མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཀློད་གྲོལ་དགོས་པའི་རེ་སྐུལ་ཞུས་འདུག

བོད་ཀྱི་དུས་བབ།
༢༠༢༤/༡༢/༡༡
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་ནས་བོད་ནང་གི་ཆབ་སྲིད་བཙོན་པ་ཁག་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ཀློད་གྲོལ་དགོས་པའི་ཁར། རྒྱ་ནག་གཞུང་གིས་བཙན་བཟུང་བྱས་པའི་གྲངས་ཉུང་མི་རིགས་ཁག་གི་གཞི་རྩའི་ཐོབ་ཐང་ལ་བརྩི་འཇོག་དགོས་པའི་རེ་སྐུལ་ཞུས་འདུག

Tibetan protestors in Austria in front of Chinese Embassy on the Human Rights Day to protest against Human Rights Violations in Tibet. Photo: TibetTV.

ཁ་སང་ཕྱི་ཚེས་ ༡༠ སྟེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་བསྟུན། ཡུ་རོབ་མཐུན་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་བསྒྲགས་གཏམ་ཞིག་སྤེལ་བའི་ཁྲོད། ཕྱི་ལོ་ ༢༠༡༣ ཙམ་ནས་རྒྱ་ནག་གཞུང་གིས་བོད་མདོ་དབུས་ཁམས་གསུམ་ནང་སྔར་མེད་ཀྱི་དམ་དྲག་དང་བཙན་གནོན་བྱེད་མགོ་བཙུགས་ཡོད་ཅིང་། རྒྱ་ནག་གཞུང་གིས་དོན་མེད་ནག་ཉེས་གཡོགས་ནས་འཛིན་བཟུང་བཀག་ཉར་དང་བཙོན་འཇུག་ཁྲིམས་ཐག་བཅད་པའི་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་དང་།  བོད་ཀྱི་ཚོང་དཔོན་ཆེན་པོ་རྡོ་རྗེ་བཀྲ་ཤིས། ཨ་ཉག་སེང་སྒྲ་སོགས་གང་མགྱོགས་ཀློད་གྲོལ་གྱིས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལ་བརྩི་འཇོག་བྱེད་དགོས་པའི་རེ་སྐུལ་ཞུས་འདུག

ཁ་སང་སྤེལ་བའི་བསྒྲགས་གཏམ་ཁྲོད། ཕྱི་ལོ་ ༢༠༡༣ ཙམ་ནས་རྒྱ་ནག་གིས་དབྱེ་བགོས་བྱས་པའི་ཞིང་ཆེན་ལྔའི་ནང་གི་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཉམས་རྒུད་དུ་འགྲོ་མུས་ཡིན་པ་མ་ཟད། བོད་ནང་གི་བོད་མི་རྣམས་ལ་སྨྲ་བརྗོད་དང་། འགྲོ་སྐྱོད། འདུ་འཛོམས་ཀྱི་རང་དབང་མེད་པའི་ཁར། བོད་མི་རྣམས་ལ་ཕྱིའི་རྒྱལ་ཁབ་ཁག་ཏུ་ཕྱོགས་སྐྱོད་ཀྱི་ཐོབ་ཐང་ཀྱང་མེད་ལ། བོད་ནང་གི་བླ་ཆེན་ཁག་བོད་ནང་གི་ས་གནས་ཁག་ཏུ་ཕེབས་རྒྱུའང་དམ་དྲག་ཤུགས་ཆེན་བྱས་ཏེ། རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་གྲུབ་ཀྱི་དགོངས་པ་དང་མཐུན་དགོས་ཟེར་བཞིན་བོད་བརྒྱུད་ནང་བསྟན་དང་འབྲེལ་བའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་སྔར་ལས་ལྷག་པའི་དམ་དྲག་བྱེད་ཀྱི་ཡོད། ཅེས་གསལ་འདུག

ཡང་ང་ཚོས་མུ་མཐུད་དུ་ཆ་རྐྱེན་གང་ཡང་མེད་པའི་ཐོག་རྒྱ་ནག་གཞུང་གིས་བཙོན་འཇུག་ཁྲིམས་ཐག་བཅད་པའི་བྱ་བྲལ་རིན་པོ་ཆེ་མཆོག་དང་། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བ་དང་ལས་འགུལ་བ་ཨ་ཉག་སེང་སྒྲ། བོད་ཀྱི་རྩོམ་པ་པོ་གྲགས་ཅན་སྒོ་ཤེས་རབ་རྒྱ་མཚོ། བསམ་སྐྱིད་སྒྲོལ་མ། བོད་ཀྱི་ཚོང་དཔོན་རྡོ་རྗེ་བཀྲ་ཤིས་སོགས་གང་མགྱོགས་ཀློད་གྲོལ་དང་ཁོང་ཅག་གི་གཞི་རྩའི་ཐོབ་ཐང་ལ་བརྩི་འཇོག་དགོས་པའི་རེ་སྐུལ་ཞུ་ཡི་ཡོད། ཅེས་གསལ་འདུག་ལ། རྒྱ་ནག་གཞུང་གིས་འདི་ལོར་བཙན་གྱིས་རྭ་རྒྱ་ཤེས་རིག་ནོར་གླིང་སྒོ་རྒྱག་ཏུ་བཅུག་པ་དང་། རྒྱ་སྒྱུར་གྱི་སྲིད་ཇུས་བཏིང་ནས་བོད་ནང་གི་བཅའ་སྡོད་སློབ་གྲྭ་མང་དག་ཅིག་ཏུ་བོད་ཕྲུག་རྣམས་ཆེད་གཏོང་བྱེད་མུས་ཡིན་པའི་སེམས་འཚབ་དང་། རྒྱ་ནག་གཞུང་གིས་བཙན་འཛུལ་བྱས་པའི་གྲངས་ཉུང་མི་རིགས་ཁག་གི་ཐོབ་ཐང་ལ་སྲུང་སྐྱོབ་དང་། ཆོས་རིག་སོགས་སྦྱང་སྤྱོད་བྱ་འཇུག་དགོས་པའི་རེ་སྐུལ་ཞུས་ཡོད་སྐོར་སོགས་གསལ་འདུག

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༦ ཉིན་རྒྱ་ནག་གཞུང་གིས་བོད་ནང་གི་རྩོམ་པ་པོ་གྲགས་ཅན་སྒོ་ཤེས་རབ་རྒྱ་མཚོ་ལགས་གློ་བུར་དུ་འཛིན་བཟུང་བཙན་ཁྲིད་ནས་ལོ་གཅིག་དང་ཟླ་གཅིག་ལྷག་གི་རྗེས་སུ་བཙོན་འཇུག་ཁྲིམས་ཐག་བཅད་དེ། ད་ལྟ་ཉུང་མཐར་ཡང་ཁོང་ཉིད་བཙོན་འཇུག་བྱས་ནས་མི་ལོ་གསུམ་ལྷག་འགྲོ་མུས་ཡིན་ཞིང་། འདི་གའི་གསར་ཁང་གིས་ཕྱི་ལོ་ ༢༠༢༢ ལོར་ཁོང་ཉིད་ལ་གློ་ནད་ཕོགས་ནས་གཟུགས་གཞིའི་གནས་སྟངས་ཇེ་ཞན་དུ་འགྲོ་མུས་ཡིན་པ་ཤེས་རྟོགས་བྱུང་ནའང་། ད་ལྟ་ཁོང་གི་གཟུགས་གཞིའི་གནས་སྟངས་སོགས་ཀྱི་ཐད་གསལ་ཁ་གང་ཡང་མི་འདུག དེ་བཞིན་རྒྱ་ནག་གཞུང་གིས་བོད་འདམ་གཞུང་རྫོང་ནས་ཡིན་པའི་བོད་རིགས་བུད་མེད་སེམས་སྐྱིད་སྒྲོལ་མས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་ལོ་གཅིག་དང་ཕྱེད་ཀའི་ཁྲིམས་ཐག་བཅད་ནས། ད་ལྟ་ཉུང་མཐར་མི་ལོ་གཅིག་དང་ཟླ་གཅིག་ལྷག་འགྲོ་མུས་ཡིན་ཡང་། ཁོང་མོའི་ཞིབ་ཕྲའི་གནས་ཚུལ་ཐད་ལའང་གསལ་ཁ་གང་ཡང་མེད་པ་རེད།

དེ་བཞིན་ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༡༠ དང་༡༦། ཟླ་ ༧ ཚེས་ ༥ དང་ ༡༣། ཕྱི་ཟླ ༨ ཚེས་ ༢། ཕྱི་ཟླ་ ༨ ཚེས་ ༢༥ ། ཕྱི་ཟླ་ ༡༢ ཚེས་ ༡༣ བཅས་སུ་ལྷ་ས་འབྲིང་རིམ་མི་མང་ཁྲིམས་ཁང་གི་མདུན་སོགས་སུ་བོད་ཀྱི་ཕྱུག་བདག་ཆེན་མོ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་ཀྱིས་རྡོ་རྗེ་བཀྲ་ཤིས་ལགས་ལ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་དུ་ཁྲིམས་ཞིབ་དགོས་པའི་ཞི་བའི་འབོད་སྐུལ་ལས་འགུལ་སྤེལ་སྤེལ་ནས། འདས་པའི་ལོ་ཤས་རིང་ཉུང་མཐར་ཡང་ཨ་ཅེ་མགོན་པོ་སྐྱིད་ལགས་ཐེངས་བཅུ་ཙམ་ལ་བཙན་འཛིན་བཀག་ཉར་དང་གཅར་རྡུང་བྱས་ཡོད་ཅིང་། འདི་ལོའི་ཕྱི་ཟླ ༡༠ ནང་ལྷ་སའི་ཁྲན་ཀཱན་སྤྱི་བདེ་ཉེན་རྟོག་ཁང་ཁྲིམས་ཁང་གིས་མགོན་པོ་སྐྱིད་ཀྱི་ཞུ་གཏུག་དོན་ཚན་ལྔ་ལ་ངོས་ལེན་མ་བྱས་པར་ཁོང་མོར་གང་བྱུང་གཅར་རྡུང་བཏང་བའི་གནས་ཚུལ་སོགས་ཀྱང་རིམ་གྱིས་ཐོན་ཡོད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Volker Türk, High Commissioner for Human Rights, welcomes the journalist at the Palais Wilson. 17 October 2022. UN photo by Violaine Martin
Mobile App

གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་ནན་བརྗོད་གནང་།

ཆུ་ཚོད་ ༢ སྔོན་ལ།
མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༢ སྔོན་ལ།
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

ཆུ་ཚོད་ ༢༤ སྔོན་ལ།
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༦/༢༢
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese