མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྕམ་ནན་སི་པོ་ལོ་སི་མཆོག་ལ་བདེན་པའི་སྒྲོན་མེའི་གཟེངས་རྟགས་ཕུལ།

བོད་ཀྱི་དུས་བབ།
༢༠༢༤/༡༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བདེན་པའི་སྒྲོན་མེའི་གཟེངས་རྟགས་དེ་ཡུན་རིང་བོད་དོན་རྒྱབ་སྐྱོར་བ་དང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་བ་ལྕམ་ནན་སི་པོ་ལོ་སི་མཆོག་ལ་ཕུལ།

དེ་རིང་ཨ་རིའི་རྒྱལ་ས་ཝང་ཤིན་ཊོན་དུ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱིས་གོ་སྒྲིག་གནང་བའི་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༢༢ པའི་མཇུག་སྡོམ་མཛད་སྒོའི་སྟེང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བདེན་པའི་སྒྲོན་མེའི་གཟེངས་རྟགས་དེ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་བ་དང་ཡུན་རིང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ལྕམ་ནན་སི་པོ་ལོ་སི་མཆོག་ལ་ཕུལ་སོང་།

༧གོང་ས་མཆོག་གིས་ནམ་རྒྱུན་ལྕམ་ནན་སི་པེ་ལོ་སི་མཆོག་ནི་མཛའ་བརྩེ་ཟབ་པའི་གྲོགས་པོ་ཞིག་དང་འདས་པའི་ལོ་མང་རིང་ལྷག་སེམས་རྣམ་དག་དང་བློ་སེམས་འགྱུར་མེད་ཀྱིས་བོད་ཀྱི་འཐབ་རྩོད་ཐོག་རྒྱབ་སྐྱོར་ཤུགས་ཆེན་བསྐྱོན་མཁན་ཞིག་ཡིན་ཞེས་གསུངས་ཡོད་པ་ལྟར། ལྕམ་ནན་སི་པེ་ལོ་སི་མཆོག་ནི་ཨ་རིའི་གྲོས་ཚོགས་འཐུས་མིའི་ནང་ནས་བོད་དང་བོད་མིར་དམིགས་བསལ་གྱི་འབྲེལ་ལམ་ཟབ་ཅིང་བོད་དོན་ལ་རྒྱུས་མངའ་དང་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༠༨ དང་ ༢༠༡༧། དེ་བཞིན་ ༢༠༢༤ ཟླ་ ༦ པ་བཅས་ཀྱི་ནང་ཁོང་གིས་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་སྣེ་འཁྲིད་དེ། བཞུགས་སྒར་དྷ་ས་ནས་༧གོང་ས་མཆོག་ལ་མཇལ་འཕྲད་དང་བོད་མིའི་སྒྲིག་འཛུགས་ཀྱི་གཙོས་ཉེ་འཁྲིས་བཙན་བྱོལ་བོད་མིའི་སློབ་གྲྭ་དང་ཚོགས་སྡེ་ཁག་བཅས་མི་མང་གི་བདེ་སྡུག་ལ་གཟིགས་ཞིབ་གནང་ཡོད་པ་མ་ཟད། རྒྱ་ནག་གི་གནོད་ཤུགས་ལ་མ་ལྟོས་པར། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡༨ ཉིན་བཞུགས་སྒར་དྷ་སར་ཕེབས་ཏེ། ཨ་རིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཁྲིམས་ཡིག་དངོས་སུ་༧གོང་ས་མཆོག་ལ་སྤྱན་འབུལ་ཞུས་ཡོད་ལ། ཕྱི་ལོ་ ༢༠༡༥ ལོར་ཁོ་མོས་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གི་སྣེ་འཁྲིད་ཀྱིས། བོད་ནང་བསྐྱོད་དེ་བོད་ནང་གི་བོད་མིའི་གནས་སྟངས་ལ་གཟིགས་ཞིབ་གནང་ཡོད་པ་རེད།

ཕྱི་ལོ་ ༢༠༠༧ ལོར་ལྕམ་ནན་སི་པེ་ལོ་སི་མཆོག་གྲོས་ཚོགས་འོག་མའི་ཚོགས་གཙོ་ཐོག་མར་བདམས་ཐོན་བྱུང་སྟེ་ལོ་རྒྱུས་ནང་གྲོས་ཚོགས་འོག་མའི་བུད་མེད་ཚོགས་གཙོ་ཐོག་མ་ཆགས་ཡོད་ཅིང་། ཕྱི་ལོ་ ༢༠༢༡ ལོར་ལྕམ་ནན་སི་པེ་ལོ་སི་མཆོག་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་བདམས་ཐོན་བྱུང་བ་ཐེངས་ ༤ པ་ཆགས། ཕྱི་ལོ་ ༡༩༨༧ ལོ་ནས་ཨ་རིའི་གྲོས་ཚོགས་འཐུས་མི་དང་། ཕྱི་ལོ་ ༢༠༠༣ ནས་དམངས་གཙོ་ཚོགས་པའི་མགོ་འཁྲིད་གནང་ཞིང་། ཨ་རིའི་ལོ་རྒྱུས་ནང་གི་སྲིད་དོན་ཚོགས་པ་ཞིག་དབུ་འཁྲིད་གནང་མཁན་གྱི་བུད་མེད་ཐོག་མའང་ཆགས་ཡོད།

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོའི་ལས་ཡུན་སྐབས་དང་པོའི་རིང་། ལྕམ་ནན་སི་པེ་ལོ་སི་མཆོག་ནི་སྲིད་འཛིན་ཟུར་བ་ཨོ་བྷ་མའི་གཞུང་གི་ཆབ་སྲིད་དང་དཔལ་འབྱོར། དེ་བཞིན། འཕྲོད་བསྟེན་སོགས་དང་འབྲེལ་བའི་སྲིད་བྱུས་མང་དག་ཅིག་གི་རྒྱབ་རྟེན་ཤུགས་ཆེ་ཤོས་ཤིག་ཡིན་པ་དང་། ཕྱི་ལོ་ ༢༠༡༩ ལོར་ཁོང་མོ་སྐབས་གསུམ་པའི་ཚོགས་གཙོ་ཡིན་སྐབས། ཨ་རིའི་སྲིད་འཛིན་ཊོམ་ཕུ་ལགས་ཀྱིས་དབང་ཆ་ལོག་སྤྱོད་དང་གྲོས་ཚོགས་ཀྱི་ལས་དོན་ལ་འགལ་རྐྱེན་བཟོས་པ་སོགས་ཀྱི་ཁ་གཏད་དུ་ལངས་ཡོད་པ་རེད་ལ། ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམས་དང་སྲིད་དོན་པ་མང་པོས་དགའ་མོས་བྱེད་སའི་ཆབ་སྲིད་མི་སྣ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་འདུག

དྲ་ལམ་གྱི་པར།

ལྕམ་ནན་སི་པོལ་སི་མཆོག་ནི་ཕྱི་ལོ་ ༡༩༤༠ ཟླ་ ༣ ཚེས་ ༢༦ ཉིན་ཨ་རིའི་མངའ་སྡེ་མའེ་རེ་ལན་ཌའི་གྲོང་ཁྱེར་ (Baltimore) ནང་སྐྱེས་ཤིང་། ཁོང་མོའི་པ་ལགས་ཐའོ་མ་སི་(Thomas D’Alesandro Jr) ལགས་ནི་མའེ་རེ་ལན་ཌིའི་གྲོས་ཚོགས་འཐུས་མི་དང་ཨ་མ་ (Anunciata D’Alesandro) ལགས་ནི་སྲིད་དོན་ཐོག་དོ་དབྱིངས་ཆེན་པོ་གནང་མཁན་ཞིག་ཡིན་སྟབས། ལྕམ་ནན་སི་པེ་ལོ་སི་མཆོག་ཆུང་དུས་ནས་ཕ་མ་གཉིས་ཀྱི་ཤུགས་རྐྱེན་འོག་ཨ་རིའི་ཆབ་སྲིད་ནང་ཞུགས། ཁོང་མོ་དང་བཟའ་ཟླ་པོལ་པེ་ལོ་སི་ (Paul Pelosi) གཉིས་ལ་བྱིས་པ་ལྔ་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༡༣ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese