མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགེ་བཤེས་རྭ་ཆུང་དགེ་འདུན་ལགས་ཀློད་གྲོལ་བཏང་འདུག་ཀྱང་སྨན་པར་བསྟེན་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༤/༡༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

རྔ་བ་ཀིརྟི་དགོན་གྱི་དགེ་བཤེས་རྭ་ཆུང་དགེ་འདུན་ལགས་བཙོན་འཇུག་དུས་ཡུན་ལོ་གསུམ་དང་ཕྱེད་ཀ་ཚང་ནས་ཀློད་གྲོལ་བཏང་ཡོད་ཀྱང་སྐུ་གཟུགས་གནས་སྟངས་ཧ་ཅང་ཞན་པའི་རྐྱེན་གྱིས་སྨན་པར་བསྟེན་གཏུག་གནང་བཞིན་འདུག

རྔ་བ་ཀིརྟི་དགོན་གྱི་དགེ་བཤེས་རྭ་ཆུང་དགེ་འདུན་ལགས། པར་འབྲེལ་ཡོད་ཀྱིས་འདི་གར་མཁོ་སྤྲོད་གནང་།

རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་དགེ་བཤེས་རྭ་ཆུང་དགེ་འདུན་ལགས་ཉེ་སྔོན་ཕྱི་ཟླ་ ༡༡ ཚེས་ ༡༦ ཉིན་བཙོན་འཇུག་དུས་ཡུན་ཚང་སྟེ་ཀློད་གྲོལ་བཏང་ཡོད་ཀྱང་། སྐུ་གཟུགས་གནས་སྟངས་ཧ་ཅང་ཞན་པོ་ཆགས་ཡོད་པར་བརྟེན་སྨན་ཁང་དུ་ཕེབས་དགོས་བྱུང་ཡོད་འདུག དགེ་བཤེས་རྭ་ཆུང་ལགས་ཀྱིས་སྤུན་མཆེད་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཕྱག་མཛོད་རྭ་ཆུང་ཐོགས་མེད་ལགས་བརྒྱུད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བཅས་ལ་སྐྱབས་བསྔོ་ཞུ་རྟེན་སོགས་ཕུལ་བའི་ཉེས་མིང་འོག་ཕྱི་ལོ་ ༢༠༢༡ ཟླ་ ༧ ནང་ལོ་གསུམ་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

རྭ་ཆུང་དགེ་འདུན་ལགས་ཀྱི་ཨ་མ་ནོར་པོ་ལགས་ནི་ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༧ ཉིན་གྱི་ཞོགས་པར་བོད་བསྟན་སྲིད་ཆེད་རང་ལུས་མེར་བསྲེག་གནང་མཁན་བཀྲ་ཕུན་ལགས་ཀྱི་སྲིང་མོ་ཡིན་ལ། བཀྲ་ཕུན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བའི་སྔར་ཉིན་དེ་ཕྱི་ཟླ་ ༣ ཚེས་ ༢༦ ཉིན་ནོར་པོ་ལགས་ལ་ཁ་པར་ཡོང་ནས་ང་ལ་བཤད་རྒྱུ་འདྲ་ཡོད་དམ་ཞེས་དྲིས་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་ཁོང་གི་ནང་མི་སྤུན་མཆེད་དང་། ཉེ་འབྲེལ་རྣམས་ལ་དུས་ཡུན་ངེས་མེད་ཀྱིས་འདྲི་གཅོད་སྣ་ཚོགས་དང་བསུན་གཙེར་རིམ་པར་བཟོས་ཡོད་པར་མ་ཟད། ལོ་རྒན་ ༨༣ ལོན་པའི་སྲིང་མོ་ནོར་པོ་ལགས་ལ་ཁ་པར་བཏང་ནས་གྲོས་ཤིག་བྱས་འདུག་སྙམ་པའི་དོགས་པ་བྱས་ཏེ། ལོ་གཅིག་ཙམ་རིང་ནོར་པོ་ལགས་ལའང་རྒྱ་ནག་གཞུང་གིས་བསུན་གཙེར་སྣ་ཚོགས་བཟོས་ཏེ་ཐ་ན་ནད་མནར་བྱུང་སྐབས་དུས་ཐོག་ཏུ་སྨན་ཁང་ལ་འགྲོ་དབང་མ་སྤྲད་པ་དང་། སྡེ་བའི་མ་ཎི་འཁོར་ལོ་སྐོར་ས་ལའང་རྗེས་འདེད་བཏང་ནས་ལུས་སེམས་གཉིས་ལ་དཀའ་ངལ་མང་པོ་བཟོས་རྐྱེན། བུ་དགེ་བཤེས་རྭ་ཆུང་དགེ་འདུན་ལགས་དང་ངོ་ཐུག་མ་ཐུབ་པར་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡༠ ཉིན་འདས་གྲོངས་སུ་ཕྱིན་ཡོད་འདུག

བོད་བསྟན་སྲིད་ཆེད་རང་ལུས་མེར་བསྲེགས་གནང་ནས་འདས་གྲོངས་སུ་ཕྱིན་པའི་བཀྲ་ཕུན་ལགས་དང་ཁོང་གི་སྲིང་མོ་ནོར་པོ་ལགས། པར་འབྲེལ་ཡོད་ཀྱིས་འདི་གར་གནང་།

རྔ་བ་རྫོང་རྨེའུ་རུ་མའི་རུ་ཆེན་གསུམ་པའི་ཕ་འདས་པོ་རྭ་ཆུང་ཀུ་ཡེ་དང་མ་ནོར་པོ་གཉིས་ཀྱི་བུ་དགེ་བཤེས་རྭ་ཆུང་དགེ་འདུན་ལགས་ཆུང་ངུའི་དུས་ནས་ཆོས་སྡེ་ཆེན་པོ་རྔ་ཡུལ་ཀིརྟི་དགོན་དགེ་ལྡན་ལེགས་བཤད་གླིང་གི་ཆོས་སྒོར་ཞུགས་ཏེ།  དགེ་བའི་བཤེས་གཉེན་ཆེན་པོ་སྦྱོར་དགེ་ཨ་ཁུ་ཆོས་འཛིན་དང་ཨ་ཁུ་བློ་ཡེ་(རྭ་ཁོའི་བློ་བཟང་བསོད་ནམས།) དགེ་བཤེས་བློ་བཟང་བཀྲ་ཤིས་སོགས་ཚུལ་བཞིན་དུ་བསྟེན་ནས་བསླབ་པ་སློབ་གཉེར་ལ་གཞོལ་ཏེ་དགོན་པའི་འདོན་ཆོས་སྤྱོད་ཀྱི་རིགས་བློ་འཛིན་དང་། ལྷག་པར་གཞུང་ཆེན་བཀའ་པོད་ལྔ་ལས་མངོན་རྟོགས་རྒྱན་དང་དབུ་མ་འཇུག་པ། རྣམ་འགྲེལ་རྩ་བ། དྲང་ངེས་ལེགས་བཤད་སྙིང་པོ། འགྲེལ་པ་དོན་གསལ། ༧པཎ་ཆེན་ཕར་ཕྱིན་སྤྱི་དོན་སྐབས་དང་པོ་སོགས་བློ་འཛིན་གྱིས་དགོན་པའི་ཚོགས་འདུ་ལས་སྣེའི་མདུན་རྒྱུགས་སྤྲོད་དང་། གཞུང་ཆེན་བཀའ་པོད་ལྔ་གར་འཆད་ཉན་གྱིས་སྦྱངས་པ་མཐར་ཕྱིན་གནང་བར་མ་ཟད། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་གཞིས་ཀྱི་ཀིརྟི་དགོན་ཁག་རྣམས་ཀྱི་འཆད་ཉན་སློབ་གཉེར་གཅིག་གྱུར་མཛད་སྟངས་ཀྱི་ལམ་སྟོན་བཅའ་ཡིག་བློ་གསལ་འཇུག་ངོགས་ཟུར་རྒྱན་དང་བཅས་པ་སྩལ་བའི་དགོངས་དོན་བཞིན། ཕྱི་ལོ་ ༢༠༡༧ ནས་དགེ་བཤེས་རྒྱུགས་སྤྲོད་ལ་ཞུགས་ཏེ་དགེ་བཤེས་དཀའ་བཅུ་པའི་མཚན་བཏགས་གྲྭ་སྐོར་དམ་བཅའ་ཀིརྟི་དགོན་ཁག་ལ་འགྲོ་བཞིན་པའི་སྐབས་ཏེ། ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༡ ཉིན་གྱི་མཚན་མོར་རྔ་ཡུལ་ཀིརྟི་དགོན་གྱི་རང་ཤག་ནས་གློ་བུར་དུ་ཉེན་རྟོག་པས་འཛིན་བཟུང་ནས་ཡུན་རིང་གང་དུ་ཡོད་མེད་རྩད་གཅོད་བྱེད་ཐུབ་མི་འདུག ཟླ་ཤས་རྗེས་བདེ་འཚམ་ངང་ཡོད་པ་ཙམ་ཤེས་རྟོགས་བྱུང་བ་ལས་དེའི་བར་ཐེངས་གཅིག་ཀྱང་ངོ་ཐུག་བྱེད་དུ་བཅུག་མི་འདུག ལོ་གཅིག་ལྷག་འགོར་བའི་རྗེས་ཏེ་ཕྱི་ལོ་ ༢༠༢༢ ཟླ་ ༧ པའི་ནང་། བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཕྱག་མཛོད་སྤུན་མཆེད་རྭ་ཆུང་ཐོགས་མེད་བརྒྱུད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བཅས་ལ་སྐྱབས་བསྔོ་ཞུ་རྟེན་ཕྱི་རྒྱལ་དུ་དངུལ་བསྐུར་བའི་ཉེས་མིང་འོག་ལོ་གསུམ་དང་ཟླ་དྲུག་རིང་བཙོན་འཇུག་ཁྲིམས་ཐག་བཅད། འོན་ཀྱང་། སྤྱི་ཚོགས་ནང་ཁྲིམས་ཐག་བཅད་པའི་གནས་ཚུལ་ཡོངས་གྲགས་བྱུང་བ་ཙམ་ལས་ནང་མི་རྣམས་ནས་འཛིན་བཟུང་བྱེད་སྐབས་གང་མགྱོགས་ཕྱིར་རང་ཁྱིམ་དུ་གཏོང་བའི་རེ་བ་བྱས་ཏེ། ལོ་དུས་དེ་ཙམ་རིང་ཁྲིམས་གཅོད་བཙོན་འཇུག་བྱ་དགོས་ཚུལ་སོགས་ཀྱི་གནས་སྟངས་ཤེས་མི་འདུག

ཁོང་ད་ལམ་གཅིག་པུར་ཁྲིམས་གཅོད་བཙོན་འཇུག་བྱས་པ་ཙམ་མིན་པར། ཕྱི་ལོ་ ༡༩༩༨ ཟླ་ ༥ པ་ནས་བོད་རྔ་བའི་ཕྱོགས་སུ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཆེས་ཐོག་མར་སྤེལ་ཡུལ་དུ་གྱུར་པ་རྔ་ཡུལ་ཀིརྟི་དགོན་དུ་རྔ་བ་ཁུལ་དང་རྫོང་རིམ་པའི་ལས་བྱེད་རྣམས་ཡོང་སྟེ། ལས་འགུལ་འདི་ནི་དགོན་པའི་སྒྲིག་ལམ་དང་སངས་རྒྱས་ཀྱི་བསྟན་པ་གཙང་སེལ་བྱེད་པའི་ལས་འགུལ་ཞིག་ཡིན་པར་མ་ཟད། ཁྲིམས་འགལ་གྱི་རིགས་དགོན་པར་གནས་སྡོད་བྱེད་མི་ཆོག་པ་དང་། ལོ་ན་བཅོ་བརྒྱད་མ་ལོན་པའི་གྲྭ་ཆུང་རྣམས་དགོན་པ་ནས་འགྲོ་དགོས་པ། དགོན་པར་ཡོད་པའི་གྲྭ་པ་རྣམས་ཀྱིས་གྲྭ་པའི་ཕྱག་འཁྱེར་ཞིག་ངེས་པར་དུ་བཟོ་དགོས་པ། སྤྱིར་རྔ་ཡུལ་ཀིརྟི་དགོན་དུ་དགེ་འདུན་འདུ་ཚོགས་ཆེ་སྐབས་གྲྭ་གྲངས་སུམ་སྟོང་ལྷག་དང། རྒྱུན་དུ་ཉིས་སྟོང་བརྒྱད་བརྒྱ་དང་དགུ་བརྒྱ་བར་གཏན་བཞུགས་ཡོད་འདུག་ནའང་། དགོན་པའི་ནང་དུ་དགེ་འདུན་པ་ཆིག་སྟོང་ལྔ་བརྒྱ་ལས་སྡོད་མི་ཆོག་པ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་སྒྲིག་བཤམས་མི་ཆོག་པ། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་བཀའ་བརྩི་མི་ཆོག་པའི་སྐོར་སོགས་བཤད་དེ། དུས་ཡུན་རིང་ཐུང་སྣ་ཚོགས་པར་ཚོགས་འདུ་བསྡུ་བསྐོང་གིས་གྲྭ་མང་རྣམས་བཞུགས་བཟོད་མི་བདེ་བ་བཟོས་པར་བརྟེན། གྲྭ་པ་མང་པོ་ཚོགས་ཐོག་ཏུ་ཡར་ལངས་ནས་སྐད་ཅོར་བརྒྱབས་པ་དང་། ཕྱི་ལོགས་སུ་འགྲོ་བ་སོགས་རྒྱ་གཞུང་གི་ལས་བྱེད་ཡོད་སར་མི་འདོད་པའི་རྣམ་འགྱུར་མང་དུ་བསྟན་པ་དང་། དུས་སྐབས་དེའི་རིང་ཞོགས་ཀ་ཕལ་ཆེ་བར་དགོན་པའི་གླིང་བར་དང་རྔ་བ་རྫོང་གི་ཁྲོམ་བར་སོགས་སུ་བོད་རང་བཙན་ཡིན་པ་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བར་ངོ་རྒོལ། ཀིརྟི་དགོན་གྱི་འདུ་ཁང་གི་གཡས་གཡོན་དང་གླིང་དཀྱིལ་གྱི་གློག་ཐག རྔ་བ་རྫོང་གི་སྲང་མདོའི་གློག་ཐག་དང་གློག་ཤིང་གི་རྩེ་བཅས་གང་སར་བོད་ཀྱི་རྒྱལ་དར་ཐེངས་མང་པོར་བསྒྲེངས་པ་སོགས་ཀྱིས་སྐབས་དེའི་ལས་དོན་ལམ་ལྷོང་གཏན་ནས་མ་བྱུང་བ་ལྟ་བུར་གྱུར་བར་བརྟེན། ལོ་དེའི་ཕྱི་ཟླ་ ༡༢ ཚེས་ ༡༡ ཉིན་སླར་ཡང་རྔ་བ་ཀིརྟི་དགོན་དུ་རྔ་བ་ཁུལ་དང་རྫོང་གི་ལས་བྱེད་ལྔ་བཅུ་ཙམ་ཡོང་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་བཙན་བརྗིད་ཅན་སྤེལ་ནའང་དེ་ཡང་ལམ་འགྲོ་ཡག་པོ་མ་བྱུང་བར་གང་སར་ཡི་གེ་མང་པོ་སྦྱར་འགྲེམས་སོགས་ཀྱི་ངོ་རྒོལ་བྱས་པར་བརྟེན། གྲྭ་པ་གང་མང་ཞིག་འཛིན་བཟུང་བྱས་པའི་སྐབས་སུ་དགེ་བཤེས་རྭ་ཆུང་དགེ་འདུན་ལགས་ཀྱང་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་རེད། དེ་བཞིན་རྔ་བ་རྫོང་ཁོངས་སུ་རང་ལུས་མེར་སྲེག་གི་དོན་རྐྱེན་གཅིག་རྗེས་གཉིས་མཐུད་དུ་བྱུང་བའི་སྐབས་ཤིག་ལ་མཚན་མོར་གློ་བུར་དུ་དགེ་བཤེས་རྭ་ཆུང་དགེ་འདུན་ལགས་ཀྱི་བཞུགས་ཤག་གི་རྭ་སྐོར་གྱི་ཐོག་ཁ་ནས་ཉེན་རྟོག་པ་འགའ་མཆོངས་ཡོང་སྟེ་བཞུགས་ཤག་བསྔོག་བཤེར་གྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་རྣམས་བཙན་འཕྲོག་བྱས་ནས་བཀག་བསྐྱིལ་དང་འདྲི་གཅོད་སྔ་ཕྱིར་བྱས་པའི་གནས་ཚུལ་བྱུང་འདུག

འབྲེལ་ཡོད་ནས་འདི་གར་གནས་ཚུལ་མཁོ་གཏོང་གནང་།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༢༤ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese