མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་ལོ་རྒྱུས་རྫུན་བཟོ་བྱེད་བཞིན་པར་གདོང་ལེན་བྱེད་ཐབས་སྐོར་གྱི་ཉན་ཞིབ་ཅིག་འཚོགས།

བོད་ཀྱི་དུས་བབ།
༢༠༢༤/༡༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་ཨ་རིའི་གཞུང་དང་ནུབ་ཕྱོགས་རྒྱལ་ཁབ་སོ་སོར་གནས་ཡོད་པའི་བོད་མི་རྣམས་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྦྱོང་རྒྱུར་དམིགས་བསལ་གྱིས་མཐུན་འགྱུར་རོགས་རམ་གནང་རྒྱུའི་འབོད་སྐུལ་ཞུས་ཡོད་འདུག

ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་ནས་རྒྱ་ནག་གིས་ལོ་རྒྱུས་རྫུན་བཟོ་དང་རིག་གཞུང་རྩ་གཏོར་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པར་གདོང་ལེན་བྱེད་ཐབས་ཀྱི་ཉན་ཞིབ་འཚོག་བཞིན་པ། ༢༠༢༤།༡༢།༥

ཁ་སང་ཕྱི་ཚེས་ ༥ ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་གོ་སྒྲིག་འོག རྒྱ་ནག་གིས་ལོ་རྒྱུས་རྫུན་བཟོ་དང་རིག་གཞུང་རྩ་གཏོར་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པར་གདོང་ལེན་བྱེད་ཐབས་ཀྱི་ཉན་ཞིབ་ཅིག་འཚོགས་ཡོད་འདུག སྐབས་དེར་ཚོགས་ཆུང་དེའི་ཚོགས་གཙོ་སྐུ་ཞབས་ཁི་རི་སི་ཊོ་ཧྥར་ (Christopher Smith) ལགས་དང་། སྐུ་ཞབས་ཇེ་ཧྥི་མར་ཀེ་ལི་ (Jeff Merkley) ལགས་ཀྱིས་གཙོ་སྐྱོང་གནང་ཞིང་། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཇིམ་མེག་གྷོ་ཝན་ལགས་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨུ་ཛི་ར་ཛེ་ཡ་ (Uzra Zeya) མཆོག ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ (Ryan Zinke) ལགས། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ (Zach Nunn) ལགས་སོགས་ལྷན་བཞུགས་གནང་ཡོད་འདུག་ལ། ཉན་ཞིབ་དེའི་ནང་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁག་གསར་འཛུགས་གནང་མཁན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་དང་། རྒྱ་ནག་ཆེད་མཁས་པ་རོ་ཝི་ན་ (Rowena He)། ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་ཧོཌ་སི་ཊ་ར་གཙུག་ལག་སློབ་གཉེར་ཁང་ (Hofstra University) གི་ཁྲིམས་ལུགས་སློབ་དཔོན་ཇུ་ལི་ཡན་ (Julian Ku)། དེ་བཞིན་རྒྱལ་སྤྱིའི་ཡུ་གུར་སློབ་གཉེར་ཁང་གི་ཚོགས་གཙོ་རི་ཤ་ཊི་ (Rishat Abbas) དང་། ཨ་རིར་སྐྱེས་པའི་ལྷོ་སོག་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ (Temulun Togochog) བཅས་ཀྱིས་ཉན་ཞིབ་ཀྱི་དཔང་པོ་བྱས་ཡོད་པ་རེད་འདུག

ཉན་ཞིབ་ཀྱི་དཔང་མི་རྣམས་ཀྱིས་འགོ་འབྱེད་གཏམ་བཤད་སྤེལ་བ་དང་སྦྲགས། རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་མི་རྣམས་ཀྱིས་དོགས་འདྲི་ཁག་ལ་ལན་འདེབས་བྱས་སོང་། དེ་ཡང་ཉན་ཞིབ་སྐབས་ལྕམ་ཨུ་ཛི་ར་ཛེ་ཡ་མཆོག་གིས། ང་ཚོའི་ངོས་ནས་རྒྱ་ནག་གིས་བོད་ཀྱི་ལོ་རྒྱུས་རྫུན་བཟོ་དང་བོད་དོན་གནས་ཚུལ་འཁྱོག་བཤད་བྱས་དང་བྱེད་མུས་ཡིན་པ་དེ་འགོག་ཐབས་སུ་ཐབས་ལམ་ག་རེ་བེད་སྤྱོད་བྱེད་དགོས་ཀྱི་འདུག་ཅེས་དྲིས་པར། དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས། རྒྱ་ནག་གིས་གནས་ཚུལ་འཁྱོག་བརྗོད་དང་བསླུ་བྲིད་ཀྱི་ཚོང་ལས་ལ་བརྟེན་ནས་འཛམ་གླིང་སྟེང་དབང་ཡོད་བཏང་བའི་གནས་སྟངས་ཆགས་པའི་གནས་ཚུལ་རྣམས་གསལ་པོ་རེད། རྒྱ་ནག་གིས་བོད་ནང་དུ་གནས་ཚུལ་རྫུན་བསྒྲགས་བྱེད་ཀྱི་ཡོད་པ་ལྟར་རྒྱལ་སྤྱིའི་སྟེང་དུ་གནས་ཚུལ་རྫུན་གཏམ་བསྒྲགས་ཀྱི་ཡོད་པ་རེད། དེར་བརྟེན་ཨ་རིའི་གཞུང་གི་ངོས་ནས་རྒྱ་ནག་གིས་བོད་ནང་དུ་གནས་ཚུལ་རྫུན་བསྒྲགས་བྱེད་བཞིན་པ་དེ་ཐད་ཀར་བཀག་སྡོམ་བྱེད་མི་ཐུབ་ཀྱང་། ཕྱི་ལ་ཡོད་པའི་བོད་མི་དང་རྒྱལ་སྤྱིའི་སྟེང་གནས་ཚུལ་འཁྱོག་བརྗོད་ཁྱབ་སྤེལ་ཕྱིན་གྱི་ཡོད་པ་དེ་དག་བཀག་སྡོམ་ཡོང་རྒྱུར་རོགས་སྐྱོར་བྱ་དགོས་འདུག དཔེར་ན། ང་ཚོའི་མཉེན་ཆས་ལྟ་བུར་ཆ་བཞག་ན། རྒྱ་ནག་གཞུང་གིས་བསླུ་བྲིད་ཀྱི་ཚོང་ལས་ལ་བརྟེན་ནས་ཀུ་ཤུ་རྟགས་ཅན་གྱི་ཚོང་གཉེར་ཁང་གིས་ང་ཚོའི་མཉེན་ཆས་ཡོངས་རྫོགས་ (App Store) ནས་བཀག་སྡོམ་བྱས་པའི་དཀའ་ངལ་བྱུང་། དེར་བརྟེན་ཨ་རིའི་གཞུང་ནས་མཉེན་ཆས་དེ་ལ་ཚོད་འཛིན་མེད་པར་བཟོ་ཐབས་སུ་རོགས་སྐྱོར་བྱ་དགོས་ཀྱི་འདུག ཅེས་ལན་འདེབས་གནང་ཡོད་འདུག

དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས། ང་ཚོའི་ཆོས་དང་རིག་གཞུང་རྒྱུན་གནས་བྱེད་པར་བོད་ནང་དུ་གནས་སྐབས་སྲུང་སྐྱོབ་བྱ་རྒྱུ་དཀའ་ལས་ཁག་པོ་རེད། དེར་བརྟེན་ང་ཚོས་ཕྱི་ལོགས་ནས་སྲུང་སྐྱོབ་ཆ་ཚང་བྱེད་ཐུབ་ཀྱི་འདུག དེར་བརྟེན་ཨ་རིའི་གཞུང་དང་འབྲེལ་ཡོད་ཀྱི་རྒྱལ་ཁབ། དེ་བཞིན་ནུབ་ཕྱོགས་རྒྱལ་ཁབ་སོ་སོར་ཡོད་པའི་བོད་མི་རྣམས་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྦྱོང་རྒྱུར་དམིགས་བསལ་གྱིས་མཐུན་འགྱུར་རོགས་རམ་དང་། འཕྲུལ་ལས་དང་འབྲེལ་བའི་ཐོག་ལ་རོགས་སྐྱོར་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ་དང་། དེས་བོད་ཀྱི་རིག་གཞུང་དང་སྐད་ཡིག་སོགས་ཉམས་པ་མེད་པར་སྲུང་སྐྱོབ་བྱེད་ཐུབ་པར་ཕན་ཐོགས་ཆེན་པོ་ཡོང་གི་རེད། ཅེས་གསུངས་འདུག

དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་ཉན་ཞིབ་སྟེང་འགོ་འབྱེད་གཏམ་གཤད་སྤེལ་བའི་ནང་། ང་རང་བོད་མི་ཞིག་ཡིན་པའི་ཆ་ནས་ཨ་རིའི་གཞུང་དང་གྲོས་ཚོགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་མིའི་མགོ་ཁྲིད་རྣམ་པར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁྱེད་རྣམ་པའི་རོགས་རམ་གྱིས་ང་ཚོའི་སྤྱི་ཚོགས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་དེ་ངས་མིག་མཐོང་ལག་ཟིན་བྱུང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་ནི་བོད་ནང་དང་བཙན་བྱོལ་སྤྱི་ཚོགས་ནང་དུ་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད། རྒྱ་ནག་གཞུང་གིས་བོད་ནང་དུ་བོད་མིའི་ངོ་བོ་རྩ་མེད་གཏོང་ཐབས་ཀྱི་སྲིད་ཇུས་ལག་བསྟར་འོག བོད་ཀྱི་སྐད་ཡིག་དང་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་བཞིན་ཡོད་པ་མ་ཟད། བོད་པའི་ཕྲུ་གུ་བརྒྱ་ཆ་ ༨༠ ཙམ་རྒྱ་གཞུང་གིས་བཙུགས་པའི་བཅའ་སྡོད་སློབ་གྲྭར་བཏང་སྟེ་རྒྱ་སྐད་རྒྱ་ཡིག་གཙོ་བོ་བྱས་ཏེ་སློབ་ཁྲིད་བྱས་ཏེ་རྒྱ་སྒྱུར་སློབ་གསོ་སྤྲོད་མུས་ཡིན་པས། དེས་བོད་མིའི་ངོ་བོ་དང་རིག་གཞུང་རྩ་བརླག་ཏུ་འགྲོ་ཉེན་ཡོད་ལ། བོད་ཀྱི་སྐད་ཡིག་གི་གནས་སྟངས་ཞན་དུ་གཏོང་ཐབས་བྱེད་བཞིན་ཡོད། ད་དུང་རྒྱ་ནག་གིས་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱས་དང་བྱེད་མུས་ཡིན་པའི་རྐྱེན་གྱིས་བོད་དོན་ལས་འགུལ་བ་དང་། བོད་སྐད་ཀྱི་ཐོབ་ཐང་ཆེད་དུ་ཞུ་གཏུགས་བྱེད་མཁན་གྱི་མི་སྒེར་ལ་དྲང་བདེན་མིན་པའི་ཉེས་ཆད་གཅོད་པ་དང་། བཙོན་དུ་བཅུག་པ་སོགས་བོད་ནང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པའི་གནས་སྟངས་སོགས་ཐེར་འདོན་གནང་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese