མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་རྒྱུད་སྟོད་ཀྱི་ཆོས་ཐོག་དགེ་བཤེས་རྣམས་ལ་བཀའ་སློབ་བསྩལ།

བོད་ཀྱི་དུས་བབ།
༢༠༢༤/༡༢/༡༡
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་ལམ་རིམ་སྐབས་ཀྱི་སྐྱེས་བུ་གསུམ་གྱི་ལམ་གྱི་འགྲོ་སྟངས་སོ་སོའི་རྒྱུད་ལ་སྦྱར་ནས་ཉམས་ལེན་བྱེད་ཐུབ་ཚེ་མི་ལུས་ཐོབ་པའི་གོ་ཆོད་པ་རེད་ཅེས་གསུངས།

༧གོང་ས་མཆོག་གིས་རྒྱུད་སྟོད་ཀྱི་ཆོས་ཐོག་དགེ་བཤེས་རྣམས་ལ་བཀའ་སློབ་བསྩལ། དགའ་ལྡན་ཕོ་བྲང་གི་པར། ༢༠༢༤།༡༢།༡༡

དེ་རིང་ཕྱི་ཚེས་ ༡༡ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱུད་སྟོད་གྲྭ་ཚང་དུ་ཆོས་ཐོག་འགྲིམ་བཞིན་པའི་དགེ་བཤེས་གྲངས་ ༡༠༧ ལ་མཇལ་ཁ་དང་བཀའ་སློབ་གནང་སྐབས། ཆོས་ལུགས་རིས་མེད་ཐོག་གུས་ཞབས་བྱེད་པའི་བློ་སྤོབས་དགོས། ངོས་རང་ལ་ཆ་བཞག་ན་ནང་པའི་དགེ་སློང་ཞིག་རེད། རྒྱ་གར་གཞུང་ནས་ངོས་ལ་མཐོང་དང་ཡིད་ཆེས་ཧ་ཅང་ཡག་པོ་བྱེད་ཀྱི་འདུག ང་ཚོ་རྒྱ་གར་དུ་བསྡད་ནས་རིས་སུ་མ་ཆད་པའི་ཆོས་ལ་བློ་ཁོག་ཆེན་པོས་བཤད་ཐུབ་པ་དང་། སློབ་སྦྱོང་བྱས་པ་དེ་ལག་ལེན་གྱིས་བསྐྱེད་དེ་བསླབ་པ་གསུམ་གྱི་ཉམས་ལེན་ཡག་པོ་བྱེད་དགོས། ལམ་རིམ་གྱི་སྐབས་སུ་སྐྱེས་བུ་གསུམ་གྱི་ལམ་གྱི་འགྲོ་སྟངས་ལ་དོ་སྣང་ཡག་པོ་བྱས། དེ་ནས་སོ་སོའི་རྒྱུད་ལ་སྦྱར་ཏེ་བསླབ་པ་བྱས་ཚེ། མི་ལུས་ཐོབ་པའི་གོ་ཆོད་པ་རེད། ངོས་རང་ལ་ཆ་བཞག་ན་ཟི་ལིང་ནས་ཡོང་བ་རེད། གཙོ་བོ་ཡོངས་འཛིན་དམ་པ་གཉིས་ཀྱི་ཞབས་ལ་གཏུགས་ཏེ་ལམ་རིམ་ལ་རྒྱུས་ཡོད་ཆགས་ཡོད། རྒྱུས་ཡོད་པ་དེ་ཉིན་རེ་བཞིན་དུ་ཞོགས་པ་ཡར་ལངས་པ་དང་ལམ་རིམ་ཆ་ཚང་སྒོམ་བཞིན་ཡོད། དེས་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་གི་འདུག ཅེས་གསུངས་སོང་།

ཡང་༧གོང་ས་མཆོག་གིས། ལམ་རིམ་གྱི་བསམ་བློ་ཅུང་ཙམ་བཏང་ཡོང་དུས། རྐྱེན་ངན་གྲོགས་ལ་ཤར་བ་དང་། རྐྱེན་ངན་ཁོང་ཁྲོ་དང་ང་རྒྱལ་སོགས་འདྲ་མིན་སྐྱེས་རྒྱུ་མེད་པ་བྱེད་དགོས། ཁོང་ཁྲོ་སྐྱེས་བའི་དུས་སུ་ཁོང་ཁྲོ་སྐྱེ་སའི་ཡུལ་དུ་བརྩེ་བ་དང་སྙིང་རྗེ་སྒོམ་པར་ཧ་ཅང་ཡག་པོ་འདུག ཤེས་བཞིན་དུ་ཁོང་ཁྲོ་ལངས་བའི་སྐབས་སུ་བཟོད་པའི་ཉམས་ལེན་བྱེད་དགོས། ཁོང་ཁྲོ་སློང་མཁན་ཞིག་མེད་པ་ཡིན་ན་བཟོད་པ་སྒོམ་རྒྱུ་ཡོང་གི་མ་རེད། ཁོང་ཁྲོ་སློང་མཁན་བཟོད་པ་སྒོམ་པའི་རྟེན་དང་གྲོགས་ཆགས་འདུག  བར་སྐབས་རྒྱ་མིས་ང་ཚོ་བོད་པར་སྡུག་པོ་བཏང་ཡོང་དུས། ཁོང་ཁྲོ་ཟ་བསྡད་ཚེ་ཞེ་སྡང་སྐྱེས་པ་མ་གཏོགས་གང་ཡང་ཡོང་རྒྱུ་མི་འདུག ཆོས་གྲོགས་ཚོས་ཀྱང་སྙིང་རྗེ་སྒོམ་དང་། བཟོད་པའི་བློ་སྐྱེས་ཡོང་དུས། སོ་སོའི་བློ་ལ་ཞི་བདེ་བསླེབས་པ་དང་། རིམ་བཞིན་སོ་སོའི་ངོ་ཤེས་ཚོའང་སེམས་ཀྱི་ཞི་བདེ་བསྒྲུབ་རྒྱུ་བཤད་དུས། མི་ལ་ཕན་ཐོགས་ཡོང་གི་འདུག གཞན་གང་ཡང་མི་འདུག བཀྲ་ཤིས་བདེ་ལེགས། ཞེས་གསུངས་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

བོད་མི་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད་གང་ཐུབ་གནང་རྒྱུ་ཡིན་པ་བསྐྱར་ནན་གསུངས།

སྐར་མ ༡༦ སྔོན་ལ།
རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་པའི་དཔེ་དེབ་དབུ་འབྱེད། པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༦།༡༢
Mobile App

ང་ཚོས་རྒྱ་ནག་གི་དྲག་གནོན་ལ་འཚེ་མེད་ཞི་བའི་ཐོག་ནས་ཁ་གཏད་བཅག་པ་ནི་རྗེས་དྲན་བྱ་འོས་པ་ཞིག་ཡིན།

༢༠༢༦/༠༦/༡༢
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་སྔོན་འགྲོའི་ཉན་ཞིབ་ཚོགས་པ་དང་འབྲེལ་བའི་ཐག་གཅོད་གནང་སྐབས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་པར།
Mobile App

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢
བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་ལ་མཆོད་འབུལ་སྨོན་ལམ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༦།༡༢
Mobile App

བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་འདས་གྲོངས་སུ་གྱུར།

༢༠༢༦/༠༦/༡༢
Front Slider

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞབས་པུས་སྨན་བཅོས་ལེགས་གྲུབ་བྱུང་བའི་གསལ་བསྒྲགས། ༢༠༢༦།༦།༡༢ བོད་ཀྱི་དུས་བབ་གསར་ཁང་གིས་སྐུ་པར་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

༧སྐུའི་ཞབས་པུས་གཤག་བཅོས་ལེགས་གྲུབ་དང་སྐུ་གཟུགས་གསལ་ཐང་ཡིན་འདུག

༢༠༢༦/༠༦/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese