ་བ་ལ་བརྟེན་ནས། སྤྱི་ཚོགས་ནང་ལས་ཀ་མ་རག་པ་དང་ཉེས་ཅན་པའི་ཐོ་ཁོངས་སུ་བཅུག་པ་སོགས་ཀྱི་དཀའ་ངལ་རིམ་པར་འཕྲད་མྱོང་འདུག ཕྱི་ལོ་ ༢༠༠༠ ཡས་མས་སུ་ཁོང་མོས་གསར་འགོད་པའི་ལས་ཞོར་དུ། བཅོས་སྒྱུར་དང་ཐབས་བྱུས། ཐབས་ལམ  (The reforms, the Strategy and the Tactics) ཞེས་པའི་རྩོམ་རིག་ཕྱོགས་བསྡུས་ཀྱི་དཔེ་དེབ་ཅིག་བརྩམས། ཕྱི་ལོ་ ༡༩༩༩ ལོར་ཨི་རན་ནང་བཅོས་སྒྱུར་གཙོ་འདོན་བྱེད་མཁན་གསར་འགོད་པ་རཱ་མ་ནེ་ (Rahmani) དང་གཉེན་སྒྲིག་བྱས་མ་ཐག ཁོང་མོའི་བཟའ་ཟླ་ཨི་རན་གཞུང་གིས་འཛིན་བཟུང་བྱས་ཏེ་ལོ་ངོ་ ༡༤ བཙོན་འཇུག་ཁྲིམས་ཐག་བཅད། ཕྱི་ལོ་ ༡༩༩༨ ལོར་ཁོང་མོ་ཐོག་མར་འཛིན་བཟུང་བྱས་ཡོད་པ་དང་། དེ་ནས་ཕྱི་ལོ་ ༢༠༡༠ བར་འཛིན་བཟུང་ཐེངས་མང་བྱས་མྱོང་ཞིང་། ཕྱི་ལོ་ ༢༠༡༡ ལོར་བསྐྱར་དུ་འཛིན་བཟུང་བྱས་ཏེ་ལོ་ ༡༡ བཙོན་འཇུག་ཁྲིམས་ཐག་བཅད། འོན་ཀྱང་། རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་དང་། ཨ་རི་དང་དབྱིན་ཇི་སོགས་ཀྱིས་ཨི་རན་གཞུང་ལ་འབོད་སྐུལ་བྱས་ཏེ་ཁྲིམས་ཆད་ཆག་ཡང་བཏང་ནས་ལོ་གཅིག་ཙམ་གྱི་རྗེས་ནས་ཀློད། ཕྱི་ལོ་ ༢༠༡༥ ལོར་བསྐྱར་དུ་ཨི་རན་གྱི་རྒྱལ་སྲིད་ལ་ཉེན་ཁ་བཟོས་པའི་ཉེས་མིང་འོག་ཁོང་མོར་ལོ་བཅུའི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ད་ལྟའང་བཙོན་ཁང་དུ་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༡ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese